མཆོང་སྐྱོད་རྣམ་པའི་འཕེལ་རྒྱས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཆོང་སྐྱོད་རྣམ་པའི་འཕེལ་རྒྱས།
མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་ནི་མགྱོགས་མྱུར་ལྡན་པའི་འཕེལ་རྒྱས་ཀྱི་རིགས་ཤིག་ཡིན་ཞིང་། འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་དུས་ཚོད་ཐུང་ངུ་ཞིག་བེད་སྤྱད་དེ་དམིགས་ཚད་ལ་སླེབས་དགོས་པ་དེ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
跨越式发展
ངོ་བོ།
མགྱོགས་མྱུར་ལྡན་པའི་འཕེལ་རྒྱས་ཀྱི་རིགས་ཤིག
ཁྱད་ཆོས།
ཆོས་ཉིད་བརྩི་སྲུང་བྱེད་པའི་ཆ་རྐྱེན་འོག དུས་ཡུན་ཐུང་ངུའི་ནང་དམིགས་ཚད་ལ་སླེབས་པ།
དོན་སྤྱིའི་ཁྱད་པར།
བསྙེགས་བརྒལ་གྱི་སྤྱོད་སྟངས།
1 ​ངོ་སྤྲོད།

མཆོང་སྐྱོད་ཀྱི་གཞི་རྩའི་གོ་དོན་ནི། གནས་ཤིག་ནས་གནས་གཞན་ཞིག་གི་བར་དུ་བརྒལ་བའི་གོ་རིམ་ལ་ཟེར་ཞིང་། འཕེལ་རྒྱས་ཀྱི་དོན་ནི། མུ་མཐུད་དུའམ་རྒྱུན་བསྐྱངས་པའི་གོ་དོན་ལྡན་པས། མུ་མཐུད་དུ་མདུན་སྐྱོད་བྱེད་པའི་དོན་ཡིན།      

མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་ནི་མགྱོགས་མྱུར་ལྡན་པའི་འཕེལ་རྒྱས་ཀྱི་རིགས་ཤིག་ཡིན་པ་དང་། འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་དུས་ཚོད་ཐུང་ངུ་ཞིག་བེད་སྤྱད་དེ་དམིགས་ཚད་ལ་སླེབས་དགོས་པ་དེ་རེད།     

“མཆོང་སྐྱོད་རྣམ་པའི་འཕེལ་རྒྱས”ཞེས་པ་ནི་ལོ་རྒྱུས་ཀྱི་ཆ་རྐྱེན་ངེས་ཅན་ཞིག་གི་འོག རྗེས་སུ་ལུས་པ་དག་གིས་སྔོན་ལ་བསྐྱོད་མྱོང་བའི་འཕེལ་རྒྱས་ཀྱི་དུས་རིམ་ག་གེ་མོ་ཞིག་གི་རྒྱུན་སྲོལ་ལས་བརྒལ་བའི་བསྙེགས་བརྒལ་གྱི་བྱ་སྤྱོད་ལ་ཟེར། “རྒྱུན་སྲོལ་ལས་བརྒལ་བ”ཡིན་ན། དེ་ནི་མགྱོགས་ཚད་འབའ་ཞིག་ལ་བརྟེན་ནས་མངོན་འགྱུར་བྱེད་ཐུབ་པ་ཞིག་གཏན་ནས་མ་ཡིན་པར། ད་ལྟའི་རྒྱལ་སྤྱིའི་འཕེལ་རྒྱས་ཁ་ཕྱོགས་ལ་དབྱེ་ཞིབ་ཡང་དག་དང་། སྔོན་ཆད་བསྐྱོད་ཟིན་པའི་འགྲོ་ལམ་ལ་བསམ་གཞིགས་གཏིང་ཟབ་པ་ཞིག་བྱ་རྒྱུ་ལས་གཞན། ད་དུང་རང་རྒྱལ་གྱི་དོན་དངོས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་ངོས་འཛིན་ཅུང་གསལ་བོ་ཞིག་བྱུང་རྗེས། ད་གཟོད་ང་ཚོས་བཏོན་པའི་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་ཀྱི་འཐབ་ཇུས་དང་སྲོལ་རྒྱུན་བཟོ་ལས་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ཀྱི་དུས་སྐབས་གང་རུང་ཞིག་གི“བསྙེགས་བརྒལ་རྣམ་པའི”འཐབ་ཇུས་མི་འདྲ་བ་གསལ་བོར་རྟོགས་ཐུབ་ཅིང་། དེས་ངེས་པར་དུ་སྲོལ་རྒྱུན་གྱི་བཟོ་ལས་ཅན་དུ་འགྱུར་བའི་བགྲོད་ལམ་ཁྲོད“མྱུར་ཚད་ཅན”གྱི་འཕར་སྣོན་ཁོ་ན་དོན་གཉེར་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་ཁྲོད་ཀྱི་དུས་ཐུང་གི་བྱ་སྤྱོད་ལ་གཞོལ་བ། དེ་བཞིན“སྣ་རྐྱང་གོང་འཕེལ”བཅས་ཀྱི་འཕེལ་རྒྱས་གཏོང་སྟངས་ལས་བརྒལ་ཏེ། མྱུར་ཚད་དང་ལས་ཕྱོད་མཉམ་དུ་གལ་ཆེར་འཛིན་པ་དང་། མིག་སྔའི་འཕེལ་རྒྱས་དང་ཡུན་རིང་གི་འཕེལ་རྒྱས་གཉིས་ཀ་འཛིན་པ། ད་དུང་དཔལ་འབྱོར་དང་སྤྱི་ཚོགས། སྐྱེ་ཁམས་ཁོར་ཡུག་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་རྣམ་པ་དོན་གཉེར་བྱེད་དགོས། 

2 ཐོན་སྐྱེད་ནུས་ཤུགས་ཀྱི་འཕེལ་རྒྱས།

དེང་གི་འཛམ་གླིང་གི་འཕེལ་ཕྱོགས་ལས་མངོན་པ་ལྟར་ན། ཆ་འཕྲིན་ཅན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་ལྡན་ཡོད་པས། ང་ཚོས་ངེས་པར་དུ་ཚད་མཐོའི་མཐོང་ཆེན་དང་ནུས་ཤུགས་ཡོད་རྒུས་ཆ་འཕྲིན་ཅན་གྱིས་བཟོ་ལས་ཅན་ལ་སྐུལ་ཁྲིད་དང་། རྗེས་ཐོན་ལེགས་ཆ་འདོན་སྤེལ་བྱས་ཏེ་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་ཡོང་བར་བརྩོན་ལེན་བྱེད་དགོས།

དེང་རབས་ཀྱི་སྤྱི་ཚོགས་སུ་ཐོན་སྐྱེད་ནུས་ཤུགས་ཀྱི་འཕེལ་རྒྱས་ནི་སྣ་གཅིག་རང་བཞིན་མིན་པས། ཐོན་སྐྱེད་ནུས་ཤུགས་ཀྱི་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་མངོན་འགྱུར་བྱེད་ཐུབ། ཐོན་སྐྱེད་ནུས་ཤུགས་ལ་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་ཡོང་བར་ཡང་ཆ་རྐྱེན་ངེས་ཅན་ཞིག་ཡོད་དེ། གོ་ལ་ཧྲིལ་པོའི་དཔལ་འབྱོར་གཞི་གཅིག་ཅན་དུ་འགྱུར་བའི་ཆ་རྐྱེན་འོག་དང་། བསྒྱུར་བཅོས་དང་སྒོ་འབྱེད་པའི་ཆ་རྐྱེན་འོག ཐོན་སྐྱེད་ནུས་ཤུགས་ཀྱི་ད་སྔའི་གྲུབ་འབྲས་བེད་སྤྱོད་བྱས་པར་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་ཀྱི་སྣ་གཅིག་འཕེལ་རྒྱས་གཏོང་སྟངས་བསྒྱུར་ཏེ་མཆོང་སྐྱོད་ཀྱི་རྣམ་པ་མངོན་འགྱུར་བྱུང་བ་རེད། དེང་རབས་ཀྱི་ཀྲུང་གོར་ཐོན་སྐྱེད་ནུས་ཤུགས་ལ་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་ཡོང་བ་བྱ་རྒྱུ་ཧ་ཅང་གལ་ཆེན་ཡིན། ལོ་རྒྱུས་རྒྱུ་རྐྱེན་གྱི་དབང་གིས་ཀྲུང་གོའི་ཐོན་སྐྱེད་ནུས་ཤུགས་ཅུང་རྗེས་ལུས་ཡིན་པ་དང་། གལ་ཏེ་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་མངོན་འགྱུར་མ་བྱུང་ཚེ། འགོ་མཇུག་བར་གསུམ་དུ་འཛམ་གླིང་གི་ཐོན་སྐྱེད་ནུས་ཤུགས་གོང་དུ་འཕེལ་བའི་རྗེས་སུ་ལུས་ངེས་རེད།

བློ་མཐུན་ཅང་ཙེ་མིན་གྱིས་ཐོན་སྐྱེད་ནུས་ཤུགས་ལ་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་གཏོང་ནུས་པའི་ལྟ་བ་བཏོན་པ་རེད། ཐོན་སྐྱེད་ནུས་ཤུགས་དེ་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་གཏོང་ནུས་པ་དང་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཀྱི་དུས་རིམ་དུ་མཆོང་སྐྱོད་བྱེད་མི་ནུས་པ་གཉིས་ནི་དོན་གཅིག་མིན་པར། སྔ་མས་བཤད་པ་ནི་མྱུར་ཚད་ཀྱི་གནད་དོན་ཡིན་པ་དང་། ཕྱི་མས་བཤད་པ་ནི་དུས་ཚོད་དང་བར་སྟོང་གི་གནད་དོན་ཡིན། ཐོན་སྐྱེད་ནུས་ཤུགས་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་ཡོང་བ་ཞེས་པ་ནི་འཕེལ་རྒྱས་ཀྱི་དུས་རིམ་ཞིག་གི་ནང་། དཔེར་ན་ཚོང་ཟོག་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་དུས་རིམ་ནང་། ཚན་རིག་ལག་རྩལ་དང་རྒྱུ་རྐྱེན་གཞན་དག་གི་ནུས་པར་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་མཆོང་སྐྱོད་རྣམ་པའི་སྒོ་ནས་མདུན་དུ་སྐྱོད་ཐུབ་པས་དུས་ཚོད་དང་འཁོར་ཡུན་ཐུང་ངུར་བཏང་ནས་ལས་ཕྱོད་ཆེ་རུ་གཏོང་ཐུབ་པ་དེ་རེད། དེར་བརྟེན་ཐོན་སྐྱེད་ནུས་ཤུགས་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་ཡོང་བ་བྱ་རྒྱུ་ནི་དེང་རབས་ཀྲུང་གོའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་འགྲོ་བའི་ཁྱད་ཆོས་ཡིན་ཞིང་། ཅང་ཙེ་མིན་གྱིས་བཏོན་པའི་ཆ་འཕྲིན་ཅན་གྱིས་བཟོ་ལས་ཅན་ལ་སྐུལ་ཁྲིད་བྱས་ཏེ་ཐོན་སྐྱེད་ནུས་ཤུགས་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་ཡོང་བ་བྱ་རྒྱུ་ནི་དེང་རབས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་འགྲོ་བའི་ཁྱད་ཆོས་ལ་བསམ་ཞིབ་བྱས་པའི་མཚོན་རྟགས་ཡིན།

རྣམ་པ་གསར་བའི་བཟོ་ལས་ཅན་གྱི་བགྲོད་ལམ་དུ་བསྐྱོད་ཚེ། རང་རྒྱལ་གྱི་ཐོན་སྐྱེད་ནུས་ཤུགས་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཆེན་པོ་གཏོང་ཐུབ། 

3 མགྱོགས་མྱུར་གྱི་འཕེལ་རྒྱས།

མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་ནི་མྱུར་ཚད་མགྱོགས་པའི་འཕེལ་རྒྱས་ཀྱི་རིགས་ཤིག་ཡིན་པས། འཕེལ་རྒྱས་ཀྱི་ཆོས་ཉིད་བརྩི་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག དུས་ཚོད་ཐུང་ངུ་ཞིག་བེད་སྤྱད་ནས་རང་ཉིད་ཀྱི་དམིགས་ཚད་ལ་སླེབས་གང་ཐུབ་བྱེད་དགོས། མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་ནི་ཆུ་ཚད་མཐོ་བའི་འཕེལ་རྒྱས་ཤིག་ཡིན་པས། ཚན་རྩལ་ཡར་རྒྱས་ཀྱི་སྐུལ་འདེད་འོག་ཐོན་ལས་དང་ལག་རྩལ། སྤུས་ཚད། ཕན་འབྲས་བཅས་ཀྱི་མཆོང་སྐྱོད་གསར་བ་མངོན་འགྱུར་གང་ཐུབ་བྱ་དགོས་པ་དང་། མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་ནི་སྔོན་ཐོན་བསྙེགས་བརྒལ་གྱི་འཕེལ་རྒྱས་ཤིག་ཡིན་པས། ཕྱོགས་བསྡུས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་འོག དར་རྒྱས་ཆེ་བའི་ས་ཁུལ་དང་ཧེ་བག་ཆུང་དུ་གཏོང་དགོས་པ་དང་། ཐ་ན་དར་རྒྱས་ཆེ་བའི་ས་ཁུལ་གྱི་རྗེས་ཆོད་པ་དང་ཡང་ན་དེ་ལས་བརྒལ་དགོས། མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་ནི་རྒྱུན་སྲོལ་ལས་འདས་པའི་འཕེལ་རྒྱས་ཤིག་ཡིན་པར་མ་ཟད། དོ་མཉམ་མིན་པའི་འཕེལ་རྒྱས་ཤིག་ཀྱང་ཡིན་ཏེ། དེ་ནི་ཕྱོགས་ཡོངས་ཆ་ཚང་བ་དང་མཉམ་འགྲོའི་སྒོ་ནས་སྐུལ་འདེད་གཏོང་བ་ཞིག་མ་ཡིན་པར། ཁྱབ་ཁོངས་མི་འདྲ་བའི་ནང་སྔ་གཞུག་དང་གཙོ་གནད་ཡོད་པ་རེད། མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་ནི་རྒྱུན་མཐུད་ངང་གོང་འཕེལ་གཏོང་རྒྱུ་ཞིག་ཡིན་པས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་དང་། མི་འབོར་དང་ཐོན་ཁུངས། ཁོར་ཡུག་བཅས་ཕན་ཚུན་མཐུན་སྦྱོར་ཡོང་བའི་གནས་ཚུལ་འོག རྒྱུན་མཐུད་ངང་གོང་འཕེལ་གཏོང་ནུས་ཆེ་རུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་ཐོག་མཐའ་བར་གསུམ་དུ་སྐྱེ་སྟོབས་དང་གསོན་ཤུགས་ལྡན་ཐུབ་པ་བྱེད་དགོས། 

4 མཚན་ཉིད་རིག་པའི་དོན་སྙིང་།

མཚན་ཉིད་རིག་པའི་མཐོ་ཚད་དང་དངོས་གཙོ་རིང་ལུགས་ཀྱི་ལྟ་བ་གཞིར་བཟུང་ནས། མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་འདུ་ཤེས་ཀྱི་ནང་དོན་ལ་གཤམ་ལྟར་རྒྱས་བཤད་བྱས་ཆོག་སྟེ། དངོས་གཙོ་རིང་ལུགས་ཀྱི་ལྟ་བ་ལྟར་ན། འགལ་བ་ནི་བྱ་དངོས་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཡིན་པ་དང་། གསལ་པོར་བཤད་ན་སྤྱི་ཚོགས་ཀྱི་འགལ་བ་ནི་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཡིན། ཡིན་ནའང་འགལ་ཟླའི་ཁ་གཏད་རང་བཞིན་ཚད་ངེས་ཅན་ཞིག་ཏུ་འཕེལ་རྒྱས་བྱུང་སྟེ། སྤྱི་ཚོགས་ཀྱིས་འགལ་ཟླ་ཐེག་ཐུབ་པའི་ཁྱབ་ཁོངས་ལས་བརྒལ་ཚེ། ད་གཟོད་གཞི་ནས་སྤྱི་ཚོགས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་འབོར་ཆེན་འདོན་ཐུབ་པར་མ་ཟད། སྤྱི་ཚོགས་ལ་གཏོར་བཤིག་གི་ནུས་པ་ཆེན་པོ་འདོན་ཐུབ། མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ཀྱི་ཁྱད་ཆོས་གཙོ་བོ་ནི་སྤྱི་ཚོགས་ལ་འགལ་ཟླས་སྤྱི་ཚོགས་འཕེལ་རྒྱས་དང་ཡར་རྒྱས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་ཐོན་པའི་གཏོར་བཤིག་གི་ནུས་པ་ཆེན་པོ་མི་ཐེབས་པ་བྱ་རྒྱུ་དེ་རེད།

ཞིབ་ཕྲའི་སྒོ་ནས་བཤད་ན་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་གཏོང་རྒྱུ་དེ་གཙོ་བོ་ཚན་རྩལ་དང་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་བརྟེན་དགོས་པ་དང་། མིའི་རང་སྟོབས་ཀྱི་ནུས་པ་དེ་སྤྱི་ཚོགས་གོང་འཕེལ་དང་ཡར་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་སྤེལ་ཤུགས་ཆེ་རུ་གཏོང་དགོས་པར་མ་ཟད། སྤྱི་ཚོགས་ཀྱི་འགལ་ཟླའི་རྣོ་ངར་ཆེ་ཆུང་དང་ལྡོག་ཕྱོགས་ཀྱི་ནུས་པ་ཆུང་དུ་བཏང་སྟེ། ཚད་གཞི་མཐོ་ཤོས་ཀྱི་སྟེང་ནས་འགལ་ཟླས་སྤྱི་ཚོགས་འཕེལ་རྒྱས་དང་ཡར་རྒྱས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་ཐོན་པའི་གཏོར་བཤིག་གི་ནུས་པ་ཆེན་པོ་མི་ཐེབས་པ་བྱས་ཏེ། སྤྱི་ཚོགས་གོང་འཕེལ་དང་ཡར་རྒྱས་ཡོང་བའི་བརྒྱུད་རིམ་དེ་བས་ལུགས་མཐུན་དང་སྟབས་བདེ་ཡོང་བ་བྱེད་དགོས་ལ། འཕེལ་རྒྱས་ཀྱི་འདུ་ཤེས་དེའི་རིགས་ནི་མཆོང་སྐྱོད་རྣམ་པའི་གོང་འཕེལ་གཏོང་བའི་འདུ་ཤེས་ཡིན། མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་འདུ་ཤེས་ཀྱིས་དངོས་གཙོ་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པར་འགྲན་སློང་བྱས་པ་མིན་པར། དངོས་གཙོ་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་བརྩི་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་དེ་ཉིད་དེང་རབས་ཀྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་། སྤྱི་ཚོགས་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱས་རྗེས་ཀྱི་འཕེལ་རྒྱས་གསར་བ་ཞིག་ཏུ་གྱུར་བ་རེད།

དེའང་དཔེར་ན། དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བ་དང་བསྟུན་ནས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་པ་དང་། འཚོ་བའི་མྱུར་ཚད་ཇེ་མགྱོགས་སུ་ཕྱིན་པ། ལས་སྣོན་ཟས་རིགས་ཀྱི་དགོས་མཁོ་མགྱོགས་མྱུར་ངང་ཇེ་མཐོར་སོང་ནའང་། ད་ཡོད་ཟས་རིགས་མཁོ་སྤྲོད་དང་ལྟ་སྐུལ་དོ་དམ་མ་ལག་འགྱུར་ལྡོག་འདི་ལ་མ་གོམས་པར། ཟས་རིགས་བདེ་འཇགས་ཕྱོགས་ཀྱི་མངོན་གསལ་དོད་པོའི་འགལ་བ་དེ་རིམ་གྱིས་མངོན་ཡོང་བ་རེད། དངོས་གཙོ་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་བརྩི་སྲུང་བྱས་ཏེ། སྲོལ་རྒྱུན་གྱི་འཕེལ་རྒྱས་གཏོང་སྟངས་གཞིར་བཟུང་ཚེ། སུས་ཀྱང་རྒྱ་ཆེའི་མང་ཚོགས་ཀྱི་དགོས་མཁོའི་འགྱུར་ལྡོག་དང་འཚམ་པའི་ཟས་རིགས་མཁོ་སྤྲོད་དང་ལྟ་སྐུལ་དོ་དམ་མ་ལག་མཇུག་མཐར་འཛུགས་ཐུབ་ངེས་ཡིན་པར་ཡིད་ཆེས་མི་བྱེད་མཁན་གཅིག་ཀྱང་མེད་ལ། འོན་ཀྱང་བརྒྱུད་རིམ་འདིའི་ཁྲོད་བྱུང་བའི་ཟས་རིགས་བདེ་འཇགས་དོན་རྐྱེན་འབོར་ཆེན་གྱིས་སྤྱི་ཚོགས་ཀྱིས་སྔོན་དཔག་བྱེད་དཀའ་བའི་གྱོང་གུན་ཆེན་པོ་བཟོ་ངེས་རེད། མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་ཀྱི་འདུ་ཤེས་གཞིར་བཟུང་ཚེ། ངེས་པར་དུ་བཟའ་བཅའི་ཐོན་ལས་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཁྲོད་ཀྱི་མིའི་རང་སྟོབས་ཀྱི་ནུས་པར་ཤུགས་སྣོན་ཆེན་པོ་བརྒྱབ་ནས། ཚན་རྩལ་དང་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དེ་སྔོན་འགྲོའི་ཆ་རྐྱེན་བྱས་ཏེ། ད་ལྟའི་བཟའ་བཅའི་ལས་རིགས་གནས་པའི་ཟང་ཟིང་གི་དུས་མཚམས་ལས་བརྒལ་ནས་ཚན་རིག་དང་མཐུན་པའི་བཟའ་བཅའ་མཁོ་འདོན་དང་ལྟ་སྐུལ་དོ་དམ་མ་ལག་མགྱོགས་མྱུར་ངང་འཛུགས་པ་དང་། སྤྱི་ཚོགས་ལ་མུ་མཐུད་དེ་གྱོང་གུན་ཚབས་ཆེན་ཕོག་པར་སྔོན་འགོག་བྱེད་དགོས། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-03-25

གསར་སྤེལ་མཁན། :གདོང་བསོད་ནམས

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།