རྗེ་བྲན་རིམ་པ་ལྔ།

《མཁས་པའི་དགའ་སྟོན》ལས། དེ་ཡང་སྣུབས་རྗེ་སྲིད་པ་ལ་སོགས་རྗེ་དགུ། ལོ་ངམ་རྟ་རྫི་སོགས་རྫི་བདུན། ག་རོད་སྒ་མཁན་སོགས་མཁན་དྲུག རྒྱ་ཇ་ཚོང་པ་ལ་སོགས་ཚོང་པ་ལྔ། གདགས་སྦྲ་འཛིན་སོགས་འཛིན་གསུམ་སྟེ་འདི་རྣམས་ཁེང་དང་། ཡང་ཁེང་དང་། ཉིང་ཁེང་དུ་ཕྱེ་བས་དགོས་པ་ཐམས་ཅད་སྒྲུབ་ལ། ནམ་པ་ལྡེ་རྒྱལ། བལ་པོ་ལི་རྒྱལ། སུམ་པ་ལྕགས་རྒྱལ། མོན་རྩེ་རྒྱལ་ཞེས་ཕྱོགས་ཀྱི་རྒྱལ་པོ་བཞིས་དཔྱ་བསྡུས་ནས་འབུལ་བས་འབངས་ལ་གཏོགས་སོ།།

རིགས་དབྱེ།  

རྒོད་ཀྱི་སྟོང་སྡེ་དྲུག་ཅུ་རྩ་གཅིག

སྲོང་བཙན་སྒམ་པོའི་སྐབས་ཡུལ་གྲུ་སོ་སོར་བཙུགས་པའི་དམག་སྡེ། དེ་ལ་དབུས་གཙང་རུ་བཞི་རེ་རེར་སྟོང་སྡེ་བཅུ་བཅུ། ལོགས་སུ་ཞང་ཞུང་དུ་སྟོང་སྡེ་བཅུ། སུམ་པར་བཅུ་གཅིག་བཅས་ཁྱོན་བསྡོམས་རྒོད་ཀྱི་སྟོང་སྡེ་དྲུག་ཅུ་རེ་གཅིག་བྱུང་ཡོད།

རིགས་དབྱེ།  

རྒྱལ་ཁྲིམས་བཅོ་ལྔ།

རྒྱལ་ཁྲིམས་བཅོ་ལྔ་ནི་མཛད་པ་གསུམ། མི་མཛད་པ་གསུམ། བསྟོད་པ་གསུམ། དམད་པ་གསུམ། མི་མནར་བ་གསུམ་བཅས་ཡིན་ནོ།།

རིགས་དབྱེ།  

རྐྱེན་དྲུག

ཁོད་སོ་དྲུག་ལས་རྐྱེན་དྲུག་ནི། གུང་དང་སྟག ཝ་ཞུ། ལྷ་ཆོས། ཐགས་དང་བོན། ཡིག་ཚངས། རྐུན་མ་བཅས་དྲུག་ཡིན་ནོ།།

རིགས་དབྱེ།  

ཡིག་ཚང་དྲུག

ཁོད་སོ་དྲུག་ལས་ཡིག་ཚང་དྲུག་ནི། གསེར་ཡིག གཡུ་ཡིག དངུལ་ཡིག ཕྲ་མན་གྱི་ཡི་གེ ཟངས་ཡིག ལྕགས་ཡིག་སྟེ་དྲུག་ཡིན་ནོ།།

རིགས་དབྱེ།  

དཔའ་མཚན་དྲུག

ཁོད་སོ་དྲུག་ལས་དཔའ་མཚན་དྲུག་ནི། སྟག་སྟོད། སྟག་སྨད། ཟེར་ཆེན། ཟེར་ཆུང་། གམ་རས། སྟག་སློག་བཅས་དྲུག་ཡིན་ནོ།།

རིགས་དབྱེ།  

དཔའ་སྡེ་གསུམ།

སྲོང་བཙན་སྒམ་པོའི་སྐབས་བོད་ཀྱི་ནུབ་བྱང་ནས་བྱང་ཤར་བར་གྱི་ས་མཚམས་སྲུང་བའི་སྟོད་སྨད་བར་གསུམ་གྱི་དམག་སྡེ་སྟེ། དཔའ་སྡེ་གསུམ་གྱིས་མཐའ་ཡི་སོ་ཁ་སྲུང་། ཞེས་པའི་དོན་ནི་སྟོང་སྡེ་དྲུག་ཅུ་རེ་གཅིག་གི་ནང་བོད་ཀྱི་མཐའ་མཚམས་སྲུང་བ་དང་། ཕྱི་དགྲའི་གནོད་འཚེ་འགོག་པར་དམིགས་གསལ་གྱི་བྱས་རྗེས་ཡོད་མཁན་དཔའ་བའི་དམག་སྡེ་སྟོད་སྨད་བར་གསུམ་བཅས་ཡོད་པ་ཡིན་ནོ།།

རིགས་དབྱེ།  

མདོ་ལོན་ཞུ་བཅད་ཀྱི་ཁྲིམས།

སྲོང་བཙན་སྒམ་པོས་ལག་བསྟར་བྱས་པའི་ཁྲིམས་ཡིག་ཅིག་སྟེ་བདེན་རྫུན་དབྱེ་འབྱེད་སྐབས་ཁ་དྲག་ཞན་གཉིས་རྩོད་ན་དྲག་པ་མི་སྐྱེངས་ཤིང་ཞན་པ་ཡི་མི་འཆད་པར་ཐག་གཅོད་པ། འདི་ལ་མིང་གཞན་ཞུ་བཞེས་བདེན་རྫུན་གྱི་ཞལ་ལྕེ་ཟེར། དེ་ཡང་ཁྲིམས་ཁང་ནང་དུ་ཞུ་གཏུགས་བྱེད་མཁན་ཕྱོགས་གཉིས་ཀྱི་བདེན་རྫུན་བརྟགས་ནས་བདེན་པ་ལ་རྒྱབ་སྐྱོར་དང་རྫུན་པ་ལ་ཉེས་ཆད་གཅོད་པ་དང་། ཞུ་གཏུགས་བྱེད་མཁན་ཕྱོགས་གཉིས་ཀའི་ཞུ་དོན་སྙིང་པོ་ལོན་པར་བྱས་ཏེ་ཐག་གཅོད་པ་ལ་ཟེར།

རིགས་དབྱེ།  

ཁྲིམས་ཆེན་བདུན།

ཁྲིམས་ཆེན་བདུན་ནི་སྲོག་མི་གཅོད་པའི་ཁྲིམས། མ་བྱིན་པ་མི་ལེན་པའི་ཁྲིམས། ལོག་པར་མི་གཡེམ་པའི་ཁྲིམས། རྫུན་སྤོང་གི་ཁྲིམས། ཆང་ལ་ཚོད་འཛིན་དགོས་པའི་ཁྲིམས། ཁེང་མི་ལྡོག་པའི་ཁྲིམས། བང་སོ་མི་འདྲུ་བའི་ཁྲིམས་བཅས་སོ།།

རིགས་དབྱེ།  

ཡུལ་གྱི་དབང་རིས་རྣམ་པ་བཅོ་བརྒྱད།

སྲོང་བཙན་སྒམ་པོའི་སྐབས་ས་མི་དང་བཅས་པ་བློན་པོ་ཆེ་ཁག་རྣམས་ལ་བགོ་བཤའ་བརྒྱབ་སྟེ་སྤྲད་པའི་མངའ་ཁོངས་དབྱེ་མཚམས། དབུ་རུ་ཤོད་ཆེན། ཕོ་བྲང་སྣེ་ཆེ། ཡར་ཀླུངས། འཆིང་ང་། བྱ་འུག་བྲད་དང་ཞོང་པ། བྲག་རུམ་སྟོད་སྨད། གཙང་སྟོད་སྨད། ཀླུང་ཤོད་ནམ་པོ། འཕན་ཡུལ། ཉང་རོ་གྲམ་པ། ཤངས་དང་གླེ་ཕྱི། ཡུང་བ་ཆེ་ཆུང༌། ཞ་ག་སྡེ་གསུམ། ནམ་ར། ཆག་གོང༌། འདམ་ཤོད་དཀར་མོ། མདོ་ཁམས་བཅས་བཅོ་བརྒྱད་དོ།།

རིགས་དབྱེ།  

བརྐུས་པ་འཇལ་གྱི་ཞལ་ལྕེ།

ཏུན་ཧོང་གཏེར་ཡིག(P.T.1075)ནས་ཐོན་པའི་ཁྲིམས་ཡིག་ཁག་ལས་བརྐུས་པ་འཇལ་གྱི་ཞལ་ལྕེ།

རིགས་དབྱེ།  

གཡུ་འབྲུག་སྒྲོག་པའི་ཞལ་ལྕེ་བཅོ་ལྔ།

གཡུ་འབྲུག་སྒྲོག་པའི་ཞལ་ལྕེ་བཅོ་ལྔ་ཞེས་པ་འདིའི་ངོ་བོ་ཕལ་ཆེར་ཁྲིམས་ཡིག་ཞལ་ལྕེ་བཅོ་ལྔ་དང་འདྲ་ཞིང་། ཕག་གྲུ་སྡེ་སྲིད་གང་རུང་ཞིག་གི་དུས་སུ་ཏཱ་སི་བྱུང་ཆུབ་རྒྱལ་མཚན་གྱི་ཁྲིམས་ཡིག་ལ་གཞི་བཟུང་ནས་བཟོ་བཅོས་བྱས་པར་ངེས་སོ།།

རིགས་དབྱེ།  

མི་ཆོས་གཙང་མ་བཅུ་དྲུག

དཔའ་བོ་གཙུག་ལག་ཕྲེང་བའི《ཆོས་འབྱུང་མཁས་པའི་དགའ་སྟོན》ལས། སྤྱིར་མི་དགེ་བ་བཅུ་སྤོང་བའི་སྟེང་དུ་མ་ལ་མར་འཛིན་པ། ཕ་ལ་ཕར་འཛིན་པ། དགེ་སྦྱོང་དང་བྲམ་ཟེ་ལ་དགེ་སྦྱོང་དང་བྲམ་ཟེར་འཛིན་པ། རིགས་ཀྱི་རྒན་རབས་བཀུར་བ། བྱས་པ་དྲིན་དུ་གཟོ་བ། གཞན་ལ་ངན་གཡོ་སྤོང་བ་སྟེ་མི་ཆོས་གཙང་མ་བཅུ་དྲུག་ཁྲིམས་སུ་བཅས་སོ།།

རིགས་དབྱེ།  

དབང་ཆེན་བཅད་ཀྱི་སྤྱི་ཁྲིམས།

སྲོང་བཙན་སྒམ་པོས་ལག་བསྟར་བྱས་པའི་ཁྲིམས་ཡིག་ལྔ་པ་བདེན་རྫུན་དབྱེ་འབྱེད་སྐབས་གཉིས་ཀར་ལན་ན་གཉིས་ཀ་ལ་མཉམ་དུ་ཆད་པ་གཅོད་པ་སྟེ། ཁྲིམས་ཁང་དུ་ཞུ་གཏུགས་བྱེད་མཁན་ཕྱོགས་གཉིས་ཀར་ཉེས་པ་ཡོད་ན་གཉིས་ཀར་ཉེས་པ་ཆེ་ཆུང་འདྲ་མཉམ་དུ་གཅོད་པ་ལ་ཟེར།

རིགས་དབྱེ།  

བཀའ་གྲོས་ཆེན་པོ་དྲུག

ཁོད་སོ་དྲུག་ལས་བཀའ་གྲོས་ཆེན་པོ་དྲུག་ནི་རྒྱལ་པོར་སྲི་ཞུ་ཇི་ལྟར་བྱ་བ་ལ་སོགས་པ་རྒྱལ་སྲིད་སྐྱོང་ལུགས་སྐོར་ཡིན་ནོ།།

རིགས་དབྱེ།  

ཁྲིམས་ཡིག་ཞལ་ལྕེ་བཅོ་ལྔ།

སྡེ་སྲིད་ཕག་གྲུ་བྱང་ཆུབ་རྒྱལ་མཚན་གྱིས་བོད་ལ་དབང་སྒྱུར་བྱེད་སྐབས། ཞལ་ལྕེ་བཅུ་དྲུག་ནས་ཀླ་ཀློ་མཐའ་འཁོབ་ཀྱི་ཞལ་ལྕེ་དོར་ནས་ཞལ་ལྕེ་བཅོ་ལྔར་གཏན་ལ་ཕབ་པའི་ཁྲིམས་ལུགས་དོན་ཚན་བཅོ་ལྔའོ།།

རིགས་དབྱེ།  

གཡུང་གི་མི་སྡེ།

གཡུང་ཞེས་པ་ནི། གཅིག གཡུང་པོ་དང་གཡུང་མོ་ཞེས་རིགས་ངན་པའི་མི་ལ་གོ་རྒྱུ་ཡོད་པ་དང་། གཉིས། འདུལ་སྦྱོང་ལེགས་པར་བྱས་ཟིན་པའི་རྟ་ལ་གཡུང་བརྟན་ཆེ་བ་ཞེས་བརྗོད་པ་ལྟར། བཙན་པོའི་བཀའ་ལ་རྩི་བཀུར་ཞུ་བའི་བློ་བརྟན་པོ་ཡོད་པའི་མི་སྡེ་དང་མངའ་འབངས་ལ་ཟེར།

རིགས་དབྱེ།  

བོད་ཡུལ་རུ་ཆེན་ལྔ།

སྲོང་བཙན་སྒམ་པོས་བོད་ཡུལ་གཙང་ལ་གཡས་རུ་དང༌། རུ་ལག དབུས་ལ་དབུ་རུ་དང༌། གཡོ་རུ། དེ་མིན་རྣམས་ཡན་ལག་གསུམ་པའི་རུ་སྟེ་རུ་ཆེན་ཁག་ལྔར་ཕྱེ་བ་དེ་དག་གི་སྤྱི་མིང་ཡིན་ཞིང༌། སྔ་མ་གཉིས་ལ་བར་དབུས་གཙང་རུ་བཞིའང་ཟེར།

རིགས་དབྱེ།  

ཁྲིམས་ཡིག་ཞལ་ལྕེ་བཅུ་གསུམ།

དེ་སྔོན་བོད་ས་གནས་སུ་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས་རྗེས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་སྡེ་སྲིད་བསོད་ནམས་ཆོས་འཕེལ་ལ་བཀའ་ཕབས་པ་ལྟར་གཏན་འབེབས་བྱས་པའི་ཁྲིམས་ཡིག་གི་མིང་སྟེ། སྣེ་མོ་ལས་འཛིན་གྱི་ཞལ་ལྕེ། ཞུ་བཞེས་བདེན་རྫུན་གྱི་ཞལ་ལྕེ། བཟུང་བཀྱིགས་ཁྲིམས་རའི་ཞལ་ལྕེ། ནག་ཆེན་ཁྲག་སྦྱོར་གྱི་ཞལ་ལྕེ། དྲན་འཛིན་ཆད་ལས་ཀྱི་ཞལ་ལྕེ། ཧོར་འདྲ་ཟ་རྐང་གི་ཞལ་ལྕེ། བསད་པ་སྟོང་གི་ཞལ་ལྕེ། རྨས་པ་ཁྲག་གི་ཞལ་ལྕེ། བསྙོན་ཧམ་མནའ་དག་གི་ཞལ་ལྕེ། བརྐུས་པ་འཇལ་གྱི་ཞལ་ལྕེ། ཉེ་འབྲེལ་འབྲལ་བསྡུམས་ཀྱི་ཞལ་ལྕེ། བྱི་བྱས་བྱི་རིན་གྱི་ཞལ་ལྕེ། ནམ་ཕར་ཚུར་གྱི་ཞལ་ལྕེ་བཅས་ཡིན་ནོ།།

རིགས་དབྱེ།  

བློན་པོ་ཆེ་དགུ

བློན་པོ་ཆེ་དགུ་ཞེས་པ་ལས་འགན་མི་འདྲ་བའི་འགོ་གཙོ་བློན་པོའི་དབྱེ་བ་དགུ་ཡོད་པ་ནི། དགུང་བློན་ཆེ་འབྲིང་ཆུང་གསུམ། ནང་བློན་ཆེ་འབྲིང་ཆུང་གསུམ། བཀའ་ཡོ་གལ་འཆོས་པ་སྟེ། བཀའ་བློན་ཆེ་འབྲིང་ཆུང་གསུམ་བཅས་ཡིན་པར་གྲགས་སོ།།

རིགས་དབྱེ།  

ཁྲིམས་ཡིག་ཆེན་པོ་དྲུག

སྲིད་འཛིན་ས་ཁུལ་ཁག་གི་དབྱེ་མཚམས་དང་། སྲིད་འཛིན་དང་དམག་དོན་གྱི་སྒྲིག་གཞི། བློན་པོ་སོགས་དཔོན་རིགས་ཀྱི་གོ་གནས་དང་ལས་འགན། ཞིང་འབྲོག་གི་དབང་རིས། འཇལ་གཤོར་འདེགས་གསུམ་གྱི་ཚད་གཞི། རྗེ་བློན་གྱི་བླང་དོར་རིམ་པ་སོགས་ཀྱི་ཁྲིམས་དང་། མི་ཡི་ཀུན་སྤྱོད་ལ་གཏོགས་པའི་གནད་དོན་རྣམས་ཡིན་ནོ།།

རིགས་དབྱེ།  

ཁབ་སོ་ནང་པའི་ཁྲིམས།

སྲོང་བཙན་སྒམ་པོས་བོད་དུ་ལག་བསྟར་བྱས་པའི་ཁྲིམས་ཡིག་དྲུག་པ་སྟེ་བདེན་རྫུན་དབྱེ་འབྱེད་སྐབས་གཉིས་ཀ་བདེན་ན་གཉིས་ཀ་བདེན་དང་དགའ་གསུམ་དུ་གཅོད་པ་སྟེ། ཁྲིམས་ཁང་ནང་དུ་ཞུ་གཏུགས་བྱེད་མཁན་ཕྱོགས་གཉིས་ཀར་བདེན་པ་ཡོད་ན་ཕྱོགས་གཉིས་ཀས་ཁེ་གྱོང་འདྲ་མཉམ་ཁུར་རྒྱུར་ཐག་གཅོད་པ་ལ་ཟེར་ཞིང་། ཐག་གཅོད་དེ་ལྟར་བྱས་པ་དེས་ཕྱོགས་གཉིས་ཀའི་འདོད་པ་ཚིམ་ཐུབ་པ་མ་ཟད། ཐག་གཅོད་བྱེད་མཁན་གྱི་འདོད་པ་ཡང་ཚིམ་ཐུབ་པར་བརྟེན། དེ་ལ་གཉིས་བདེན་དགའ་གསུམ་ཟེར།

རིགས་དབྱེ།  

ཁོད་སོ་དྲུག་ལས་ཕྱག་རྒྱ་དྲུག

ཁོད་སོ་དྲུག་ལས་ཕྱག་རྒྱ་དྲུག་ནི། སྒྲོམ་བུ། རུ་མཚོན། སྐུ་མཁར། ལྷ་ཁང་། སྟག་སློག ཡིག་ཚང་སྟེ་དྲུག་ཡིན་ནོ།།

རིགས་དབྱེ།  

ཁོད་སོ་དྲུག

ཆོས་རྒྱལ་སྲོང་བཙན་སྒམ་པོས་ཁྲིམས་ཡིག་དོན་ཚན་སོ་དྲུག་གམ་ཁོད་སོ་དྲུག་ཅེས་པ་ནི། བཀའ་ཡི་ཁྲིམས་ཡིག་ཆེན་པོ་དྲུག བཀའ་གྲོས་ཆེན་པོ་དྲུག ཡིག་ཚངས་དྲུག བཀའ་ཡི་ཕྱག་རྒྱ་དྲུག རྐྱེན་དྲུག དཔའ་མཚན་དྲུག་བཅས་ཡིན་པར་ཆོས་འབྱུང《ཆོས་འབྱུང་མཁས་པའི་དགའ་སྟོན》ནང་གསལ།

རིགས་དབྱེ།  

ཁྱི་རྦོད་ནས་མི་བསད་པའི་སྐོར་གྱི་ཁྲིམས་ཡིག

ཏུན་ཧོང་གཏེར་ཡིག(P.T.T.1073)ནས་ཐོན་པའི་ཁྲིམས་ཡིག་ཁག་ལས་ཁྱི་རྦོད་ནས་མི་བསད་པའི་སྐོར་གྱི་ཁྲིམས་ཡིག

རིགས་དབྱེ།  

འབྲོག་པའི་ཁྲིམས་སྲོལ།

བོད་ཀྱི་འབྲོག་པ་ནི་སྟོད་མངའ་རིས། བར་དབུས་གཙང་། སྨད་མདོ་ཁམས་སོགས་ཀུན་ཏུ་འཚོ་བར་གནས་ཡོད་པས་ས་རྒྱ་ཤིན་ཏུ་ཆེན་པོ་ཟིན་ཡོད། ཁོ་ཚོའི་གནས་ཡུལ་དེ་དག་ནི་ས་མཐོ་ཞིང་གངས་ཀྱི་ར་བས་བསྐོར་ཡོད་པ་མ་ཟད། ན་ཁུག་སོགས་འདམ་ཟུག་གི་ལྗོངས་ཡོད་ཀྱང་། འོན་ཏེ་དཔའ་ཞིང་མཛངས་པའི་བོད་པའི་མེས་པོ་རྣམས་ཀྱིས་མི་རབས་ནས་མི་རབས་བརྒྱུད་དེ་རང་ཉིད་ཀྱི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་ཡུལ་ལྗོངས་དེ་དག་ལ་གསོན་ཉམས་ཀྱིས་ཕྱུགས་པར་བཅུག

རིགས་དབྱེ།  

འབྲོག་པའི་ཁ་མཆུ།

འབྲོག་མི་ཚོས་ཁ་མཆུ་ལ“གྱོད”ཅེས་དང་། ཁ་མཆུ་ཅན་ཕན་ཚུན་ལ“གྱོད་པ”ཞེས་དང་། ཁ་མཆུའི་འདུམ་བྱེད་མཁན་རྣམས་ལ“གཟུ་པ”ཞེས་དང་། འདུམ་གྱི་ཆོད་དོན་ལ“གཟུ”ཞེས་ཟེར་སྲོལ་འདུག གྱོད་པ་ཕན་ཚུན་ནས་འཁོན་གཞི་བཤད་པའི་ཚེ། “རྫིག”ཅེས་བྱ་བ་བཤད་བྱའི་ཚིག་དངོས་མ་སྨོས་པར་གངས་རི་དང་། སེང་གེ་དང་། རྒྱ་མཚོ་ལ་སོགས་པའི་དཔེ་བཞག་ཅིང་། དཔེའི་སྟེང་ནས་གྱོད་ཀྱི་དོན་འབྲས་བཤད་པ་དང་། ཡང“སྙག”ཅེས་བྱ་བ་གྱོད་ཀྱི་རྩ་བ་མི་སྟོང་སོགས་གང་ལ་ཐུག་པ་དེའི་ཆེད་དུ་རྒྱུ་དངོས་འདི་དགོས་ཀྱི་མཛུབ་སྟོན་བྱེད་ཅིང་། “ང་ལ་སྙག་འདི་ཙམ་བྱུང་ན་གྱོད་བཤད། མ་བྱུང་ན་མི་བཤད”ཅེས་བྱ་བ་ཞིག་ཀྱང་ཡོད་པ་རེད།

རིགས་དབྱེ།  

འབྲོག་པའི་ཡུལ་ཁྲིམས།

འབྲོག་མིའི་ཡུལ་ཁྲིམས་ལ་ཞིབ་འཇུག་བྱེད་མཁན་གཙོ་བོ་ནི་འབྲོག་རུ་སོ་སོར་ཡོད་པའི“རྒན་པོ”ཞེས་བྱ་བ་འབྲོག་མི་རྒན་རིམ་བློ་ཁོག་དྲང་བ་དག་གིས་བྱེད་ཅིང་། དུས་ནི་གླང་ཟླའི་བཞི་རྒྱལ་དང་། དེར་མ་གྲུབ་པ་རྣམས་སྟག་ཟླའི་འདུ་བའི་སྐབས་སུ་ཞིབ་འཇུག་བྱེད་ཀྱི་ཡོད་འདུག

རིགས་དབྱེ།  

འབྲོག་པའི་ཏིས་རྩོད།

འབྲོག་མི་ཞིག་སུ་ཞིག་གི་དགྲར་གྱུར་པ་ཡིན་ན་ཉེན་ཚབས་ཧ་ཅང་ཆེ་བ་ཞིག་ཀྱང་ཡིན་པ་རེད། མི་སུ་ཡང་རུང་བ་ཞིག་གམ་ཕྱོགས་ཁག་གང་ཡང་རུང་བ་ཞིག་གིས་འབྲོག་མི་གཅིག་གམ་མི་སྡེའི་ཤོག་ཁག་གང་རུང་ཞིག་ལ་འཁོན་རྩོད་ཀྱི་གཞི་ཆེ་ཕྲ་ཅི་ཡང་རུང་བ་ཞིག་ཤོར་བ་ཡིན་ན། དེ་མ་ཐག་ཏུ་རང་ངོས་ནས་དྲང་ཞིང་འོས་པའི་འདུམ་ལེན་དགོས་པ་ནི་ཧ་ཅང་གལ་ཆེན་པོ་ཞིག་རེད།

རིགས་དབྱེ།  

འབྲོག་པའི་བྱི་སྟོང་།

འབྲོག་ཡུལ་གྱི་བུ་མོ་ཞིག་ལ་གཉེན་འདུན་མ་བྱས་པའི་གོང་དུ་བྱི་ཕྲུག་གཅིག་བྱུང་བ་ཡིན་ན་ནང་གི་ཕ་མ་ཚོས་འཕྲལ་དུ་ཕ་སུ་ཡིན་འདྲི་རྩད་བྱེད་ཅིང་། ཕྱོགས་ཕན་ཚུན་གཉིས་ཀའི་ཕ་མ་རྣམས་གཉེན་འདུན་བྱ་བར་བློ་མཐུན་ན་འཕྲལ་དུ་བག་ཆོག་སྤྱི་ལྟར་བྱེད་པ་དང་། དེ་ལྟར་མ་བྱུང་ཚེ་བྱི་སྟོང་འཇལ་དགོས་པ་རེད།

རིགས་དབྱེ།