རལ་གྲི། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

རལ་གྲི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(མཆོད་ཆས། )

རལ་གྲི།
རལ་གྲི་ཞེས་པ་སྔ་དུས་ཀྱི་མཚོན་ཆ་ཞིག་སྟེ། མིང་གི་རྣམ་གྲངས་ལ་སྐེད་གྲི་དང་། གྲི་ཐུང་། གྲི་རིང་། གཅོད་བྱེད། རྗེས་སུ་གཅོད། འདེགས་བྱེད། རྡེག་ཆ། དཔལ་གྱི་སྙིང་པོ། ལག་སྐྱོང་། ལག་ཆ། ལག་སྲུང་། ཤང་ལང་བཅས་ཡིན་པར་ཚིག་མཛོད་ཆེན་པོ་ལས་གསུངས་པ་དང་དག་ཡིག་གསར་བསྒྲིགས་ལས། ཕྱོགས་གཉིས་ཀ་རྣོ་བའི་གྲིའི་མིང་། ཞེས་གསུངས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
ཕྱི་ཡིག་གི་མིང་།
sword
1 ངོ་སྤྲོད།

རལ་གྲི་ཞེས་པ་སྔ་དུས་ཀྱི་མཚོན་ཆ་ཞིག་སྟེ། མིང་གི་རྣམ་གྲངས་ལ་སྐེད་གྲི་དང་།  གྲི་ཐུང་།  གྲི་རིང་།  གཅོད་བྱེད།  རྗེས་སུ་གཅོད།  འདེགས་བྱེད།  རྡེག་ཆ།  དཔལ་གྱི་སྙིང་པོ།  ལག་སྐྱོང་།  ལག་ཆ། ལག་སྲུང་།  ཤང་ལང་བཅས་ཡིན་པར་ཚིག་མཛོད་ཆེན་པོ་ལས་གསུངས་པ་དང་དག་ཡིག་གསར་བསྒྲིགས་ལས།  ཕྱོགས་གཉིས་ཀ་རྣོ་བའི་གྲིའི་མིང་།  ཞེས་གསུངས་པ་དང་།  འདི་ལ་སྔགས་ཆས་རྣམ་བཤད་ལས།  སྤྱིར་རལ་གྲི་འདི་སྔགས་ཀྱི་རྒྱུད་སྡེ་མཐའ་དག་ལས་མ་བསྟན་པ་མེད་པ་ལྟ་བུ་ཡིན་ཞིང་ལྷའི་ཕྱག་མཚན་གྱི་གྲས་སུ་རྒྱུད་རེ་རེ་ལས་ཡང་ཡང་བྱུང་པ་ལྟ་བུ་ཡིན། རྙིང་མ་དག་ལ་སྨད་ལས་ཀྱི་སྒྲོལ་ཆས་སུ་དངོས་སུ་སྤྱོད་པའི་ཕྱག་བཞེས་ཀྱང་མཆིས། གཞན་ཆོས་སྐྱོང་འགའི་བླ་རྡོ་བཅའ་ཐབས་སུ་ཡང་རལ་གྲི་དགོས་པར་བཤད་པ་ཡང་མང་པོ་ཡོད། དཔེར་ན། མཁའ་འགྲོ་མ་མེ་ལྕེ་འབར་མའི་རྒྱུད་ལས། མི་གསོད་མཚོན་གྱི་རལ་གྲི་སོར་བརྒྱད་པ། ཡུ་བ་མ་བྲིས་དཀྱིལ་འཁོར་དབུས་སུ་གཟུགས། ཞེས་དཔལ་ལྡན་ལྷ་མོ་རེ་མ་ཏིའི་རྟེན་དུ་གྲི་ལྕགས་ཀྱི་རལ་གྲི་སོར་བརྒྱད་པ་ཡུ་བ་ལ་པད་ཉིའི་སྟེང་དུ་པདྨ་རཀྟས་མ་ཡིག་བྲིས་པ་ཞིག་དགོས་པར་བཤད་པ་ལྟ་བུའོ། །

འདིར་ཐུན་མོང་གི་དངོས་གྲུབ་རལ་གྲི་བསྒྲུབ་པའི་རྟེན་གྱི་རལ་གྲི་ནི། རྒྱུ་རྣོ་ཁབ་ལེན་དང་། ལྕགས་དང་། ཤིང་ལས་བྱས་པའི་རལ་གྲི་ཚད་སོར་བཞི་པ་དང་། སོར་བརྒྱད་པ་དང་། སོར་བཅུ་གཉིས་པ་དང་། ཁྲུ་གང་བ་གང་རུང་དྲང་ཞིང་རྣོ་བ་དང་། གས་ཆག་མེད་པ་ཞིག་དགོས་པ་ཡིན་ཏེ། གཤིན་རྗེ་གཤེད་དམར་ལས། ཁབ་ལེན་ལྕགས་ཀྱི་རལ་གྲི་ཉིད། །དེ་རྣམས་ཡང་ན་བཅུད་ཅན་གྱི། །རལ་གྲི་ཁྲུ་གང་ཚད་བཅས་ཚད། །ཅེས་དང་། གཤིན་རྗེ་གཤེད་ནག་ལས། ཀན་ཏའི་ལྕགས་ཀྱི་རལ་གྲི་ནི། །ལས་ཀྱི་སྦྱོར་བ་བསྒྲུབ་པར་བྱ། །ལས་ཀྱི་རྡོ་རྗེ་སྦྱོར་བ་ཡི། །ལས་ཀྱི་རལ་གྲི་རབ་འགྲུབ་འགྱུར། །ཞེས་དང་། མི་གཡོ་བའི་རྟོག་པའི་རྒྱུད་ལས། རལ་གྲིའི་ཆོ་ག་བཞིན་བྱ་བ། །ཆག་གས་མེད་པ་སོར་བཞི་པ། །མཐེའུ་ཆུང་སོར་གཉིས་དང་བཅས་པ། །སྒྲུབ་པའི་རང་བཞིན་ཤིང་ལས་བྱས། །ལྟེ་བ་རྣམ་པ་སྣ་ཚོགས་བྲི། །ཞེས་དང་། རྡོར་སེམས་སྒྱུ་འཕྲུལ་མེ་ལོང་ལས། ལྕགས་སྣ་བདུན་ལས་བཅུ་གཉིས་ཚད། །རལ་གྲི་སྙིང་པོར་བཅས་པ་ལ། །ཞེས་གསུངས་པའི་ཕྱིར་རོ། །

རལ་གྲི་གྲུབ་པའི་རྟགས་ལ་ནི་གྲི་དེ་ལས་མེ་འབར་ཞིང་འོད་ཟེར་ཁ་དོག་ལྔ་འཕྲོ་བ་དང་། གློག་འཁྱུག་པ་རྣམས་ཀྱི་རྟགས་འབྱུང་། ནུས་པ་ནི་གཞན་ལས་རྣམ་པར་རྒྱལ་པ་ཡིན་ཏེ། གཤིན་རྗེ་གཤེད་ནག་ལས། གྲུབ་ན་རལ་གྲི་རབ་ཏུ་འབར། །འོད་ཟེར་ལྔ་ཡི་གློག་ཆེན་འཁྱུག །གྲུབ་པ་དེ་ནི་བཟུང་གྱུར་པས། །མི་རྣམས་ཁམས་གསུམ་ལས་རྒྱལ་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-05

གསར་སྤེལ་མཁན། :ལོ་མི་ཆུང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།