ཞིང་ལས་དེང་རབས་ཅན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཞིང་ལས་དེང་རབས་ཅན།
ཞིང་ལས་དེང་རབས་ཅན་ཞེས་པ་ནི་སྲོལ་རྒྱུན་གྱི་ཞིང་ལས་ནས་དེང་རབས་ཞིང་ལས་སུ་བསྒྱུར་བ་དང་། ཞིང་ལས་དེ་དེང་རབས་ཚན་རིག་གི་རྨང་གཞིའི་ཐོག་བཙུགས་ཤིང་། དེང་རབས་ཀྱི་ཚན་རིག་ལག་རྩལ་དང་དེང་རབས་ཀྱི་བཟོ་ལས་ལ་བརྟེན་ནས་ཞིང་ལས་སྒྲིག་སྦྱོར་བྱས་ཏེ། དེང་རབས་ཀྱི་དཔལ་འབྱོར་ཚན་རིག་ལ་བརྟེན་ནས་ཞིང་ལས་དོ་དམ་བྱེད་པ་དང་། ཐོན་ཚད་མཐོ་བ་དང་། སྤུས་ཀ་དག་པ། ཟད་གྲོན་ཆུང་བ་བཅས་ཀྱི་ཞིང་ལས་ཐོན་སྐྱེད་མ་ལག་ཅིག་དང་ཐོན་ཁུངས་བེད་སྤྱོད་ལུགས་མཐུན་བྱེད་པ། ཁོར་ཡུག་སྲུང་སྐྱོང་བྱེད་པ། འཕོ་འགྱུར་གྱི་ལས་ཆོད་ཅུང་ཆེ་བ་བཅས་ཀྱི་ཞིང་ལས་སྐྱེ་ཁམས་མ་ལག་ཅིག་གསར་སྐྲུན་བྱེད་པ་ལ་ཟེར། དེ་ནི་ཁྱབ་རྒྱ་ཧ་ཅང་ཆེ་བ་དང་། ཕྱོགས་བསྡུས་རང་བཞིན་ཧ་ཅང་ཆེ་བའི་ལག་རྩལ་བསྒྱུར་བཀོད་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་ཡིན་ལ། ལོ་རྒྱུས་རང་བཞིན་གྱི་མཚན་ཉིད་ཅིག་དང་། འཛམ་གླིང་རང་བཞིན་གྱི་མཚན་ཉིད་ཅིག་ཀྱང་ཡིན། ཞིང་ལས་དེང་རབས་ཅན་དུ་འགྱུར་བའི་དམིགས་ཡུལ་ནི་དར་རྒྱས་ཆེ་བའི་ཞིང་ལས་དང་། འབྱོར་ཕྱུག་གི་གྲོང་གསེབ་འཛུགས་སྐྲུན། ཁོར་ཡུག་བཟང་བོ་འཛུགས་སྐྲུན་བྱ་རྒྱུ་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་སྐད་ཀྱི་མིང་།
农业现代化
ྨམཐའ་མཇུག
དེང་རབས་ཞིང་ལས།
དབྱིན་སྐད་ཀྱི་མིང་།
agricultural modernization
དང་ཐོག
སྲོལ་རྒྱུན་ཞིང་ལས།
མཚན་ཉིད།
བརྒྱུད་རིམ་དང་བྱེད་ཐབས།
མཇུག་འབྲས།
དེང་རབས་འཛམ་གླིང་སྔོན་ཐོན་ཆུ་ཚད་ཀྱི་ཞིང་ལས།
1 རྩ་བའི་རིགས་པ།

རང་རྒྱལ་གྱི་ཞིང་ལས་འཕེལ་རྒྱས་ཀྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ། ཞིང་ལས་དེང་རབས་ཅན་གྱི་ནང་དོན་དང་ཁྱད་ཆོས་ཀྱི་ངོས་ཟིན་ལ་གཤམ་གྱི་ཕྱོགས་འགའ་ནས་དབྱེ་ཞིབ་བྱེད་དགོས།

འགུལ་རྣམ་རང་བཞིན།

ཞིང་ལས་དེང་རབས་ཅན་ནི་བལྟོས་བཅས་རང་བཞིན་ཅུང་དྲག་པའི་མཚན་ཉིད་ཅིག་ཡིན་ཞིང་། དེའི་ནང་དོན་ནི་ལག་རྩལ་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ཡར་ཐོན་བྱུང་བ་དང་བསྟུན་ནས་འགྱུར་བ་བྱུང་བ་སྟེ། དུས་སྐབས་མི་འདྲ་བར་ནང་དོན་མི་འདྲ་བ་ཡོད་པ་དང་། ནང་དོན་ཐད་ནས་བཤད་ན།  ཞིང་ལས་དེང་རབས་ཅན་ལ་དུས་རིམ་རང་བཞིན་གྱི་དམིགས་འབེན་ལས་མཐར་ཐུག་གི་དམིགས་ཡུལ་མེད་པ་སྟེ། དུས་སྐབས་མི་འདྲ་བར་དུས་རིམ་དམིགས་འབེན་ཡང་མི་འདྲ་བ་གདམ་ག་བྱ་དགོས་ལ།  རྒྱལ་དམངས་དཔལ་འབྱོར་གྱི་ཆུ་ཚད་རིམ་པ་མི་འདྲ་བའི་སྟེང་རྣམ་པ་མངོན་ཚུལ་དང་ཁྱད་ཆོས་ཀྱང་མི་འདྲ་བ་ཡོད།

ས་ཁོངས་རང་བཞིན།

ནུབ་ཕྱོགས་དར་རྒྱས་ཆེ་བའི་རྒྱལ་ཁབ་ལ་དེང་རབས་ཞིང་ལས་ཀྱི་ལེགས་འགྲུབ་ཉམས་མྱོང་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་མོད།  འོན་ཀྱང་དེ་དག་ལ་རང་ངོས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད།  སྐྱེ་ཁམས་ཐོན་ཁུངས་ཀྱི་ཆ་རྐྱེན་བཅས་ཡོད། ང་ཚོས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཉམས་མྱོང་དཔྱད་གཞིར་འཛིན་སྐབས།   མངོན་འགྱུར་བྱེད་པའི་ཆ་རྐྱེན་ལ་དབྱེ་ཞིབ་བྱ་དགོས།  རྒྱུ་མཚན་ཞིང་ལས་ཐོན་སྐྱེད་ལ་ས་ཁོངས་རང་བཞིན་ངེས་ཅན་ཞིག་ཡོད་པ་དང་།   རྒྱལ་ཁབ་མི་གཅིག་པའི་ས་ཁོངས་རང་བཞིན་གྱི་ཁྱད་ཆོས་ཀྱང་མི་འདྲ་བ།  རྒྱལ་ཁབ་གཅིག་གི་ས་ཁོངས་མི་འདྲ་བ་དང་། ས་ཁོངས་གཅིག་པའི་ས་ཁུལ་མི་འདྲ་ནའང་ཞིང་ལས་ཐོན་སྐྱེད་ཀྱི་ཆ་རྐྱེན་ལ་ཁྱད་པར་ཧ་ཅང་ཆེན་པོ་ལྡན།   དེའི་སྟབས་ཀྱིས་ཞིང་ལས་དེང་རབས་ཅན་ལ་ས་ཁོངས་རང་བཞིན་གྱི་ཁྱད་ཆོས་ལྡན།

འཛམ་གླིང་རང་བཞིན་དང་དུས་རབས་རང་བཞིན།

དཔལ་འབྱོར་རིམ་བཞིན་གོ་ལ་ཅན་དུ་འགྱུར་བར་སྐུལ་བ་དང་བསྟུན་ནས་ལྷག་པར་རང་རྒྱལWTOནང་ཞུགས་པའི་སྤྱི་ཁོག་རྒྱབ་ལྗོངས་འོག་རང་རྒྱལ་གྱི་ཞིང་ལས་དེ་རྒྱལ་སྤྱིའི་ཁྲོམ་རའི་འགྲན་རྩོད་ནང་ཁྱོན་ཡོངས་ནས་མཉམ་འདྲེས་ཐུབ་རྒྱུ་དང་རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་གཉིས་ཀྱི་འགྲན་སློང་དགོས་པར་འདུག  དེ་བས་ན།  གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་མཐོ་ཚད་ཐོག་ནས་ཞིང་ལས་དེང་རབས་ཅན་དུ་འགྱུར་བར་དབྱེ་ཞིབ་བྱས་ཏེ་ས་ཁོངས་ཞིང་ལས་དེང་རབས་ཅན་དུ་འགྱུར་བ་བྱ་རྒྱུ་དེ་རྒྱལ་སྤྱིའི་གར་སྟེགས་ཆེན་པོའི་ཐོག་འཇོག་དགོས་པ་དང་། རྒྱལ་སྤྱིའི་ཐོག་ཀུན་གྱིས་ཁས་ལེན་པའི་ཚད་གཞི་ལྟར་ཞིང་ལས་དེང་རབས་ཅན་དུ་འགྱུར་བའི་ཐབས་ཇུས་ཀྱི་དམིགས་འབེན་མངོན་དུ་འགྱུར་མིན་བརྡར་ཤ་གཅོད་དགོས།

ཡོངས་ཁྱབ་རང་བཞིན།

མཁས་དབང་ཁ་ཅིག་གིས་ཞིང་ལས་དེང་རབས་ཅན་གྱི་ཁོངས་སུ་ཞིང་ལས་ཐོན་སྐྱེད་ཆ་རྐྱེན་གྱི་དེང་རབས་ཅན་མ་གཏོགས། ད་དུང་ཞིང་ལས་ཐོན་སྐྱེད་ལག་རྩལ་གྱི་དེང་རབས་ཅན། ཞིང་ལས་ཐོན་སྐྱེད་རྩ་འཛུགས་ཀྱི་དོ་དམ་དེང་རབས་ཅན་བཅས་ཚུད་ཡོད་ལ། དུས་མཚུངས་སུ་ཐོན་ཁུངས་བཀོད་སྒྲིག་བྱེད་སྟངས་ལེགས་སྒྱུར་དང་།  དེ་དང་འཚམ་པའི་ལམ་ལུགས་ཀྱི་བཀོད་སྒྲིག་ཀྱང་ཚུད་ཡོད། དེར་བརྟེན་ཞིང་ལས་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང“མཁྲེགས་ཆས”འཛུགས་སྐྲུན་ལ་མཐོང་ཆེན་བྱེད་པ་དང་།  དུས་མཚུངས་སུ“མཉེན་ཆས”འཛུགས་སྐྲུན་ལའང་མཐོང་ཆེན་བྱ་དགོས། ལྷག་པར་དུ་ཞིང་ལས་དེང་རབས་ཅན་དུ་འགྱུར་བར་ངེས་པར་དུ་ཞིང་ལས་ཐོན་ལས་ཅན་དང་། གྲོང་སྡེ་བཟོ་ལས་ཅན་དང་མཐུན་སྦྱོར་བྱ་དགོས་པ་དང་། གྲོང་གསེབ་ཀྱི་ལམ་ལུགས་བསྒྱུར་བཅོས། ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་འཛུགས་སྐྲུན་དང་དེ་བཞིན་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་སྐྲུན་བཅས་དང་ཆ་མཐུན་ཡོང་བར་བྱ་དགོས།

མདོར་བསྡུས་ནས་བཤད་ན། ཞིང་ལས་དེང་རབས་ཅན་ནི་དེང་རབས་ཀྱི་བཟོ་ལས་སྒྲིག་ཆས་ཞིང་ལས་དང་། དེང་རབས་ཀྱི་ཚན་རིག་ལག་རྩལ་ལ་བརྟེན་ནས་ཞིང་ལས་བསྒྱུར་བཀོད་དང་། དེང་རབས་ཀྱི་དོ་དམ་བྱེད་ཐབས་ལ་བརྟེན་ནས་ཞིང་ལས་དོ་དམ། དེང་རབས་ཀྱི་ཚན་རིག་རིག་གནས་ཤེས་བྱ་སྤྱད་དེ་ཞིང་པའི་བྱང་ཚད་མཐོ་རུ་གཏོང་བའི་བརྒྱུད་རིམ་ཞིག་ཡིན། ཐོན་ཚད་མཐོ་བ་དང་། སྤུས་ཀ་ལེགས་པ། ཕན་ནུས་ཆེ་བ་བཅས་ཀྱི་ཞིང་ལས་ཐོན་སྐྱེད་མ་ལག་བཙུགས་ནས་ཞིང་ལས་ལ་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། རྒྱུན་མཐུད་འཕེལ་རྒྱས་ཀྱི་ཞིང་ལས་བཅས་མངོན་གསལ་དོད་པོ་ལྡན་པའི་བརྒྱུད་རིམ་ཞིག་ཡིན། ཞིང་ལས་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཚད་མཐོན་པོར་མཐོར་འདེགས་གཏོང་བ་དང་། ཞིང་ལས་ཐོན་རྫས་མཁོ་སྤྲོད་དང་ཞིང་པའི་ཡོང་འབབ་རྒྱུན་ཆད་མེད་པར་ཇེ་མང་དུ་གཏོང་བའི་བརྒྱུད་རིམ་ཞིག་ཀྱང་རེད།

2 འཕེལ་རྒྱས།

སྤྱི་ལོ2013ལོའི་ཟླ3ཚེས26ཉིན། རྒྱལ་ཡོངས་ཀྱི་སྤྲོ་གསེང་ཞིང་ལས་དང་གྲོང་གསེབ་ཀྱི་ཡུལ་སྐོར་ཡུལ་དངོས་ཀྱི་སྤེལ་རེས་ཚོགས་འདུ་ནན་ཁྲང་དུ་འཚོགས། ཞིང་ལས་པུའུ་ཤང་གྲོང་ཁེ་ལས་ཅུས་ཀྱི་ཅུས་ཀྲང་ཀྲང་ཐེན་ཙུའོ་ཡིས་སྤྲོ་གསེང་ཞིང་ལས་དང་གྲོང་སྡེའི་ཡུལ་སྐོར་འཕེལ་རྒྱས་ཕྱིན་པ་དེས་ཞིང་ལས་ཀྱི་ཕྱོགས་བསྡུས་ཕན་འབྲས་ཆེ་རུ་ཕྱིན་ནས་ཞིང་ལས་དང་གྲོང་སྡེའི་དཔལ་འབྱོར་དར་རྒྱས་གོང་འཕེལ་འགྲོ་རྒྱུར་སྐུལ་མ་ཐེབས་པ་དང་།  ཞིང་བའི་ལས་ཞུགས་ཡོང་འབབ་འཕར་བར་སྐུལ་ཏེ།  རྒྱལ་ནང་གི་འཛད་སྤྱོད་དང་ཞིང་གྲོང་གི་དཔལ་འབྱོར་སྤྱི་ཚོགས་གཞི་གཅིག་ཅན་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ཐེབས་པ་བཅས་ཀྱི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་གྲོས་ཚོགས《ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཐེངས་བཅུ་གསུམ་པའི་ལོ་ལྔའི་འཆར་འགོད་བཟོ་རྒྱུའི་སྐོར་གྱི་གྲོས་གཞི》བརྒྱུད་དུས་སྐབས་གསར་པའི་ཞིང་ལས་དང་གྲོང་སྡེའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བཀོད་སྒྲིག་གལ་ཆེན་བྱས་ཡོད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་གསར་གཏོད་དང་།   མཐུན་སྦྱོར།  ལྗང་མདོག སྒོ་འབྱེད།   མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ཞིང་པ་དུང་ཕྱུར་མང་པོ་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་རྒྱུའི་འགན་ལེན་བྱེད་དགོས།

3 ཁྱད་ཆོས།

1.ཞིང་ལས་འཕྲུལ་ཆས་ཅན་ནི་ཞིང་ལས་དེང་རབས་ཅན་གྱི་རྨང་གཞི་ཡིན།

2.ཐོན་སྐྱེད་ལག་རྩལ་ཚན་རིག་ཅན་ནི་ཞིང་ལས་དེང་རབས་ཅན་གྱི་སྒུལ་ཤུགས་ཀྱི་འབྱུང་ཁུངས་ཡིན།

3.ཞིང་ལས་ཐོན་ལས་ཅན་ནི་ཞིང་ལས་དེང་རབས་ཅན་གྱི་གལ་ཆེའི་ནང་དོན་ཡིན།

4.ཞིང་ལས་ཆ་འཕྲིན་ཅན་ནི་ཞིང་ལས་དེང་རབས་ཅན་གྱི་གལ་ཆེའི་ལག་རྩལ་ཐབས་ཤེས་ཡིན།

5.ངལ་རྩོལ་པའི་སྤུས་ཚད་གྱི་མཐོར་འདེགས་ནི་ཞིང་ལས་དེང་རབས་ཅན་མངོན་འགྱུར་ཡོང་བར་བྱེད་པའི་ཐག་གཅོད་རྒྱུ་རྐྱེན་ཡིན།

6.ཞིང་ལས་འཕེལ་རྒྱས་རྒྱུན་མཐུད་ཅན་ནི་ཞིང་ལས་དེང་རབས་ཅན་ངེས་པར་བརྒྱུད་དགོས་པའི་ཐབས་ལམ་ཞིག་ཡིན།

4 བྱེད་ནུས།

1. ཐོན་སྐྱེད་བྱེད་ཐབས་དེང་རབས་ཅན་གྱི་ཞིང་ལས།

2. ཐོན་སྐྱེད་ལག་རྩལ་ཚན་རིག་ཅན་གྱི་ཞིང་ལས །

3. གཉེར་སྐྱོང་བྱེད་ཐབས་ཐོན་ལས་ཅན་གྱི་ཞིང་ལས།

4. ཞབས་ཞུ་སྤྱི་ཚོགས་ཅན་གྱི་ཞིང་ལས།

5. ཐོན་ལས་བཀོད་སྒྲིག་ས་ཁོངས་ཅན་གྱི་ཞིང་ལས།

6. རྨང་གཞི་སྒྲིག་བཀོད་དེང་རབས་ཅན་གྱི་ཞིང་ལས།

7. སྐྱེ་ཁམས་ཁོར་ཡུག་དེང་རབས་ཅན་གྱི་ཞིང་ལས།

8. ངལ་རྩོལ་མཁན་དེང་རབས་ཅན་གྱི་ཞིང་ལས།

9. འཚོ་བ་དེང་རབས་ཅན་གྱི་ཞིང་བ།

5 འབྲེལ་ཡོད་གནད་དོན།

ཚོད་འཛིན་གྲུབ་ཆ།

རང་རྒྱལ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་བསྒྱུར་བཅོས་སྒོ་འབྱེད་བྱས་ཚུན་ལ་རང་རྒྱལ་གྱི་ཞིང་ལས་དཔལ་འབྱོར་འཕེལ་རྒྱས་མགྱོགས་མྱུར་བྱུང་བ་དང་། འཛམ་གླིང་གི་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད་མོད། འོན་ཀྱང་དར་རྒྱས་ཆེ་བའི་རྒྱལ་ཁབ་དང་བསྡུར་ན། རང་རྒྱལ་གྱི་ཞིང་ལས་དཔལ་འབྱོར་དེ་མྱུར་ཚད་དང་། གཞི་ཁྱོན། ཕན་འབྲས་བཅས་གང་གི་ཐད་ནས་ཀྱང་འཛམ་གླིང་གི་དེང་རབས་ཞིང་ལས་དང་ད་དུང་ཧེ་བག་ཧ་ཅང་ཆེན་པོ་ཡོད་ལ། རང་རྒྱལ་གྱི་ཞིང་ལས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་བགྲོད་ལམ་ད་དུང་ཧ་ཅང་རིང་པོ་ཡོད།

1.ཞིང་ལས་ཀྱི་ངལ་རྩོལ་ནུས་ཤུགས་ལྷག་མ་ཚབས་ཆེ་བ་དང་། ངལ་རྩོལ་ནུས་ཤུགས་ཀྱི་བྱང་ཚད་དམའ་བ།

2.ཞིང་ལས་ཐོན་སྐྱེད་སྒྲིག་གཞི་ཚུལ་མཐུན་མིན་པ་དང་། ངལ་རྩོལ་ཐོན་སྐྱེད་ཚད་དམའ་བ།

3.ཞིང་ལས་ཐོན་སྐྱེད་ལག་རྩལ་གྱི་ཆུ་ཚད་རྗེས་ལུས་ཡིན་པ།

4.ཞིང་ལས་ཐོན་སྐྱེད་ཆད་ལྷག་ཤོར་བ་དང་། ཞིང་ལས་སྐྱེ་ཁམས་ཁོར་ཡུག་ཉིན་བཞིན་བཙོག་སྒྱུར་བྱེད་པ།

དེའི་སྟབས་ཀྱིས་རང་རྒྱལ་གྱི་ཞིང་ལས་འཕེལ་རྒྱས་ཁ་གཏད་པའི་སྐྱེ་ཁམས་ཁོར་ཡུག་ཤིན་ཏུ་ཛ་དྲག་ཡིན་པ་དང་།  ཞིང་ལས་ཐོན་ཁུངས་ཆད་ལྷག་ཤོར་ཞིང་།  ཁོར་ཡུག་བཙོག་སྒྱུར་དང་།  སྐྱེ་ཁམས་ཇེ་ཞན་དུ་འགྲོ་བ་སོགས་ཀྱིས་ཞིང་ལས་དེང་རབས་ཅན་གྱི་འཕེལ་རིམ་ལ་འཇིགས་སྐུལ་གྱིན་ཡོད།

ཐག་གཅོད་ཐབས།

ཞིང་ལས་ཀྱི་དེང་རབས་ཅན་མེད་ཚེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་གླེང་མི་ཐུབ་ལ། ད་དུང་ཀྲུང་གོ་ཧྲིལ་བོའི་སྤྱི་ཚོགས་ཀྱི་དེང་རབས་ཅན་ཡང་ཡོད་མ་ཡིན། དེ་བས་ང་ཚོས་ངེས་པར་དུ་རང་རྒྱལ་གྱི་ཞིང་ལས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་མཐོང་ཆེན་བྱེད་དགོས།

1.གྲོང་སྡེའི་དུད་ཁྱིམ་གྱིས་འགན་བླང་སྟེ་གཉེར་སྐྱོང་བྱེད་པའི་ལམ་ལུགས་འཐུས་ཚང་དང་ཇེ་བརྟན་དུ་གཏོང་དགོས།

2.ཞིང་བ་ཡོངས་ཀྱི་བྱང་ཚད་ལ་ཤུགས་སྣོན་དང་མཐོར་འདེགས་གཏོང་དགོས།

3.ཞིང་ལས་ཚན་རྩལ་ཁྱབ་སྤེལ་ཚད་ལ་ཤུགས་བསྣན་ཏེ། ཚན་རིག་ཞིབ་འཇུག་གི་འབྲས་བུའི་སྤྱོད་སྟངས་ལ་སྐུལ་འདེད་གཏོང་བ།

4.ཞིང་ལས་འཕྲུལ་ཆས་ཅན་གྱི་ཞིབ་འཇུག་དང་ཚུལ་ལྡན་ཅན་ལ་ཤུགས་སྣོན་པ།

5.ཞིང་ལས་ཐོན་སྐྱེད་ཅན་གྱི་གཉེར་སྐྱོང་ལ་སྐུལ་འདེད་བྱས་ཏེ། མགྱོགས་མྱུར་སྒོས་ཞིང་ལས་ཆ་འཕྲིན་ཅན་འཛུགས་སྐྲུན་བྱེད་པ།

6.ཐོན་ཁུངས་བེད་སྤྱོད་ལས་ཕྱོད་མཐོར་འདེགས་བཏང་སྟེ། ཞིང་ལས་རྒྱུན་མཐུད་འཕེལ་རྒྱལ་མངོན་འགྱུར་ཡོང་བར་བྱེད་པ།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཞིང་ལས། དེང་རབས་ཅན།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-09

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།