ཡོངས་འཛིན་རིག་མཛོད། >སྤྱི་ཚོགས། >ཁྲིམས་ལུགས། >གཞན་དག

རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པས་བསྩལ་བའི་དགོན་པའི་བཅའ་ཡིག་བླང་དོར་རྣམ་གསལ།

བོད་རབ་བྱུང་བཅུ་དྲུག་པ་དཀར་པོ་ཞེས་པའི་ས་མོ་སྦྲུལ་གྱི་ལོ་སྤྱི་ལོ1929པར་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པས་བསྩལ་བའི་དགོན་པའི་བཅའ་ཡིག་བླང་དོར་རྣམ་གསལ།

རིགས་དབྱེ།  

བཀའ་ཤག་གི་ལས་ཚན་ནང་མའི་རྩ་ཚིག

བོད་རབ་བྱུང་བཅོ་ལྔ་པའི་སྒྱུར་བྱེད་ཅེས་པའི་ས་མོ་ཕག་གི་ལོ་སྤྱི་ལོ1899ལོར་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པས་གནང་བའི་བཀའ་ཤག་གི་ལས་ཚན་ནང་མ་ཁག་ཡོངས་ཀྱི་ཉམས་ལེན་ཞུ་སྒོའི་རྩ་ཚིག

རིགས་དབྱེ།  

བླང་དོར་གསལ་བར་སྟོན་པའི་དྲང་ཐིག་དྭངས་ཤེལ་མེ་ལོང་།

དེ་ནི་བོད་རབ་བྱུང་བཅུ་གཅིག་པའི་ས་ལུག(1679)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་སྐབས་དེའི་སྡེ་སྲིད་སངས་རྒྱས་རྒྱ་མཚོར་བཀའ་བཏང་ནས་གཏན་འབེབས་བྱས་པའི་ཁྲིམས་ཡིག་ཅིག་ཡིན་ཞིང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་སྔར་གྱི《ཁྲིམས་ཡིག་ཞལ་ལྕེ་བཅུ་དྲུག》ཕྱོགས་བསྡུས་ཀྱིས་མ་ཡིག་ལ་དག་བཅོས་དང་ཁ་གསབ་གནང་བ་མ་ཟད། དོན་ཚན་རེ་འགར་ཚིག་འགྲེལ་དང་གྱོད་གཞི་འགའ་ཤས་ཀྱི་འདྲི་ཞིབ་དང་ཐག་གཅོད་བྱེད་ཐབས་སྐོར་ཡིག་ཐོག་ཏུ་བཀོད་ནས་དེ་དག་ཅུང་ཆ་ཚང་བའི་ཁྲིམས་ཡིག་ཅིག་ཏུ་གྱུར་ཡོད།

རིགས་དབྱེ།  

རྩེ་སློབ་གྲྭ་བ་རྣམས་ཀྱི་སྤང་བླང་གི་རིམ་པ་ཁྲིམས་སུ་བཅའ་བ་དལ་འགྲོ་རྒྱུན་བཟང་།

བོད་རབ་བྱུང་བཅུ་དྲུག་པའི་ཨངྒེར་ཞེས་པའི་ཆུ་ཕོ་སྦྲེལ་གྱི་ལོ་སྤྱི་ལོ1932པར་ཤཱཀྱའི་དགེ་སློང་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོ་འཇིགས་བྲལ་དབང་ཕྱུག་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེས་མཛད་པའི་རྩེ་སློབ་གྲྭ་བ་རྣམས་ཀྱི་སྤང་བླང་གི་རིམ་པ་ཁྲིམས་སུ་བཅའ་བ་དལ་འགྲོ་རྒྱུན་བཟང་།

རིགས་དབྱེ།  

རི་དྭགས་རྒྱག་པའི་སྐོར་གྱི་ཁྲིམས་ཡིག

ཏུན་ཧོང་གཏེར་ཡིག(P.T.1071)ནས་ཐོན་པའི་ཁྲིམས་ཡིག་ལས་རི་དྭགས་རྒྱག་པའི་སྐོར་གྱི་ཁྲིམས་ཡིག

རིགས་དབྱེ།  

འཛམ་གླིང་དུ་གཅོད་ཉིན་མོ།

དུ་རྩྭ་ལ་ཆགས་པ་ནི་དལ་གཤིས་ནད་ཡམས་ཀྱི་རིགས་ཤིག་ཡིན་ལ། དུ་རྩྭའི་གནོད་པ་ནི་འཛམ་གླིང་སྟེང་ཆེས་ཚབས་ཆེ་བའི་ཐུན་མོང་འཕྲོད་བསྟེན་གྱི་རིགས་ཤིག་ཡིན། ཐ་མག་འཐེན་པ་དང་དུ་བ་ཉིས་བརྒྱུད་ཀྱིས་མིའི་རིགས་ཀྱི་བདེ་ཐང་ལ་གནོད་པ་ཆེན་པོ་ཐེབས་ཀྱིན་ཡོད། སྤྱི་ལོ1987ལོའི་ཟླ11པར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉི་ཧོང་གི་རྒྱལ་ས་ཏུང་ཅིན་ནས་སྐབས་དྲུག་པའི་ཐ་མག་དང་བདེ་ཐང་གི་རྒྱལ་སྤྱིའི་ཚོགས་འདུའི་སྟེང་ལོ་རེའི་ཟླ4བའི་ཚེས7ཉིན་འཛམ་གླིང་དུ་གཅོད་ཉིན་མོར་འོས་སྦྱོར་བྱས་པར་མ་ཟད། སྤྱི་ལོ1988ལོ་ནས་ལག་བསྟར་བྱས། སྤྱི་ལོ1989ལོར། འཛམ་གླིང་དུ་གཅོད་ཉིན་མོ་ལོ་རེའི་ཟླ5བའི་ཚེས31ཉིན་དུ་བཅོས་ལ། རྒྱུ་མཚན་ནི་ཉིན་གཉིས་པར་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ཡིན་སྟབས་མི་རབས་རྗེས་མར་ཐ་མག་གི་གནོད་པ་མི་ཕོག་པའི་ཆེད་དུ་ཡིན།

རིགས་དབྱེ།  

སྤྱོད་བཟང་རྒྱལ་སྐྱོང་།

དམངས་ཡོངས་ཀྱིས་གཅིག་གྱུར་ངང་མོས་མཐུན་བྱེད་པ་དང་རང་འགུལ་ངང་བརྩི་སྲུང་བྱེད་དགོས་པའི་སྤྱོད་བཟང་ལ་བརྟེན་ནས་རྒྱལ་སྐྱོང་བྱེད་པའི་བྱ་སྤྱོད་ཀྱི་ཚད་གཞི་ཡིན།

རིགས་དབྱེ།  

རྩིས་གཞིའི་ལམ་ལུགས།

བདམས་ཟིན་པའི་ཚོ་ཆུང་གི་རྩ་བའི་འཇལ་བྱེད་དང་། མཚན་ཉིད་མཉམ་བྱའི་ཚུལ་དང་བསྡུར་ཚད་རྐྱེན་གྲངས་ཀྱིས་གཏན་འབེབས་བྱས་ཏེ་ཕྱིར་འདྲེན་རྩིས་གཞི་ལས་གྲུབ་པའི་ཆ་ཚང་གི་རྩིས་གཞིའི་ལམ་ལུགས་ལས་གཞན། སྤྱི་ཚོགས་རིག་པའི་ཟུར་ཚད་འོག་གི་རྩིས་གཞིའི་ལམ་ལུགས་ཞིབ་འཇུག་ལ་གོ། །

རིགས་དབྱེ།  

ཁྱིམ་གཅིག་ལུགས་གཉིས།

སྤྱིར་བཏང་དུ་དེ་ནི་ཁྱིམ་ཚང་གཅིག་ནང་ལམ་ལུགས་གཉིས་ཡོད་པ་སྟེ། ཁྱིམ་ཚང་ནང་མཐུན་སྒྲིལ་མེད་པ་དང་། ཁྱིམ་ཚང་གི་ཁོངས་མིས་རང་ཉིད་ཁོ་ནའི་དོན་དུ་བསམ་བློ་གཏོང་པ་ལ་ཟེར།

རིགས་དབྱེ།  

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བཅོས་བསྒྱུར།

བཅོས་བསྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་། ཀྲུང་གོས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཞུང་གི་སྒྲིག་གཞི་བཅོས་བསྒྱུར་ཐེངས8བྱས་པ་དང་། སྲིད་འཛིན་གྱི་མ་གནས་ཆུང་དུ་གཏོང་གང་ཐུབ་དང་། སྲིད་འཛིན་གྱི་ལས་ཆོད་ཆེ་རུ་གཏོང་གང་ཐུབ་བྱས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཁག་སྤྱི་ལོ1982ལོར་བརྒྱ་ཆའི100ནས་སྤྱི་ལོ2018ལོའི་བརྒྱ་ཆའི26བར་ཉུང་དུ་བཏང་ཡོད།

རིགས་དབྱེ།  

མི་རིགས་མཐུན་སྒྲིལ།(民族团结)

མི་རིགས་མཐུན་སྒྲིལ་ནི་མི་རིགས་སོ་སོའི་བར་གྱི་མཐུན་སྒྲིལ་དང་མི་རིགས་སོ་སོའི་ནང་ཁུལ་གྱི་མཐུན་སྒྲིལ་ཡིན། ཀྲུང་གོའི་གུང་ཁྲན་ཏང་གིས་མི་རིགས་འབྲེལ་བའི་གནད་དོན་ཐག་གཅོད་བྱེད་པའི་ཚད་གཞི་ཞིག་ཡིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དོན་ཚན4པའི་ནང“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ཁག་ཚང་མ་འདྲ་མཉམ་ཡིན། རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཁག་གི་ཁྲིམས་མཐུན་ཁེ་དབང་དང་ཁེ་ཕན་འགན་སྲུང་། མི་རིགས་ཁག་གི་འདྲ་མཉམ་དང་འཆམ་མཐུན་གྱི་འབྲེལ་བ་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་རྒྱུ། མི་རིགས་གང་ཞིག་ལའང་མཐོང་ཆུང་དང་གཉའ་གནོན་བྱེད་པ་གཏན་འགོག་དང་། མི་རིགས་མཐུན་སྒྲིལ་གཏོར་བཤིག་གཏོང་བ་དང་མི་རིགས་ཁ་ཕྲལ་བའི་བྱ་སྤྱོད་གཏན་འགོག་བྱ་དགོས། མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་ཡོང་བའི་སྔོན་འགྲོ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བའི་རྨང་གཞི་ཡིན་པས། ངེས་པར་དུ་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱ་དགོས། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པར་མི་རིགས་ཆེན་པོའི་རིང་ལུགས་ལ་ངོ་རྒོལ་བྱ་དགོས་ལ། ས་གནས་མི་རིགས་རིང་ལུགས་ལའང་ངོ་རྒོལ་བྱ་དགོས། མི་རིགས་སྲིད་ཇུས་དོན་འཁྱོལ་ནན་ཏན་དང་དངོས་ཡོད་ཁྲོད་གནས་པའི་གནད་དོན་ཐག་གཅོད་ནན་ཏན་བྱ་དགོས་ལ། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ་དང་མི་རིགས་ཁ་ཕྲལ་གཏོང་བར་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་མེས་རྒྱལ་ཁ་ཕྲལ་གཏོང་བའི་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་དང་བཀག་སྡོམ་བྱ་དགོས།

རིགས་དབྱེ།  

ཕྱི་ཚུལ་རིང་ལུགས།

ཕྱི་ཚུལ་རིང་ལུགས། དེའི་དཔེ་མཚོན་གྱི་ཁྱད་ཆོས་ནི་དངོས་ཡོད་ཀྱི་འཚོ་བ་དང་ཁ་བྲལ་ནས་མཛེས་དཔྱོད་བྱེད་སྒོའི་རང་ཚུགས་རང་བཞིན་དང་སྒྱུ་རྩལ་གྱི་རྣམ་པ་བལྟོས་མེད་ཅན་དུ་འགྱུར་བ་ནན་བཤད་བྱས་པ་དང་། རྣམ་པ་ཙམ་གྱིས་ནང་དོན་ཐག་གཅོད་པ་ལས་ནང་དོན་གྱིས་རྣམ་པ་ཐག་གཅོད་པ་མིན། དུས་རབས20པའི་དུས་འགོར་གྲུབ་ཅིང་། ཨུ་རུ་སུའི་ཕྱི་ཚུལ་རིང་ལུགས་ཀྱི་གྲུབ་མཐའ་ནི་མཚོན་བྱེད་རང་བཞིན་ཆེ་ཤོས་ཡིན་པ་དང་། དེའི་མཚོན་བྱེད་མི་སྣ་ནི་ཧྲི་ཁེ་ལོ་ཧྥུ་སི་ཅི་དང་། ཡ་ཁོ་པུའུ་སུང་། དེ་བཞིན་དབྱིན་ཇིའི་ཧྥུ་ལའེ་དང་པེར་བཅས་རེད། སྤྱི་ལོ2019ལོའི་ཟླ3པར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཁང་གིས《ཕྱི་ཚུལ་རིང་ལུགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཏང་ནས་སྤྱི་ལོ2019ལོ་དེ“གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལོར”བརྩི་རྒྱུ་ཁ་གསལ་བཏོན་ཏེ་རྒྱ་ཆེའི་གཞི་རིམ་ལས་བྱེད་པའི་དོ་ཁུར་ལ་ཨ་ལན་སློག་པ་དང་ཚང་མས་དངོས་སྒྲུབ་ལ་བརྩི་མཐོང་དང་འགན་འཁྲི་འཁུར་རྒྱུར་སྐུལ་ལྕག་བྱས་པ་རེད།

རིགས་དབྱེ།  

རྒྱལ་ཡོངས་རྩ་འཛུགས་པུའུ་ཀྲང་གྲོས་ཚོགས།

རྒྱལ་ཡོངས་རྩ་འཛུགས་པུའུ་ཀྲང་གྲོས་ཚོགས་ཚེས་བཅོ་བརྒྱད་ཉིན་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་རིམ་ཁག་ཏང་ཨུད་དང་རྩ་འཛུགས་སྡེ་ཚན་གྱིས་ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་བ། ལྔ་བ། དྲུག་པ་བཅས་དང་དེ་བཞིན་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་བཏང་། སྒྱུར་བཅོས་གསར་གཏོད་དང་། དམ་པ་དོན་གཉེར། རྩ་འཛུགས་ཀྱི་ལས་དོན་མཐའ་འཁྱོངས་བཅས་བྱས་ཏེ་ཏང་འཛུགས་སྐྱོང་དང་རྩ་འཛུགས་ཀྱི་ལས་དོན་དེ་བས་ཏན་ཏིག་དང་དེ་བས་ལེགས་པ་ཧུར་ཐག་གིས་བསྒྲུབས་ཏེ་དཔལ་འབྱོར་ལས་དོན་བརྟན་པོའི་ངང་འཕེལ་རྒྱས་ཡོང་བ་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་གཏོང་བ་བཅས་ལ་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་མཁོ་འདོན་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

རིགས་དབྱེ།  

དཔོན་ཉམས་རིང་ལུགས།

དཔོན་ཉམས་རིང་ལུགས་ཞེས་པ་ནི་དོན་དངོས་དང་ཁ་བྲལ་བ་དང་། མང་ཚོགས་དང་ཁ་བྲལ་བ། གཉོམ་བརྙས་བཙན་སྐྲག དཔོན་པོ་བྱས་ནས་སྐུ་ངོ་བྱེད་པ། དཔོན་པོ་ཕན་ཚུན་སྲུང་རེས། ལྐོག་ཟ་རུལ་སུངས་བཅས་ཀྱི་འགོ་ཁྲིད་སྤྱོད་ཚུལ་ལ་ཟེར། བཙན་དབང་རིང་ལུགས་དང་། ཡིག་ཆའི་རིང་ལུགས། ཕྲན་ཚེགས་རིང་ལུགས་སོགས་ཀྱི་མཚོན་ཚུལ་ཡོད། དཔོན་ཉམས་རིང་ལུགས་ནི་བཤུ་གཞོག་གྲལ་རིམ་གྱི་བསམ་བློ་དང་སྤྱི་ཚོགས་རྙིང་པའི་ཡ་མོན་གྱི་སྤྱོད་ཚུལ་མཚོན་བྱེད་ཅིག་ཡིན།

རིགས་དབྱེ།  

བཟོ་ལས་དེང་རབས་ཅན།

བཟོ་ལས་དེང་རབས་ཅན་ནི་བཟོ་ལས་དེ་དེང་རབས་འཛམ་གླིང་གི་ཚན་རིག་ལག་རྩལ་གསར་ཤོས་ཀྱི་རྨང་གཞིའི་ཐོག་བཙུགས་པ་དང་། རྒྱལ་ཁབ་ཧྲིལ་བོའི་བཟོ་ལས་ཐོན་སྐྱེད་དང་ཐོན་སྐྱེད་ལག་རྩལ་སྐབས་དེའི་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་པའི་བརྒྱུད་རིམ་ཞིག་ཡིན་ལ། ཀྲུང་གོའི“ཅན་བཞི”འཛུགས་སྐྲུན་གྱི་ནང་དོན་གལ་ཆེན་ཞིག་ཀྱང་ཡིན། བཟོ་ལས་དེང་རབས་ཅན་ནི་ལོ་རྒྱུས་རང་བཞིན་གྱི་དོན་སྤྱི་ཞིག་ཡིན། དེ་ནི་ཚན་རིག་ལག་རྩལ་ཡར་རྒྱས་བྱུང་བ་དང་བསྟུན་ནས་མུ་མཐུད་དུ་གསར་སྒྱུར་བྱེད་པ་དེ་ཡིན། མིའི་རིགས་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཐོག་བཟོ་ལས་དེང་རབས་ཅན་ནི་ཕལ་ཆེར་རླངས་འགྱུར་དུས་རབས་ཀྱི་དེང་རབས་ཅན་དང་གློག་རྡུལ་དེང་རབས་ཅན། མ་རྡུལ་དེང་རབས་ཅན་བཅས་རིམ་པ་གསུམ་བརྒྱུད་ཡོད།

རིགས་དབྱེ།  

རྒྱལ་སྲུང་དེང་རབས་ཅན།

རྒྱལ་སྲུང་དེང་རབས་ཅན། རྒྱལ་སྲུང་དེང་རབས་ཅན་ནི་དེང་རབས་དམག་འཁྲུག་གི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་མཐུན་པ་དང་། སྔོན་ཐོན་ཚན་རིག་ལག་རྩལ་ལ་དྲག་ཆས་སྤྲས་ནས་རྒྱལ་སྲུང་མ་ལག་བཙུགས་ཏེ། རྒྱལ་སྲུང་སྟོབས་ཤུགས་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་པར་བྱེད་པའི་བྱེད་ཐབས་རབ་དང་རིམ་པའི་སྤྱི་མིང་ཡིན། དེ་ནི་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དང་བསྡུར་བའི་ལོ་རྒྱུས་བརྒྱུད་རིམ་ཁྲོད་མུ་མཐུད་འཕེལ་རྒྱས་འགྲོ་བའི་དོན་སྤྱི་ཞིག་ཡིན་པར་མ་ཟད། སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བའི་དབང་གིས་དམིགས་ཀྱང་མི་འདྲ་བ་ཡོད་པ་ཞིག་ཡིན། ཀྲུང་གོར་རྒྱལ་སྲུང་དང་། བཟོ་ལས། ཞིང་ལས། ཚན་རིག་ལག་རྩལ་དེང་རབས་ཅན་བཅས་ཀྱིས“སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་བཞི”ཞེས་འབོད་ཀྱི་ཡོད་ཅིང་། བསྡུས་མིང་ལ་“དེང་རབས་ཅན་བཞི”ཞེས་ཟེར། རྒྱལ་སྲུང་དེང་རབས་ཅན་ནི་ཀྲུང་གོའི་རྒྱལ་སྲུང་འཛུགས་སྐྲུན་གྱི་སྤྱིའི་འོས་འགན་ཡིན་ལ། དེ་མིན་དེང་རབས་ཅན་གསུམ་གྱི་འགན་སྲུང་ཡིན། རྒྱལ་སྲུང་དེང་རབས་ཅན(modernizatirofnationalfence)ནི་དེང་རབས་ཆེས་སྔོན་ཐོན་གྱི་ཚན་རིག་ལག་རྩལ་གྱིས་རྒྱལ་ཁབ་ལ་དྲག་ཆས་སྤྲས་ནས་འགོག་སྲུང་མ་ལག་འཛུགས་རྒྱུ་དེ་ཡིན། ཀྲུང་གོའི་རྒྱལ་སྲུང་དེང་རབས་ཅན་ལ་དྲག་ཆས་སྟོབས་ཤུགས་དང་། མི་དམངས་མཁའ་ཟོན། རྒྱལ་སྲུང་ཚན་ཞིབ། རྒྱལ་སྲུང་བཟོ་ལས་སོགས་ཀྱི་དེང་རབས་ཅན་འདུས་པ་ཡིན། དེའི་སྲོག་ཤིང་ནི་སྟོབས་ཤུགས་ལྡན་པའི་དེང་རབས་ཅན་དང་། ཚུལ་ལྡན་ཅན་གྱི་གསར་བརྗེའི་དམག་དཔུང་ཞིག་འཛུགས་སྐྱོང་བྱ་རྒྱུ་དེ་ཡིན།

རིགས་དབྱེ།  

ཞིང་ལས་དེང་རབས་ཅན།

ཞིང་ལས་དེང་རབས་ཅན་ཞེས་པ་ནི་སྲོལ་རྒྱུན་གྱི་ཞིང་ལས་ནས་དེང་རབས་ཞིང་ལས་སུ་བསྒྱུར་བ་དང་། ཞིང་ལས་དེ་དེང་རབས་ཚན་རིག་གི་རྨང་གཞིའི་ཐོག་བཙུགས་ཤིང་། དེང་རབས་ཀྱི་ཚན་རིག་ལག་རྩལ་དང་དེང་རབས་ཀྱི་བཟོ་ལས་ལ་བརྟེན་ནས་ཞིང་ལས་སྒྲིག་སྦྱོར་བྱས་ཏེ། དེང་རབས་ཀྱི་དཔལ་འབྱོར་ཚན་རིག་ལ་བརྟེན་ནས་ཞིང་ལས་དོ་དམ་བྱེད་པ་དང་། ཐོན་ཚད་མཐོ་བ་དང་། སྤུས་ཀ་དག་པ། ཟད་གྲོན་ཆུང་བ་བཅས་ཀྱི་ཞིང་ལས་ཐོན་སྐྱེད་མ་ལག་ཅིག་དང་ཐོན་ཁུངས་བེད་སྤྱོད་ལུགས་མཐུན་བྱེད་པ། ཁོར་ཡུག་སྲུང་སྐྱོང་བྱེད་པ། འཕོ་འགྱུར་གྱི་ལས་ཆོད་ཅུང་ཆེ་བ་བཅས་ཀྱི་ཞིང་ལས་སྐྱེ་ཁམས་མ་ལག་ཅིག་གསར་སྐྲུན་བྱེད་པ་ལ་ཟེར། དེ་ནི་ཁྱབ་རྒྱ་ཧ་ཅང་ཆེ་བ་དང་། ཕྱོགས་བསྡུས་རང་བཞིན་ཧ་ཅང་ཆེ་བའི་ལག་རྩལ་བསྒྱུར་བཀོད་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་ཡིན་ལ། ལོ་རྒྱུས་རང་བཞིན་གྱི་མཚན་ཉིད་ཅིག་དང་། འཛམ་གླིང་རང་བཞིན་གྱི་མཚན་ཉིད་ཅིག་ཀྱང་ཡིན། ཞིང་ལས་དེང་རབས་ཅན་དུ་འགྱུར་བའི་དམིགས་ཡུལ་ནི་དར་རྒྱས་ཆེ་བའི་ཞིང་ལས་དང་། འབྱོར་ཕྱུག་གི་གྲོང་གསེབ་འཛུགས་སྐྲུན། ཁོར་ཡུག་བཟང་བོ་འཛུགས་སྐྲུན་བྱ་རྒྱུ་བཅས་ཡིན།

རིགས་དབྱེ།  

དེང་རབས་ཅན་བཞི།

དེང་རབས་ཅན་བཞི་ནི་བཟོ་ལས་དེང་རབས་ཅན། ཞིང་ལས་དེང་རབས་ཅན། རྒྱལ་སྲུང་དེང་རབས་ཅན། ཚན་རིག་ལག་རྩལ་དེང་རབས་ཅན་བཅས་ཡིན། སྤྱི་ལོ1954ལོར་བསྡུས་པའི་སྐབས་དང་པོའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྟེང་། ཐེངས་དང་པོར་ཞིང་ལས། བཟོ་ལས། འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་དང་རྒྱལ་སྲུང་གི་དེང་རབས་ཅན་བཞིའི་འོས་འགན་གསལ་བོར་བཏོན། སྤྱི་ལོ1964ལོའི་ལོ་མཇུག་ནས་སྤྱི་ལོ1965ལོའི་ལོ་སྟོད་ལ་བསྡུས་པའི་སྐབས་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་དང་པོའི་ཚོགས་འདུའི་སྟེང“དེང་རབས་ཅན་བཞི”ཡི་རླབས་ཆེའི་དམིགས་འབེན་བཏོན་པར་མ་ཟད། རྒྱལ་དམངས་དཔལ་འབྱོར་ལེགས་སྒྲིག་བྱས་པའི་འོས་འགན་ཕལ་ཆེར་ལེགས་འགྲུབ་བྱུང་བ་ཁྱབ་བསྒྲགས་བྱས། ཕྱིན་ཆད་རྒྱལ་དམངས་དཔལ་འབྱོར་གྱི་འོས་འགན་གཙོ་བོ་ནི། ལོ་རྒྱུས་ཀྱི་དུས་སྐབས་མི་རིང་བའི་ནང་། རང་རྒྱལ་ནི་དེང་རབས་ཞིང་ལས། དེང་རབས་བཟོ་ལས། དེང་རབས་རྒྱལ་སྲུང་། དེང་རབས་ཚན་རིག་ལག་རྩལ་གྱི་སྟོབས་ལྡན་གྱི་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཅིག་ཏུ་འཛུགས་སྐྲུན་བྱ་རྒྱུ་དེ་ཡིན།

རིགས་དབྱེ།  

སྲིད་ཞུགས་ཏང་།

སྲིད་ཞུགས་ཏང་ནི། ཀྲུང་གོའི་གུང་ཁྲན་ཏང་ཕུད་པའི་དམངས་གཙོ་ཏང་ཤོག་ལ་ཟེར། དམངས་གཙོ་ཏང་ཤོག་དེ་དག་ནི་རང་རང་སོ་སོའི་འབྲེལ་སའི་སྤྱི་ཚོགས་རིང་ལུགས་ཀྱི་ངལ་རྩོལ་པ། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ། སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་གཅེས་པ་ཁག་ཅིག་གི་ཆབ་སྲིད་མནའ་འབྲེལ་ཡིན།

རིགས་དབྱེ།  

ཀྲུང་གོ་ཞིང་བཟོ་དམངས་གཙོ་ཏང་།

ཀྲུང་གོ་ཞིང་བཟོ་དམངས་གཙོ་ཏང(བསྡུས་མིང་ལ་ཞིང་བཟོ་ཏང་ཟེར།) སྤྱི་ལོ1930ལོའིཟླ8ཚེས9ཉིན་ཧྲང་ཧའེ་རུ་བཙུགས་ལ། སྨན་བཅོས་འཕྲོད་བསྟེན། མི་འབོར་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་བཅས་ཁྱབ་ཁོངས་ཀྱི་མཐོ་འབྲིང་རིམ་གྱི་ཤེས་ཡོན་ཅན་གཙོ་བོར་བྱེད་པ་དང་། ཆབ་སྲིད་མནའ་འབྲེལ་གྱི་ཁྱད་ཆོས་ལྡན། སྟོབས་ཤུགས་གཅིག་སྒྲིལ་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་འཛུགས་སྐྲུན་ལ་འབད་པའི་སྲིད་ཏང་ནི། ཀྲུང་གོ་གུང་ཁྲན་ཏང་མཉམ་ལས་བྱེད་པའི་སྲིད་ཞུགས་ཏང་ཡིན། སྤྱི་ལོ2014ལོའི་ཟླ7པར་ཞིང་བཟོ་ཏང་གིས་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས30བཙུགས་པ་དང་། ཏང་ཡོན་བསྡོམས་འབོར་ཁྲི14.4ཡོད།

རིགས་དབྱེ།  

ཞི་བདེ་མཉམ་གནས།

ཞི་བདེ་མཉམ་གནས་ནི་ཕན་ཚུན་བར་དམག་འཁྲུག་གི་འགལ་ཟླ་མི་འབྱུང་བར་མཉམ་གནས་བྱེད་པར་མ་ཟད། མི་སུ་ལའང་མི་ལེགས་པའི་འགལ་ཟླ་མི་འབྱུང་བ་ཞིག་ཡིན། འབྱུང་ཁུངས་ནི་ཏེང་ཞའོ་ཕིན་གྱི《ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལ་སྐྱེ་སྟོབས་ཆེན་པོ་ལྡན》ཞེས་པར། “ རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་བ་ཐག་གཅོད་བྱེད་པའི་བྱེད་ཐབས་ཆེས་ལེགས་ཤོས་ནི། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་ཡིན་པར་བསྟན། ”

རིགས་དབྱེ།  

ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ།

ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བ་དེས་ཏང་ཡོན་ལས་བྱེད་པར་དམིགས་ཡུལ་གྱི་འདུ་ཤེས་དང་མར་ཁེ་སིའི་རིང་ལུགས་ཀྱི་མང་ཚོགས་ལྟ་བ་བརྟན་པོ་འཛུགས་པ་དང་། བྱ་བའི་སྤྱོད་ཚུལ་ལེགས་བཅོས། མི་དམངས་མང་ཚོགས་ཀྱི་ཡིད་ཆེས་དང་བརྩི་བཀུར་ཐོབ་པ་དང་ཏང་གི་སྲིད་སྐྱོང་རྨང་གཞི་ཇེ་བརྟན་དུ་གཏོང་བ། མི་དམངས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་ཆེ་རུ་གཏོང་བ་བཅས་ལ་གལ་འགངས་ཆེ་ཞིང་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད།

རིགས་དབྱེ།  

མཆོང་སྐྱོད་རྣམ་པའི་འཕེལ་རྒྱས།

མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་ནི་མགྱོགས་མྱུར་ལྡན་པའི་འཕེལ་རྒྱས་ཀྱི་རིགས་ཤིག་ཡིན་ཞིང་། འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་དུས་ཚོད་ཐུང་ངུ་ཞིག་བེད་སྤྱད་དེ་དམིགས་ཚད་ལ་སླེབས་དགོས་པ་དེ་རེད།

རིགས་དབྱེ།  

སྒེར་ཁྲིམས་རང་སྐྱོང་།

མི་སྒེར་རང་སྐྱོང(སྒེར་ཁྲིམས་རང་སྐྱོང)ནི་དམངས་ཁྲིམས་ཁྲོད་ཀྱི་མི་སྒེར་གྱིས་རང་ཉིད་ཀྱི་བསམ་ཚུལ་ལྟར་རང་ཉིད་ཀྱི་འཚོ་བ་བཀོད་སྒྲིག་བྱས་ཆོག་པ་ལ་ཟེར། མི་སྒེར་རང་སྐྱོང་རྩ་དོན་ནི། གན་རྒྱའི་ཁྲོད་དུ་གན་རྒྱའི་རང་དབང(Vertragsfreilit)སྟེ་གན་རྒྱ་འཇོག་པའི་རང་དབང་དང་། གན་རྒྱའི་འཇོག་ཡུལ་གྱི་མི་འདེམས་པའི་རང་དབང་། གན་རྒྱའི་ནང་དོན་འདེམས་པའི་རང་དབང་། གན་རྒྱའི་རྣམ་པའི་རང་དབང་། གན་རྒྱ་བསྒྱུར་བཅོས་དང་གན་རྒྱ་ཕྱིར་འཐེན་བྱེད་པའི་རང་དབང་བཅས་ཡིན། དངོས་པོའི་བདག་དབང་ཁྲོད་བདག་དབང་རང་དབང(Eigentumsfreianit)ལས་མངོན་པ་སྟེ། བདག་དབང་འཛིན་མཁན་གྱིས་རང་ཉིད་ཀྱི་འདོད་བློ་ལྟར་བདག་བཟུང་བྱེད་པ་དང་། བེད་སྤྱོད་བྱེད་པ། བཀོལ་སྤྱོད་བྱེད་པ། ཐག་གཅོད་བྱེད་པ་བཅས་སོ།། གཉེན་སྒྲིག་ཁྲོད་གཉེན་སྒྲིག་རང་དབང་ལས་མངོན་ལ། རྒྱུད་འཛིན་ཁྲོད་ཁ་ཆེམས་རང་དབང(Testierfreiuit)ལས་མངོན་པ་དང་། མི་གཤིས་དབང་ཆའི་ཁྲོད་མི་གཤིས་དབང་ཆ་སྤྱོད་པའི་རང་དབང་སྟེང་མངོན་གྱི་ཡོད། འོན་ཀྱང་རྩ་དོན་དེས་ཕྱི་ཚུལ་ཐོག་མི་ཚང་མ་འདྲ་མཉམ་ཡིན་པའི་རང་དབང་ནན་བཤད་བྱས་པ་ལས་ངོ་བོའི་ཐོག་མི་དང་མིའི་བར་གྱི་ཁྱད་པར་ལས་བྱུང་བའི་འདྲ་མཉམ་མིན་པའི་དོན་དངོས་སྣང་མེད་དུ་བཞག་པ་རེད། དེར་བརྟེན་མི་རྣམས་ཀྱིས་སྤྱི་ཚོགས་ཀྱི་གཞུང་དྲང་རང་བཞིན་གྱི་གནད་དོན་ལ་བསྐྱར་དུ་བསམ་གཞིགས་བྱས་ཤིང་། དེའི་མཇུག་འབྲས་ནི་བཅའ་ཁྲིམས་ཀྱིས་རྩ་དོན་དེར་ཚོད་འཛིན་མང་པོ་མི་བྱེད་ཀ་མེད་བྱུང་བ་རེད།

རིགས་དབྱེ།  

སྤྱི་ཚོགས་ཀྱི་སྤྱོད་ལམ་སྒྲིག་སྲོལ།

སྤྱི་ཚོགས་ཀྱི་སྤྱོད་ལམ་སྒྲིག་སྲོལ་ནི་དོན་སྤྱི་ཧ་ཅང་ཆེན་པོ་ཞིག་ཡིན་ལ། དེ་ནི་མི་རྣམས་སྤྱི་ཚོགས་འདིར་འཚོ་སྡོད་བྱེད་སྐབས་ངེས་པར་དུ་བརྩི་སྲུང་བྱེད་དགོས་པའི་གོམས་གཤིས་དང་བྱེད་ཐབས། མི་མང་ཆེ་བས་ཁས་ལེན་པའི་སྒྲིག་སྲོལ་ཞིག་ལ་ཟེར།

རིགས་དབྱེ།  

མངའ་ཁོངས་བདག་དབང་།

མངའ་ཁོངས་བདག་དབང་ཞེས་པ་ནི་རྒྱལ་ཁབ་ཀྱི་རང་གི་མངའ་ཁོངས་དང་མངའ་ཁོངས་སུ་ཡོད་པའི་མི་དང་དངོས་པོའི་ཆེས་མཐོའི་དབང་ཆ་ལ་ཟེར། དེའི་ནང་དོན་ལ་བདག་དབང་དང་བདག་སྐྱོང་དབང་ཆ་སྟེ་ཕྱོགས་གཉིས་ཡོད། རྒྱལ་ཁབ་ལ་མངའ་ཁོངས་བདག་དབང་ཡོད་པ་དེས་རྒྱལ་ཁབ་ཀྱིས་རང་གི་མངའ་ཁོངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་ས་ཆ་དང་ཐོན་ཁུངས་ཡོད་ཚད་བདག་བཟུང་དང་བཀོལ་སྤྱོད། བགོ་བྱ་བཅས་བྱེད་པའི་དབང་ཆ་ཡོད་པ་མཚོན། བདག་དབང་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་གཏོགས་པའི་ས་ཁུལ་གྱི་ཁྱབ་ཁོངས་སུ། རྒྱུན་པར་རྒྱལ་ཁབ་དེའི་རྒྱལ་མཚམས(མཐའ་མཚམས)ནང་ཁོངས་ཀྱི་སྐམ་ས་དང་ནང་ལོགས་ཀྱི་ཆུ(རྒྱུག་ཆུ་དང་མཚེའུ་དང་ནང་ལོགས་ཀྱི་རྒྱ་མཚོ)དང་། ས་ངོས་དང་ས་འོག བར་སྣང་བཅས་ཚུད་ཡོད་པ་དང་། སྐབས་འགར་རྒྱ་མཚོའི་མངའ་ཁོངས་ཀྱང་ཚུད་ཡོད།

རིགས་དབྱེ།  

ལོ་ལྔའི་འཆར་འགོད་བཅུ་གསུམ་པ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་རྩ་གནད་ཀྱི་བསྡུས་མིང་ལ“ལོ་ལྔའི་འཆར་འགོད་བཅུ་གསུམ་པ”(སྤྱི་ལོ2016ལོ་ནས་སྤྱི་ལོ2020ལོའི་བར)ཟེར་ཞིང་། འཆར་བཀོད་ཀྱི་རྩ་གནད་ནི《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་གསུམ་པ་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོ》གཞིར་བཟུང་ནས་བཟོས་ལ། གཙོ་བོ་རྒྱལ་ཁབ་ཀྱི་འཐབ་ཇུས་འདོད་བློ་གསལ་བཤད་དང་སྲིད་གཞུང་གི་ལས་ཀའི་གཙོ་གནད་ཁ་གསལ་འདོན་པ། ཁྲོམ་རའི་གཙོ་གཞིའི་བྱ་སྤྱོད་ལ་མཛུབ་སྟོན་བྱ་རྒྱུ་བཅས་ནི་སྤྱི་ལོ2016ལོ་ནས་སྤྱི་ལོ2020ལོའི་བར་གྱི་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རླབས་ཆེན་གྱི་འཆར་གཞི་ཞིག་ཡིན་པ་གསལ་བཤད་བྱས་པ་དང་། མི་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་བྱ་སྤྱོད་ཀྱི་རྩ་འཛིན། སྲིད་གཞུང་གིས་དཔལ་འབྱོར་སྙོམས་སྒྲིག་དང་ཁྲོམ་རའི་ལྟ་སྐུལ། སྤྱི་ཚོགས་དོ་དམ་དང་ཐུན་མོང་གི་ཞབས་ཞུ་བཅས་ཀྱི་འགན་འཁྲི་སྒྲུབ་པའི་གཞི་འཛིན་ས་གལ་ཆེན་ཞིག་ཡིན་པ་དམིགས་ཀྱིས་བསྟན་ཡོད།

རིགས་དབྱེ།  

རང་སྐྱོང་སྲོལ་ཡིག

རང་སྐྱོང་སྲོལ་ཡིག་ནི་ཀྲུང་གོའི་མི་རིགས་རང་སྐྱོང་ས་གནས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱིས་རྩ་ཁྲིམས་ཀྱིས་གནང་བའི་དབང་ཆ་གཞིར་བཟུང་ནས་གཏན་འབེབས་བྱས་པའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན། ས་གནས་དེ་གའི་མི་རིགས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ཁྱད་ཆོས་ལ་གཞིགས་ནས་གཏན་འབེབས་བྱས་ཡོད། སྤྱིར་བཏང་དུ་ས་ཁུལ་དེ་གར་ལག་བསྟར་བྱེད་པའི་ས་ཁོངས་རང་སྐྱོང་གི་གཞི་རྩའི་རྩ་འཛུགས་རྩ་དོན་དང་། ལས་ཁུངས་སྒྲིག་འཛུགས། རང་སྐྱོང་ལས་ཁུངས་ཀྱི་འགན་དབང་། ལས་ཀའི་ལམ་ལུགས། གནད་དོན་གལ་ཆེན་གཞན་དག་བཅས་གཏན་ཁེལ་བྱས་ཡོད་ལ། དེ་ནི་མི་རིགས་རང་སྐྱོང་ས་གནས་སུ་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་པའི་ཕྱོགས་བསྡུས་རང་བཞིན་གྱི་གཞི་རྩའི་གཞི་འཛིན་ས་དང་བྱ་འགུལ་སྤེལ་བའི་ཚད་གཞི་ཡིན། རང་སྐྱོང་ལྗོངས་ཀྱི་རང་སྐྱོང་སྲོལ་ཡིག་རྣམས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས་ནུས་པ་འདོན་ཐུབ། རང་སྐྱོང་ཁུལ་དང་རང་སྐྱོང་རྫོང་གི་རང་བཟོས་ཁྲིམས་སྲོལ་རྣམས་ཞིང་ཆེན་ནམ་རང་སྐྱོང་ལྗོངས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས་ནུས་པ་འདོན་ཐུབ་ལ། ད་དུང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཐོ་འགོད་སྙན་སེང་ཞུ་དགོས།

རིགས་དབྱེ།  

རྐྱང་སྤྱོད་སྲོལ་ཡིག

རྐྱང་སྤྱོད་སྲོལ་ཡིག་ཅེས་པ་ནི་དོན་ཚན་ཁག་གཅིག་གཏན་འབེབས་བྱས་པའི་བཅའ་ཁྲིམས་དང་། ཡང་ན་ས་ཁུལ་ཞིག་གམ་མི་ཁ་ཤས་ཀྱི་ཕྱོགས་ཁོ་ནར་སྤྱོད་པའི་བཅའ་ཁྲིམས་ལ་ཟེར། རྒྱལ་ཁབ་སོ་སོས་བརྒྱུད་རིམ་ལྡན་ཞིང་གཅིག་སྡུད་ཡིན་པའི་ཁྲིམས་གཞུང་ཁྱབ་བསྒྲགས་མ་བྱས་སྔོན་ལ་རྐྱང་སྤྱོད་སྲོལ་ཡིག་མང་ཙམ་གཏན་འབེབས་བྱས་ཏེ་དངོས་ཡོད་ཀྱི་དགོས་མཁོ་དང་བསྟུན་ཡོད། ཁྲིམས་གཞུང་ཁྱབ་བསྒྲགས་བྱས་པའི་རྗེས་སུའང་། ཁྲིམས་གཞུང་དུ་སྡེ་ཁག་དེའི་བཅའ་ཁྲིམས་ཀྱི་ཚད་གཞི་ཡོངས་སུ་འདུས་མི་སྲིད་པས། རྐྱང་སྤྱོད་སྲོལ་ཡིག་ལོགས་སུ་གཏན་འབེབས་བྱས་ནས་ཁ་གསབ་བྱེད་ཀྱིན་ཡོད། རང་རྒྱལ་དུ་རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་མཐོ་ཤོས་ལ་རྐྱང་སྤྱོད་སྲོལ་ཡིག་གཏན་འབེབས་དང་ཆོག་མཆན་འགོད་པའི་དབང་ཆ་ཡོད། དཔེར་ན་སྤྱི་ལོ1979ལོའི་ཟླ2པར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཟོ་བཅོས་བརྒྱབ་ནས་ཁྱབ་བསྒྲགས་བྱས་པའི《འཛིན་བཟུང་དང་བཀག་བསྐྱིལ་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲོལ་ཡིག》ལྟ་བུའོ།། རང་རྒྱལ་གྱི་མི་རིགས་རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་ཀྱི་ཁྱད་ཆོས་གཞིར་བཟུང་ནས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་བཀའ་ཁྲིམས་ལ་བབ་བསྟུན་བསྒྱུར་བཅོས་སམ་ཁ་གསབ་ཀྱི་གཏན་འབེབས་བྱས་ཆོག དཔེར་ན《བོད་རང་སྐྱོང་ལྗོངས་སུ〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཉེན་སྒྲིག་བཅའ་ཁྲིམས〉ལག་བསྟར་བྱེད་པའི་བབ་བསྟུན་སྲོལ་ཡིག》ལྟ་བུའོ།། དེ་དག་ཀྱང་གོང་རིམ་རྒྱལ་ཁབ་དབང་འཛིན་ལས་ཁུངས་ལ་ཆོག་མཆན་དང་ཐོ་འགོད་སྙན་སེང་ཞུ་དགོས།

རིགས་དབྱེ།  

ཁྲིམས་སྐྱོང་ཀྲུང་གོ(ཆེད་དོན་བརྙན)

《ཁྲིམས་སྐྱོང་ཀྲུང་གོ》ནི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་འོད་སྟོང་ལྡན་པའི་གྲུབ་འབྲས་ཕྱོགས་བསྡོམས་བྱས་ནས་འགྲེམས་སྟོན་བྱ་ཆེད། ཀྲུང་དབྱང་གིས་ལེའུ་དྲུག་གི་སྲིད་དོན་དཔྱད་གླེང་གི་ཆེད་དོན་པར་གཞི《ཁྲིམས་སྐྱོང་ཀྲུང་གོ》ཞེས་པ་བརྙན་ཕབ་བྱས་པ་རེད། གློག་བརྙན་ཧྲིལ་པོར་ལེའུ་དྲུག་ཏུ་དབྱེ་ཡོད་དེ། 《ཁྲིམས་སྐྱོང་པས་ཁྲིམས་ལྟར་བྱ་བ་སྒྲུབ་པ》ཞེས་པ་དང《བློ་གྲོས་ཆེན་པོས་ཁྲིམས་འཛུགས་པ》 《ཁྲིམས་ལྟར་སྲིད་སྐྱོང》 《ཁྲིམས་འཛིན་དྲང་གཞག(སྟོད་ཆ)》 《ཁྲིམས་འཛིན་དྲང་གཞག(སྨད་ཆ)》 《དམངས་ཡོངས་ཀྱིས་ཁྲིམས་སྲུང་པ》བཅས་སོ།།

རིགས་དབྱེ།