བཟོ་ལས་དེང་རབས་ཅན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བཟོ་ལས་དེང་རབས་ཅན།
བཟོ་ལས་དེང་རབས་ཅན་ནི་བཟོ་ལས་དེ་དེང་རབས་འཛམ་གླིང་གི་ཚན་རིག་ལག་རྩལ་གསར་ཤོས་ཀྱི་རྨང་གཞིའི་ཐོག་བཙུགས་པ་དང་། རྒྱལ་ཁབ་ཧྲིལ་བོའི་བཟོ་ལས་ཐོན་སྐྱེད་དང་ཐོན་སྐྱེད་ལག་རྩལ་སྐབས་དེའི་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་པའི་བརྒྱུད་རིམ་ཞིག་ཡིན་ལ། ཀྲུང་གོའི“ཅན་བཞི”འཛུགས་སྐྲུན་གྱི་ནང་དོན་གལ་ཆེན་ཞིག་ཀྱང་ཡིན། བཟོ་ལས་དེང་རབས་ཅན་ནི་ལོ་རྒྱུས་རང་བཞིན་གྱི་དོན་སྤྱི་ཞིག་ཡིན། དེ་ནི་ཚན་རིག་ལག་རྩལ་ཡར་རྒྱས་བྱུང་བ་དང་བསྟུན་ནས་མུ་མཐུད་དུ་གསར་སྒྱུར་བྱེད་པ་དེ་ཡིན། མིའི་རིགས་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཐོག་བཟོ་ལས་དེང་རབས་ཅན་ནི་ཕལ་ཆེར་རླངས་འགྱུར་དུས་རབས་ཀྱི་དེང་རབས་ཅན་དང་གློག་རྡུལ་དེང་རབས་ཅན། མ་རྡུལ་དེང་རབས་ཅན་བཅས་རིམ་པ་གསུམ་བརྒྱུད་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་སྐད་ཀྱི་མིང་།
工业现代化
ངོ་བོ།
དེང་རབས་ཅན།
རིགས་དབྱེ།
བཟོ་ལས།
དུས་ཚོད།
སྤྱི་ལོ2040ལོ།
1 ངོ་སྤྲོད་མདོར་བསྡུས།    

སྤྱི་ལོ2040ལོའི་ཡས་མས་སུ་ཀྲུང་གོ་བཟོ་ལས་དེང་རབས་ཅན་དུ་འགྱུར་ཐུབ་པ།                                                                             

ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་དཔལ་འབྱོར་རིག་པ་པུའུ་དང་སྤྱི་ཚོགས་ཚན་རིག་ཡིག་ཚང་དཔེ་སྐྲུན་ཁང་གིས་སྤྱི་ལོ2009ལོའི་བཟོ་ལས་ཅན་གྱི་དཔེ་ཐུམ་སྔོན་པོའི་དེབ་དེ་སྤེལ་བ་རེད།  དཔེ་ཐུམ་སྔོན་པོའི་དེབ་ལས་ རང་རྒྱལ་མ་འོངས་བའི་དུས་རབས21པའི་ལོ་རབས40པའི་སྔ་རྗེས་སུ་བཟོ་ལས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཐུབ་རྒྱུ་ཚོད་དཔག་བྱས་ཡོད།

སྤྱི་ལོ2004ལོར་ཀྲུང་གོའི་བཟོ་ལས་དེང་རབས་ཅན་གྱི་ཆུ་ཚད་ཕྱོགས་བསྡུས་སྟོན་གྲངས36.7འདི་ལས་རང་རྒྱལ་གྱི་བཟོ་ལས་དེང་རབས་ཅན་གྱི་སྤྱིའི་ཆུ་ཚད་རྒྱལ་སྤྱིའི་ཐོག་གི་སྔོན་ཐོན་ཆུ་ཚད་ཀྱི1/3ལས་བརྒལ་ཡོད་པ་མཚོན་ཡོད་ཅེས་དཔེ་ཐུམ་སྔོན་པོའི་དེབ་ལས་ངོ་སྤྲོད་བྱས་ཡོད།  ཉེ་བའི་ལོ་ཤས་རིང་བཟོ་ལས་དེང་རབས་ཅན་གྱི་ཕྱོགས་བསྡུས་སྟོན་གྲངས་དང་བསྡུར་ཚེ་དུས་རབས21བའི་ལོ་རབས40བའི་སྔ་རྗེས་སུ་རང་རྒྱལ་གྱི་བཟོ་ལས་དེང་རབས་ཅན་མངོན་འགྱུར་བྱེད་ཐུབ་རྒྱུ་དཔེ་ཐུམ་སྔོན་པོ་ལས་བསྟན་ཡོད།

2 གཞུང་དངོས།

བཟོ་ལས་དེ་དེང་རབས་ཀྱི་ལག་རྩལ་རྨང་གཞིའི་ཐོག་བཙུགས་ནས་བཟོ་ལས་ཐོན་སྐྱེད་གཉེར་སྐྱོང་བྱེད་པའི་ལག་རྩལ་དང་དཔལ་འབྱོར་གྱི་དམིགས་ཚད་ཁག་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་པར་བྱ་དགོས།

མིའི་རིགས་སྤྱི་ཚོགས་ཀྱི་ཡར་རྒྱས་ནི་མདོར་དེད་ན་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ལ་རག་ལས་ཡོད།   ཚན་རིག་ལག་རྩལ་བྱ་འཕུར་བ་ལྟར་གོང་འཕེལ་འགྲོ་བའི་དུས་རབས་འདིར་ཚན་རིག་ལག་རྩལ་འཕེལ་རྒྱས་བྱུང་བ་དང་ཐོན་སྐྱེད་རྒྱ་ཁྱབ་ཏུ་བེད་སྤྱོད་བྱས་པ་དེས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་འགྲོ་བར་ནུས་པ་གལ་ཆེན་ཐོན་གྱི་ཡོད།    དེར་བརྟེན་བཟོ་ལས་དེང་རབས་ཅན་དུ་མངོན་འགྱུར་བྱེད་པར་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་རྒྱུ་ནི་དེང་སྐབས་འཛམ་གླིང་གི་འཕེལ་ཕྱོགས་ལྡོག་ཐབས་མེད་པ་ཞིག་རེད།   བཟོ་ལས་དེང་རབས་ཅན་ནི་ཞིང་ལས་དེང་རབས་ཅན་དང་།   ཚན་རིག་ལག་རྩལ་དེང་རབས་ཅན།   རྒྱལ་སྲུང་དེང་རབས་ཅན་དུ་མངོན་འགྱུར་ཡོང་བའི་དངོས་པོའི་རྨང་གཞི་ཡིན།

བཟོ་ལས་དེང་རབས་ཅན་དུ་འགྱུར་བའི་མཚོན་རྟགས་གཙོ་བོ་ནི།  ①ངལ་རྩོལ་རྒྱུ་ཆ་ཡི་དེང་རབས་ཅན།  བཟོ་ལས་ཐོན་སྐྱེད་ཀྱི་གོ་རིམ་ནང་དུ་རྒྱུན་ཆད་མེད་པར་འཕྲུལ་ཆས་ཅན་དང་རང་འགུལ་ཅན།  ལག་རྩལ་གསར་པ་དང་།    རྒྱུ་ཆ་གསར་པ།  བཟོ་རྩལ་གསར་པ།   ཚན་རིག་ལག་རྩལ་གྱི་གྲུབ་འབྲས་གསར་ཤོས་བཅས་བེད་སྤྱོད་བྱ་དགོས།  ②བཟོ་ལས་སྡེ་ཁག་གི་གྲུབ་ཚུལ་དེང་རབས་ཅན་དུ་གྱུར་ཏེ། ལག་རྩལ(ཤེས་བྱ)སྣ་འདུས་རང་བཞིན་གྱི་བཟོ་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་།  གསར་དར་བཟོ་ལས་སྡེ་ཁག་འཛུགས་དགོས།  ③ལས་བཟོ་པའི་ཤེས་བྱའི་གྲུབ་ཚུལ་དེང་རབས་ཅན་དུ་འགྱུར་བ། ལས་བཟོ་པའི་ཚན་རིག་དང་རིག་གནས་ཀྱི་ཆུ་ཚད།   ད་དུང་ཆེད་ལས་ཀྱི་ཤེས་ཡོན་ཡོངས་ཁྱབ་ཏུ་མཐོ་རུ་ཕྱིན་པ་དང་།ལས་བཟོ་པའི་ཁྲོད་དུ་ཚན་རིག་ལག་རྩལ་པའི་བསྡུར་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ།  ཆེད་ལས་ཀྱི་ཤེས་ཡོན་ཡོད་པའི་དོ་དམ་པའི་བསྡུར་ཚད་མང་དུ་སོང་བ་བཅས་རེད།  ④དོ་དམ་དེང་རབས་ཅན་དུ་འགྱུར་བ། བཟོ་ལས་དོ་དམ་གྱི་ཁྲོད་དུ་གློག་རྡུལ་རྩིས་འཁོར་དང་དེང་རབས་ཅན་གྱི་དོ་དམ་བྱེད་ཐབས་གཞན་དག་རྒྱ་ཁྱབ་ཏུ་སྤྱོད་བཞིན་ཡོད།   ⑤ལག་རྩལ་དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་དང་མི་རེའི་ཆ་སྙོམས་ཀྱི་རྒྱལ་དམངས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དེ་དེང་རབས་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་པར་བྱ་དགོས།

བཟོ་ལས་དེང་རབས་ཅན་ནི་འཛམ་གླིང་རང་བཞིན་དང་ལོ་རྒྱུས་རང་བཞིན་གྱི་མཚན་ཉིད་ཅིག་ཡིན་པ་དང་།   དུས་རབས་ངེས་ཅན་ཞིག་ཏུ་འཛམ་གླིང་ཡོངས་སུ་གཅིག་གྱུར་གྱི་ནང་དོན་ལྡན། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྔར་ཡོད་ལག་རྩལ་དང་དཔལ་འབྱོར་གྱི་རྨང་གཞི་ཞན་པ།  ཐོན་སྐྱེད་ནུས་ཤུགས་གོང་དུ་འཕེལ་བའི་ཆུ་ཚད་མཐོན་པོ་མེད་པས།   བཟོ་ལས་དེང་རབས་ཅན་མངོན་འགྱུར་བྱེད་པའི་དགོས་མཁོ་དེ་རང་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞིགས་ནས་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པར་དུས་རིམ་རང་བཞིན་གྱི་དམིགས་འབེན་གཏན་འབེབས་བྱས་ཏེ།  འཆར་གཞི་དང་གོ་རིམ་ལྡན་པའི་སྒོ་ནས་བསྒྲུབ་དགོས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-09

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།