བྱ་ཁྱུང་དགོན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བྱ་ཁྱུང་དགོན།
བྱང་གི་དགོན་ཆེན་བཞིའི་ཡ་གྱལ་དགེ་ལྡན་བསྟན་པའི་མ་དགོན་བྱ་ཁྱུང་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་ནི། མདོ་སྨད་ཙོང་ཁ་བདེ་ཁམས་ཀྱི་ས་འཛིན་ཙོང་ལ་རིང་མོར་ཉིན་སྲིབ་ཀྱིས་ཕྱེ་བའི་ཡུལ་ཁམས་ལ་ལྷོ་བྱང་གི་ཆ་གཉིས་ལས། ལྷོ་ཕྱོགས་ཀྱི་ཆར་རྨ་ཀླུང་དལ་གྱིས་འབབ་པའི་ཉེ་འགྲམ། ད་ལྟ་ཧྭ་ལུང་རྫོང་ཁོངས་ཀྱི་བྲག་ཁྱུང་ཞེས་པའི་སར། རྗེ་ཙོང་ཁ་པའི་ཡོངས་འཛིན་ཤར་ཕྱོགས་རིགས་པའི་དཔའ་བོ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས(སྤྱི་ལོ1309ལོ་ནས་སྤྱི་ལོ1385 )བོད་རབ་བྱུང་དྲུག་པའི་བགྲང་བྱ་ཉེར་གསུམ་པ་སྤྱི་ལོ1349ས་གླང་ལོར་བཏབ་ཅིང་། ད་ལྟའི་བར་ལོ་དྲུག་བརྒྱ་བཞི་བཅུ་ལྷག་ཕྱིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
夏琼寺
མཚན་རྒྱས་པ།
བྱ་ཁྱུང་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་།
ཕྱག་བཏབ་ལོ།
སྤྱི་ལོ1349ལོར།
ཕྱག་འདེབས་མཁན།
དོན་གྲུབ་རིན་ཆེན།
ཆགས་ཡུལ།
མཚོ་སྔོན་ཞིང་ཆེན་དཔའ་ལུང་རྫོང་གི་ཚ་ཕུག་ཡུལ་ཚོའི་ལྷོ་ཕྱོགས་སུ་སྤྱི་ལེ་བཅུའི་མཚམས་ཀྱི་བྱ་ཁྱུང་རི་བོའི་སྟེང་དུ་ཆགས་ཡོད།
གྲུབ་མཐའ།
དགེ་ལུགས་པ།
རྟེན་གཙོ་བོ།
ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་སྐུ་གདུང་དང་རྗེ་ཙོང་ཁ་པའི་གཟིམ་སྤྱིལ།
གྲྭ་ཚང་།
དུས་འཁོར་གྲྭ་ཚང་། རྒྱུད་པ་གྲྭ་ཚང་། སྨན་པ་གྲྭ་ཚང་། མཚན་ཉིད་གྲྭ་ཚང་།
ཁོངས་གཏོགས།
བྱང་གི་དགོན་ཆེན་བཞིའི་ཡ་གྱལ།
1 ​ངོ་སྤྲོད།

བྱ་ཁྱུང་དགོན་པ་ནི་མཚོ་སྔོན་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཟི་ལིང་ནས་ལྷོ་ཕྱོགས་སུ་སྤྱི་ལེ126གི་མཚམས་སུ་ཡོད། ད་ལྟ་སྲིད་འཛིན་གྱི་དབང་དུ་བྱས་ན་དཔའ་ལུང་རྫོང་གི་ཁོངས་ཏེ། ཙོང་ལ་རིང་མོའི་ཉིན་ཕྱོགས་སུ་ཆགས་ཡོད། བྱ་ཁྱུང་དགོན་པ་ནི་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་སྤྱི་ལོ1349ལོར་ཐོག་མར་ཕྱག་བཏབ་པ་ཡིན། ཐོག་མར་ཕྱག་འདེབས་སྐབས་མགོན་ཁང་ཆེན་མོ་དང་། ལྷ་ཁང་ཆེན་མོ་སོགས་བཞེངས། 

གདན་ས་དམ་པ་འདི་ནི་མཉམ་མེད་ཙོང་ཁ་པ་ཆེན་པོ་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་བསླབ་པ་བཞེས་པའི་བྱིན་རླབས་ཀྱི་གནས་ཆེན།  ལུང་རིགས་སྨྲ་བའི་སེང་ཆེན་སྲབ་མེད་དུ་འཕྱོ་བའི་ཆོས་ཀྱི་དོ་ར།  འདོད་ཆུང་ཆོག་ཤེས་ཀྱི་རྒྱན་དང་ལྡན་པའི་འདུལ་འཛིན་གསེར་རིའི་ཕྲེང་བ་རིམ་བྱོན་གྱི་བསྟི་གནས། དགེ་ལྡན་བསྟན་པའི་མ་དགོན་དང་དགེ་ལྡན་པའི་ཆུ་མགོ་ཞེས་གཟུར་གནས་མཁས་པ་ཡོངས་ཀྱིས་མགྲིན་གཅིག་ཏུ་བསྔགས་པར་མཛད་པའི་གནས་ཡིན་པས།  དད་ལྡན་མང་ཚོགས་ཀྱིས་ཆོས་མཇལ་ཞུ་ས་དང་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་པ་རྣམས་ཀྱིས་ལྟ་སྐོར་བྱེད་ས་ཞིག་ཏུ་གྱུར་ཡོད།

2 རྟེན་གཙོ་བོ།

ཆོས་སྡེ་འདིའི་རྟེན་གཙོ་བོར་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་སྐུ་གདུང་བཞུགས་པའི་གསེར་གདུང་ཆེན་མོ་དང་། རྗེ་ཙོང་ཁ་པའི་གཟིམ་སྤྱིལ། ཨ་ར་པ་ཙའི་སྒྲུབ་ཁང་། ཆོས་རྗེ་ཉིད་ཀྱིས་བཞེངས་པའི་ལྷ་ཁང་ཆེན་མོ། དགོན་པའི་གཡས་གཡོན་དུ་ཉི་ཟླའི་རྣ་ཆ་ལྟ་བུར་བྱིན་ཆགས་པའི་གསང་ཆེན་རྒྱུད་པ་གྲྭ་ཚང་དང་དུས་འཁོར་གྲྭ་ཚང་གི་འདུ་ཁང་གཉིས་དང་། རྒྱལ་བའི་གསུང་རབ་པར་དུ་འདེབས་པའི་པར་ཁང་ཆེན་མོ་སོགས་ཡོད།    

གསུང་རྟེན།
      སྡེ་དགེ་བཀའ་འགྱུར། སྣར་ཐང་བསྟན་འགྱུར། སྟག་ཚང་ལོ་ཙཱ་བའི་ཐུགས་དམ་ཡུམ། ཅོ་ནེའི་བཀའ་འགྱུར། གཞན་ཡང་མདོ་སྔགས་རིག་གནས།མཚན་ཉིད་ཡིག་ཆ། རྒྱན་འཇུག་མཛོད་རྩ། རྗེའི་གསུང་འབུམ། མཛོད་འདུལ་ཕར་ཕྱིན། དྲང་ངེས་བློ་རྟགས་སོགས་པོ་ཏི་སྟོང་ཕྲག་ལས་བརྒལ་བ་བཞུགས་ཤིང་།
            ཐུགས་རྟེན། 
      ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་སྐུ་ནང་རྟེན་དུ་བཞུགས་པའི་མཆོད་རྟེན་ཆེན་མོ། སངས་རྒྱས་འཁོར་བ་འཇིག་གི་ཚེམས་བཞུགས་པར་གྲགས་པའི་ཙན་དན་གྱི་མཆོད་རྟེན་གཉིས། ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོའི་ཚེམས་སྙིང་བོར་བཞུགས་པའི་རྣམ་རྒྱལ་མཆོད་རྟེན། བདེ་ཁང་བའི་སྐུ་གདུང་མཆོད་རྟེན་སོགས་ཐུགས་རྟེན་ཆེ་ཆུང་བཅུ་ཕྲག་ལྷག་ཡོད།

3 གྲྭ་ཚང་།

ཆོས་སྡེ་འདིར་དགོན་མ་ལག་ཉི་ཤུ་རྩ་ལྔ་ཡོད་པར་གསུངས་ལ། དུས་འཁོར་གྲྭ་ཚང་། རྒྱུད་པ་གྲྭ་ཚང་། སྨན་པ་གྲྭ་ཚང་། མཚན་ཉིད་གྲྭ་ཚང་བཅས་གྲྭ་ཚང་བཞི། གཞན་ཡང་གསེར་གདུང་ཆེན་མོའི་ལྷ་ཁང་། ལྷ་ཁང་ཆེན་མོ། གསེར་གདུང་ཆུང་ངུའི་ལྷ་ཁང་། འདུ་ཁང་ཆེན་མོ། ཨ་ར་པ་ཙའི་སྒྲུབ་ཁང་ངམ་འཇམ་དབྱངས་སྒྲུབ་ཁང་། དཔར་ཁང་ཆེན་མོ། སྒར་ཆེན་བཞི་སོགས་ཐོག་ཁར་རྒྱ་ཕིབས་དང་རི་དྭགས་ཆོས་འཁོར་གྱིས་མཛེས་པའི་གཙུག་ལག་ཁང་མང་བོ་ཡོད། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:4  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-07-31

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།