རྒྱལ་སྲུང་དེང་རབས་ཅན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱལ་སྲུང་དེང་རབས་ཅན།
རྒྱལ་སྲུང་དེང་རབས་ཅན། རྒྱལ་སྲུང་དེང་རབས་ཅན་ནི་དེང་རབས་དམག་འཁྲུག་གི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་མཐུན་པ་དང་། སྔོན་ཐོན་ཚན་རིག་ལག་རྩལ་ལ་དྲག་ཆས་སྤྲས་ནས་རྒྱལ་སྲུང་མ་ལག་བཙུགས་ཏེ། རྒྱལ་སྲུང་སྟོབས་ཤུགས་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་པར་བྱེད་པའི་བྱེད་ཐབས་རབ་དང་རིམ་པའི་སྤྱི་མིང་ཡིན། དེ་ནི་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དང་བསྡུར་བའི་ལོ་རྒྱུས་བརྒྱུད་རིམ་ཁྲོད་མུ་མཐུད་འཕེལ་རྒྱས་འགྲོ་བའི་དོན་སྤྱི་ཞིག་ཡིན་པར་མ་ཟད། སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བའི་དབང་གིས་དམིགས་ཀྱང་མི་འདྲ་བ་ཡོད་པ་ཞིག་ཡིན། ཀྲུང་གོར་རྒྱལ་སྲུང་དང་། བཟོ་ལས། ཞིང་ལས། ཚན་རིག་ལག་རྩལ་དེང་རབས་ཅན་བཅས་ཀྱིས“སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་བཞི”ཞེས་འབོད་ཀྱི་ཡོད་ཅིང་། བསྡུས་མིང་ལ་“དེང་རབས་ཅན་བཞི”ཞེས་ཟེར། རྒྱལ་སྲུང་དེང་རབས་ཅན་ནི་ཀྲུང་གོའི་རྒྱལ་སྲུང་འཛུགས་སྐྲུན་གྱི་སྤྱིའི་འོས་འགན་ཡིན་ལ། དེ་མིན་དེང་རབས་ཅན་གསུམ་གྱི་འགན་སྲུང་ཡིན། རྒྱལ་སྲུང་དེང་རབས་ཅན(modernizatirofnationalfence)ནི་དེང་རབས་ཆེས་སྔོན་ཐོན་གྱི་ཚན་རིག་ལག་རྩལ་གྱིས་རྒྱལ་ཁབ་ལ་དྲག་ཆས་སྤྲས་ནས་འགོག་སྲུང་མ་ལག་འཛུགས་རྒྱུ་དེ་ཡིན། ཀྲུང་གོའི་རྒྱལ་སྲུང་དེང་རབས་ཅན་ལ་དྲག་ཆས་སྟོབས་ཤུགས་དང་། མི་དམངས་མཁའ་ཟོན། རྒྱལ་སྲུང་ཚན་ཞིབ། རྒྱལ་སྲུང་བཟོ་ལས་སོགས་ཀྱི་དེང་རབས་ཅན་འདུས་པ་ཡིན། དེའི་སྲོག་ཤིང་ནི་སྟོབས་ཤུགས་ལྡན་པའི་དེང་རབས་ཅན་དང་། ཚུལ་ལྡན་ཅན་གྱི་གསར་བརྗེའི་དམག་དཔུང་ཞིག་འཛུགས་སྐྱོང་བྱ་རྒྱུ་དེ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་སྐད་ཀྱི་མིང་།
国防现代化
ཡུལ།
རྒྱལ་སྲུང་།
ཕྱི་ཡིག་གི་མིང་།
modernization of national defence
བརྟེན་གཞི།
ཚན་རྩལ།
1 གོ་དོན།

“རྒྱལ་སྲུང་དེང་རབས་ཅན”ནི་འཛམ་གླིང་གི་རྒྱལ་ཁབ་ཁག་དང་ཕན་ཚུན་འབྲེལ་ཞིང་ཞིབ་བསྡུར་བྱེད་པའི་བལྟོས་བཅས་ཀྱི་དོན་སྤྱི་ཞིག་ཡིན། དེ་ནི་སྤྱི་ཚོགས་ཀྱི་ལོ་རྒྱུས་ཆ་རྐྱེན་ངེས་ཅན་ཞིག་ཕན་ཚུན་འབྲེལ་ནས་གནས་པ་དང་། དུས་ཚོད་ངེས་ཅན་ཞིག་གི་ཐད་ནས་བཤད་ན་ལོ་རྒྱུས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཞིག་ཡིན་ལ།  འཕེལ་རྒྱས་ཀྱི་དོན་སྤྱི་ཞིག་ཡིན་ཞིང་།   དུས་རབས་ཀྱི་ཁྱད་ཆོས་མངོན་གསལ་ལྡན།    རྒྱལ་ཁབ་སོ་སོའི་སྤྱི་ཚོགས་ལམ་ལུགས་དང་།  འཐབ་ཇུས་བསམ་བློ།  དཔལ་འབྱོར་ཆུ་ཚད།  ཚན་རྩལ་འཕེལ་རྒྱས།  བཟོ་ལས་རྨང་གཞི།   ས་ཁམས་ཆ་རྐྱེན་སོགས་ཀྱི་ཐད་ལ་ཁྱད་པར་ཡོད་སྟངས། རྒྱལ་སྲུང་དེང་རབས་ཅན་དུ་འགྱུར་རྒྱུའི་བྱེད་ཕྱོགས།  རྩ་དོན།  ཐབས་ལམ་དང་དམིགས་ཡུལ།  གཞི་ཁྱོན་དང་གཙོ་གནད་བཅས་ཀྱང་མི་འདྲ།  རྒྱལ་ཁབ་ཅིག་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བ་དང་རྒྱལ་སྤྱིའི་ཁོར་ཡུག་མི་འདྲ་བའི་འོག  རྒྱལ་སྲུང་དེང་རབས་ཅན་དུ་འགྱུར་བའི་ཞིབ་ཕྲའི་གོ་དོན་ཡང་མི་འདྲ།  འོན་ཀྱང་རྒྱལ་སྲུང་དེང་རབས་ཅན་དུ་མངོན་འགྱུར་བྱེད་རྒྱུའི་རྒྱལ་ཁབ་ཀྱིས་སྤྱིའི་ཆ་ནས་དེང་རབས་འཛམ་གླིང་གི་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་སྔོན་ཐོན་ཆུ་ཚད་དེ་རང་ཉིད་འཕེལ་རྒྱས་ཀྱི་དཔྱད་གཞིའི་མ་ལག་ཏུ་བརྩིས་ཏེ།  རྒྱལ་ཁབ་རང་གི་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་རྒྱལ་ཁབ་ཀྱི་རྒྱལ་སྲུང་འཛུགས་སྐྲུན་དེ་སྤྱིའི་ཆ་ནས་དེང་རབས་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་པར་བྱས་ཏེ།  དེང་རབས་དང་མ་འོངས་པའི་དམག་འཁྲུག་ཆ་རྐྱེན་འོག་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ།  སྲ་བརྟན་དང་རྒྱལ་སྲུང་འཕེལ་རྒྱས་གཏོང་བའི་དགོས་མཁོ་དང་འཚམ་པར་བྱ་དགོས།

ད་ལྟའི་གནས་བབ།

རྒྱལ་སྲུང་འཛུགས་སྐྲུན་གྱི་དེང་རབས་ཅན་ལྟེ་བར་འཛིན་རྒྱུ་ནི་ཀྲུང་གོའི་རྒྱལ་སྲུང་དང་དམག་དཔུང་འཛུགས་ཀྱི་འགལ་བ་གཙོ་བོས་ཐག་བཅད་པ་ཞིག་ཡིན། ཀྲུང་གོའི་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་གྱི་འགལ་བ་གཙོ་བོ་ནི་དེང་རབས་དམག་འཁྲུག་གི་ཕྱི་ཡུལ་གྱི་དགོས་མཁོའམ་རྒྱལ་སྲུང་དེང་རབས་ཅན། དམག་དཔུང་དེང་རབས་ཅན་གྱི་ཆུ་ཚད་ཅུང་དམའ་བའི་འགལ་བ་དེ་ཡིན། དེང་རབས་ཅན་འཛུགས་སྐྲུན་བྱ་རྒྱུ་ལྟེ་བར་བཟུང་ནས། རྒྱལ་སྲུང་དེང་རབས་ཅན་དང་དམག་དཔུང་དེང་རབས་ཅན་གྱི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་བཏང་ན།  ད་གཟོད་དེང་རབས་དམག་འཁྲུག་དང་ཁྱད་པར་དུ་ལག་རྩལ་མཐོ་གྲས་ཀྱི་དམག་འཁྲུག་གི་ཕྱི་རོལ་ཡུལ་གྱི་དགོས་མཁོ་དང་བསྟུན་ཐུབ་ལ། ཕན་ནུས་ལྡན་པའི་སྒོ་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་ཐུབ།  ཀྲུང་གོའི་རྒྱལ་སྲུང་དེང་རབས་ཅན་འཛུགས་སྐྲུན་བྱ་རྒྱུ་ནི། ངེས་པར་དུ་ཀྲུང་གོའི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་མགོ་བརྩམ་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་སྲུང་དེང་རབས་ཅན་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དགོས། རྒྱལ་སྲུང་དེང་རབས་ཅན་ལ་ནང་དོན་ཕུན་སུམ་ཚོགས་པ་ཡོད་ཅིང་།  དེའི་ནང་ནས་རྒྱལ་སྲུང་ཚན་རིག་ལག་རྩལ་གྱི་དེང་རབས་ཅན་ནི་གནད་འགག་ཡིན། ཁྱད་པར་དུ་དྲག་ཆས་སྟོབས་ཤུགས་ནི་དམག་དཔུང་གི་དེང་རབས་ཅན་གྱི་གཙོ་གནད་ཡིན། རྒྱལ་སྲུང་དེང་རབས་ཅན་མངོན་འགྱུར་བྱེད་དགོས་ན། རྒྱལ་སྲུང་ཚན་རིག་ལག་རྩལ་ནི་འཕེལ་རྒྱས་ཀྱི་མདུན་གྲས་སུ་བསྐྱོད་ནས།  མུ་མཐུད་དུ་གོ་མཚོན་སྒྲིག་ཆས་ཀྱི་དེང་རབས་ཅན་ཆུ་ཚད་མཐོར་འདེགས་བཏང་སྟེ། དྲག་ཆས་སྟོབས་ཤུགས་ཀྱི་དེང་རབས་ཅན་ལ་སྔོན་ཐོན་གྱི་དངོས་རྫས་ལག་རྩལ་གྱི་རྨང་གཞི་མཁོ་སྤྲོད་བྱེད་དགོས། དུས་མཚུངས་སུ་རྒྱལ་སྲུང་ཤེས་ལྡན་མི་སྣ། རྒྱལ་སྲུང་སྒྲིག་སྲོལ། རྒྱལ་སྲུང་སྐུལ་སློང་། རྒྱལ་སྲུང་གཞུང་ལུགས། རྒྱལ་སྲུང་ཁྲིམས་ལུགས་སོགས་དེང་རབས་འཛུགས་སྐྲུན་དམ་དུ་བཟུང་སྟེ། ཁྱོན་ཡོངས་ནས་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རྒྱལ་སྲུང་སྟོབས་ཤུགས་མཐོར་འདེགས་གཏོང་དགོས།

2 ནང་དོན།

རྒྱལ་སྲུང་དེང་རབས་ཅན་གྱི་ནང་དོན་གཙོ་བོ། རྒྱལ་སྲུང་དེང་རབས་ཅན་ནི་རྙོག་འཛིང་གི་བཟོ་བཀོད་མ་ལག་ཅིག་ཡིན་ལ། ཚོད་འཛིན་རྒྱུ་རྐྱེན་སྣ་ཚོགས་ཀྱིས་ཕན་ཚུན་འབྲེལ་བའི་སྤྱི་འདུས་ཤིག་ཡིན་པར་མ་ཟད།  དངོས་པོ་དང་བསམ་པའི་ཕྱོགས་གང་ཅིའི་ཐད་ནས་མཚོན་གྱི་ཡོད། དེ་ནི་རྒྱལ་ཁབ་ཀྱི་དམག་དོན་དང་། ཆབ་སྲིད། དཔལ་འབྱོར། ཚན་རིག རིག་གནས། ཕྱི་འབྲེལ་སོགས་ཁྱབ་ཁོངས་སོ་སོ་དང་འབྲེལ་ཡོད།

ནང་དོན་གཙོ་བོ།

1.དེང་རབས་ཅན་གྱི་དམག་དོན་བསམ་བློ།

སྔོན་ཐོན་གྱི་དམག་དོན་བསམ་བློ། དེང་རབས་དམག་འཁྲུག་གི་ཆོས་ཉིད་ཀྱི་འཐབ་ཇུས་དང་འཐབ་རྩལ་ནི་རྒྱལ་སྲུང་སྟོབས་ཤུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། རྒྱལ་སྲུང་དེང་རབས་ཅན་འཛུགས་སྐྲུན་ལ་སློབ་སྟོན་གྱི་ནུས་པ་ཤུགས་ཆེར་ལྡན།

2.དེང་རབས་ཅན་གྱི་དམག་དཔུང་།

དམག་དཔུང་ནི་རྒྱལ་སྲུང་གི་གཞི་རྐང་ཡིན་ལ། རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་ཀྱི་རྨང་རྡོ་ཡིན་ལ། དེང་རབས་ཅན་དམག་དཔུང་ནི་རྒྱལ་སྲུང་དེང་རབས་ཅན་གྱི་སྲོག་ཤིང་ཡང་ཡིན།  དེར་གཙོ་བོ་ཕྱོགས་གསུམ་འདུས་ཤིང་།  དྲག་པོའི་དམག་ཆས་ཀྱི་དེང་རབས་ཅན། ཤེས་ལྡན་མི་སྣའི་དེང་རབས་ཅན། སྒྲིག་གཞིའི་སྡེབ་སྒྲིག་གི་དེང་རབས་ཅན་བཅས་ཡིན།

3.དེང་རབས་ཅན་གྱི་རྒྱལ་སྲུང་ཚན་རིག་ཞིབ་འཇུག་དང་རྒྱལ་སྲུང་བཟོ་ལས་མ་ལག

འདི་ནི་རྒྱལ་སྲུང་དེང་རབས་ཅན་ལ་མེད་དུ་མི་རུང་བའི་ལག་རྩལ་གྱི་དངོས་བོའི་རྨང་གཞི་ཡིན། གཙོ་བོ་རྒྱལ་སྲུང་ཚན་རྩལ་ཞིབ་འཇུག་གི་རྨང་གཞིའི་ཞིབ་འཇུག་སྒྲུབ་གཞི་དང་ཞིབ་འཇུག་སྒྲུབ་གཞིའི་བེད་སྤྱོད་དེ་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་དགོས་ཤིང་། དེར་དེང་རབས་ཅན་གྱི་ཚན་རྩལ་ཞིབ་འཇུག ཞིབ་འཇུག་བྱེད་ཐབས་དང་ཚན་རིག་དོ་དམ་བཅས་ཡོད། རྒྱལ་སྲུང་བཟོ་ལས་དེ་ཐོན་སྐྱེད་ལག་ཆ། ཐོན་སྐྱེད་སྒྲིག་གཞི།  ཐོན་སྐྱེད་རྩ་འཛུགས། ངལ་རྩོལ་ནུས་ཤུགས་གྲུབ་ཚུལ་གྱི་དེང་རབས་ཅན་དུ་ཐོན་པར་བྱས་ནས། ནུས་མཐོའི་བསྡུ་ཉར་རང་བཞིན་གྱི་ཐོན་སྐྱེད་མ་ལག་ཅིག་གྲུབ་དགོས།

4.དེང་རབས་ཅན་གྱི་རྒྱལ་སྲུང་ཁྲིམས་སྲོལ་མ་ལག་དང་དམག་འཁྲུག་སྐུལ་སློང་།

ཕན་ནུས་ཆེ་བ་དང་འཐུས་སྒོ་ཚང་བའི་རྒྱལ་སྲུང་ཁྲིམས་སྲོལ་མ་ལག་དང་དམག་འཁྲུག་སྐུལ་སློང་ལམ་ལུགས་བཙུགས་ཏེ། ཁ་ཕྱོགས་དམ་འཛིན་བྱས་ཏེ། རྒྱལ་སྲུང་དངོས་ཤུགས་འཛུགས་སྐྲུན་དང་གསོག་འཇོག རྒྱལ་སྲུང་འཕེལ་རྒྱས་ཕྱི་ཤུགས་ལ་མཛུབ་སྟོན་དང་འགན་ལེན་བྱེད་པ་མ་ཟད། དགོས་མཁོ་བྱུང་ཚེ་རྒྱལ་སྲུང་གི་ཕྱི་ཤུགས་དེ་མགྱོགས་མྱུར་དང་བདེ་བླག་ངང་རྒྱལ་སྲུང་དངོས་ཤུགས་སུ་འགྱུར་བར་ཁག་ཐེག་བྱ་དགོས

5.དེང་རབས་ཅན་གྱི་རྒྱལ་སྲུང་གི་རྨང་གཞིའི་སྒྲིག་བཀོད་དང་གཡུལ་ས་འཛུགས་སྐྲུན

དེ་ནི་རྒྱལ་སྲུང་འཛུགས་སྐྲུན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། དེང་རབས་ཅན་གྱི་མཚོན་ཆ་ལག་རྩལ་སྒྲིག་ཆས་ལྡན་པའི་དེང་རབས་ཅན་གྱི་དམག་དཔུང་གིས་ནུས་པ་འདོན་སྤེལ་གང་ལེགས་བྱེད་པའི་དགོས་ངེས་ཀྱི་ཆ་རྐྱེན་ཞིག་ཀྱང་ཡིན།

3 འཛུགས་སྐྲུན།

རྒྱལ་སྲུང་དེང་རབས་ཅན་དུ་འགྱུར་བའི་རྨང་གཞི།

རྒྱལ་སྲུང་དེང་རབས་ཅན་དང་དཔལ་འབྱོར། ཚན་རིག་ལག་རྩལ་རྒྱལ་ཁབ་ཀྱི་དཔལ་འབྱོར་དངོས་ཤུགས་ནི་རྒྱལ་སྲུང་དེང་རབས་ཅན་གྱི་རྨང་གཞི་ཡིན། རྒྱལ་སྲུང་དེང་རབས་ཅན་འཛུགས་སྐྲུན་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཀྱི་མཚོན་ཚུལ་ཞིག་ཡིན། རྒྱལ་ཁབ་ཀྱི་འགོག་སྲུང་ནུས་ཤུགས་དེ་དཔལ་འབྱོར་ནུས་ཤུགས་ཀྱི་འཕེལ་རྒྱས་ལ་རག་ལས་པ་ཡིན། རྒྱལ་སྲུང་དེང་རབས་ཅན་འཛུགས་སྐྲུན་བྱ་རྒྱུ་དེ་ངེས་པར་དུ་རྒྱལ་ཁབ་ཀྱི་དཔལ་འབྱོར་འཛུགས་སྐྲུན་རྨང་གཞི་བྱེད་དགོས་ཤིང་། རྒྱལ་ཁབ་དཔལ་འབྱོར་འཛུགས་སྐྲུན་གྱི་འཕེལ་རྒྱས་དང་འཚམ་དགོས། དཔལ་འབྱོར་དེང་རབས་ཅན་འཛུགས་སྐྲུན་ལ་ཤུགས་སྣོན་དང་། རྒྱལ་ཁབ་ཡོངས་ཀྱི་དཔལ་འབྱོར་སྟོབས་ཤུགས་མཐོར་འདེགས་བཏང་ན། ད་གཟོད་རྒྱལ་སྲུང་དེང་རབས་ཅན་ལ་ཆེས་ཕན་པའི་ཆ་རྐྱེན་དང་ཆེས་གྱ་ནོམ་པའི་དངོས་པོའི་རྨང་གཞི་གསར་སྐྲུན་བྱེད་ཐུབ། རྒྱལ་སྲུང་དེང་རབས་ཅན་འཛུགས་སྐྲུན་བྱ་རྒྱུ་ནི་མི་ཤུགས། རྒྱུ་ཤུགས། དངོས་ཤུགས་དང་ཚད་མཐོའི་ལག་རྩལ་གཅིག་བསྡུས་ཀྱི་ཁྱབ་ཁོངས་ཤིག་ཡིན་ལ། རྒྱལ་ཁབ་ཀྱི་ཆེས་སྔོན་ཐོན་གྱི་ཆུ་ཚད་ཕྱིར་མཚོན་པ་ཞིག་ཀྱང་ཡིན།

4 རྒྱལ་སྲུང་དེང་རབས་ཅན་གྱི་གནད་འགག

ཚན་རིག་ལག་རྩལ་དེང་རབས་ཅན་ནི་རྒྱལ་སྲུང་དེང་རབས་ཅན་དུ་འགྱུར་བའི་གནད་འགག་ཡིན། ཚན་རིག་ལག་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་ཡིན་པ་ནི་ད་ལྟའི་དུས་རབས་ཀྱི་ཁྱད་ཆོས་སུ་གྱུར་ཡོད། དམག་དོན་ཐད་ནས། ཚན་རིག་ལག་རྩལ་གྱི་གྲུབ་འབྲས་རྒྱ་ཁྱབ་ཏུ་བེད་སྤྱོད་བྱས་པ་དེས་གོ་མཚོན་སྒྲིག་ཆས་ཀྱི་ནུས་པ་དང་ཟིལ་ཤུགས་ཉམས་ཆེས་ཆེར་མཐོར་འདེགས་བཏང་བ་མ་ཟད། དུས་མཚུངས་སུ་དམག་མིའི་ཚན་རིག་རིག་གནས་ཀྱི་བྱང་ཚད་ཀྱང་ཆེས་ཆེར་མཐོར་འདེགས་བཏང་ཡོད། ཚན་རིག་ལག་རྩལ་ནི་དམག་དཔུང་གི་འཐབ་འཛིང་ནུས་ཤུགས་ཀྱི་རྒྱུ་རྐྱེན་གལ་ཆེན་ཞིག་ཏུ་གྱུར་ཡོད། རྒྱལ་སྲུང་དེང་རབས་ཅན་ནི་དེང་རབས་ཀྱི་ཚན་རིག་ལག་རྩལ་གྱི་ཕྱོགས་བསྡུས་སྒོས་མཚོན་པ་ཡིན་ལ། ཚན་རིག་ལག་རྩལ་གྱི་ཆུ་ཚད་ནི་རྒྱལ་སྲུང་དེང་རབས་ཅན་གྱི་ཚད་འཇལ་བའི་མཚོན་རྟགས་གཙོ་བོ་ཡིན། རྒྱལ་སྲུང་དེང་རབས་ཅན་གྱི་དགོས་མཁོ་ཡིས་ཚན་རིག་ལག་རྩལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

5 ཀྲུང་གོའི་གནས་ཚུལ།

རྒྱལ་སྲུང་དེང་རབས་ཅན་གྱི་ཀྲུང་གོ

ཀྲུང་གོས་རྒྱལ་སྲུང་དེང་རབས་ཅན་མངོན་འགྱུར་བྱེད་པ་ནི་ཡོད་ཚད་རྒྱལ་ཁབ་ཀྱི་བདེ་འཇགས་འགན་ལེན་དང་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱེད་པའི་ཆེད་དུ་ཡིན། ཙུང་ལི་ཀྲོའུ་ཨེན་ལའེ་ཡིས་སྐབས་དང་པོའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་སྲིད་གཞུང་བྱ་བའི་སྙན་ཞུའི་སྟེང་། ཐེངས་དང་པོར་དེང་རབས་ཅན་གྱི་རྒྱལ་སྲུང་འཛུགས་སྐྲུན་བྱེད་པའི་འབོད་སྐུལ་བཏོན།  སྤྱི་ལོ1964ལོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་། རྒྱལ་སྲུང་དེང་རབས་ཅན་དང་བཅས་པའི་དེང་རབས་ཅན་བཞི་མངོན་འགྱུར་བྱེད་པའི་འཐབ་ཕྱོགས་དམིགས་འབེན་སྔར་ལས་གསལ་པོར་བཏོན་ཡོད།   ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་གསུམ་པའི་རྗེས་སུ།  ཀྲུང་གོའི་རྒྱལ་སྲུང་དེང་རབས་ཅན་དེ་ལོ་རྒྱུས་འཕེལ་རྒྱས་ཀྱི་དུས་སྐབས་གསར་བ་ཞིག་ཏུ་བསྐྱོད་ནས།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་སྲུང་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་བྱས་རྗེས་རླབས་ཆེན་བཞག

6 དོན་སྙིང་གལ་ཆེན།

ཀྲུང་གོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་ཞིང་། རང་བྱུང་ཐོན་ཁུངས་དང་མི་ཤུགས་ཐོན་ཁུངས་ཕུན་སུམ་ཚོགས་པ།  ཚན་རིག་ཞིབ་འཇུག་དང་དེང་རབས་ཀྱི་བཟོ་ལས་མ་ལག་འཐུས་ཚང་ཞིག་ཡོད་པ། ཕུལ་བྱུང་གི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་གུང་ཁྲན་ཏང་གི་འགྱུར་མེད་ཀྱི་འགོ་ཁྲིད་ཡོད་པ། གཟི་བརྗིད་ལྡན་པའི་སྲོལ་རྒྱུན་བཟང་པོ་དང་ཡིད་རྟོན་ཆོག་པའི་མི་དམངས་དམག་དཔུང་ཡོད་པས། རྒྱལ་སྲུང་དེང་རབས་ཅན་གྱི་རྨང་གཞི་ལེགས་ཤོས་ཤིག་ཡོད་པ་རེད།    རྒྱལ་སྲུང་དེང་རབས་ཅན་དུ་མངོན་འགྱུར་བྱ་དགོས་ན། ངེས་པར་དུ་ཀྲུང་གོ་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞིགས་ནས་འཛམ་གླིང་ལ་ཁ་ཕྱོགས་ཏེ། ཧུར་ཐག་གིས་འགོག་སྲུང་འཐབ་ཇུས་ཀྱི་བྱེད་ཕྱོགས་རྒྱུན་བསྐྱངས་ནས། དངོས་འཐབ་བྱ་ནུས་པའི་དེང་རབས་ཅན་གྱི་དམག་དཔུང་ཞིག་འཛུགས་སྐྲུན་བྱ་རྒྱུ་ལྟེ་བར་བཟུང་སྟེ། དེང་རབས་ཅན་གྱི་རྒྱལ་སྲུང་ཚན་རྩལ་དང་གོ་མཚོན་སྒྲིག་ཆས་འཕེལ་རྒྱས་ཆེ་ཆེར་བྱས་ནས།  དེང་རབས་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་སྔོན་གྲས་སུ་བཞག་ཅིང་། བསྒྱུར་བཅོས་སྒོ་འབྱེད་མཐའ་འཁྱོངས་བྱས་ནས། རང་བཙན་རང་བདག  རང་སྟོབས་རང་སྤེལ། དམག་དམངས་མཉམ་འདུས། ཞི་འཐབ་ཟུང་འབྲེལ་བཅས་ཀྱི་རྒྱལ་སྲུང་དེང་རབས་ཅན་གྱི་ལམ་དུ་བསྐྱད་དེ། འཇོན་ལྡན་རྒྱུན་གྲབས་དམག་དཔུང་དང་སྟོབས་ལྡན་གྱི་རྗེས་གྲབས་དཔུང་སྡེ་ཟུང་འབྲེལ། རྒྱུན་ལྡན་སྟོབས་ཤུགས་དང་འཐབ་ཇུས་རྐང་འཛིན་ནུས་ཤུགས་ཟུང་འབྲེལ།  རྒྱལ་སྲུང་ཕྱི་ཤུགད་དང་རྒྱལ་སྲུང་དངོས་ཕན་ཚུན་ཟུང་འབྲེལ་སྒོས་ལག་ལེན་མཐར་ཕྱིན་པར་བྱེད་དགོས།

རྒྱལ་སྲུང་དེང་རབས་ཅན་དུ་འགྱུར་རྒྱུ་ནི་ཀྲུང་གོ་བཟོ་ལས། ཞིང་ལས། རྒྱལ་སྲུང་དང་ཚན་རིག་ལག་རྩལ་བཅས་དེང་རབས་ཅན་བཞི་མངོན་འགྱུར་ཡོང་བར་བྱེད་པའི་དམིགས་ཡུལ་ཞིག་ཡིན། ཀྲུང་གོའི་རྒྱལ་སྲུང་དེང་རབས་ཅན་གྱི་ནང་དོན་གཙོ་བོ་ནི། 1.མའོ་ཙེ་ཏུང་གི་དམག་དོན་དགོངས་པ་རྒྱུན་འཛིན་དང་འཕེལ་རྒྱས་བཏང་སྟེ། ཡང་དག་པའི་དམག་འཁྲུག་འཐབ་ཇུས་དང་དམག་འཐབ་མཛུབ་སྟོན་གྱི་རྩ་དོན་བེད་སྤྱོད་བྱེད་རྒྱུ། 2.ཚད་མཐོའི་འཕྲུལ་ཆས་ཅན། གློག་རྡུལ་ཅན། རང་འགུལ་ཅན། ཚད་གཞི་ཅན། རྒྱུན་བཀོད་ཅན། མ་ལག་ཅན་བཅས་ཀྱི་དྲག་པོའི་དམག་ཆས་མངོན་འགྱུར་ཡོང་བ་བྱ་རྒྱུ། 3.རྒྱལ་སྲུང་སློབ་གསོ་དེ་འཐབ་ཇུས་ཀྱི་གོ་གནས་སུ་བཞག་སྟེ། ཆབ་སྲིད་དང་། དམག་དོན། ཚན་རིག་རིག་གནས་ཀྱི་བྱང་ཚད་དེང་རབས་དམག་འཁྲུག་གི་བླང་བྱར་འཚམ་པའི་རྒྱལ་སྲུང་འཛུགས་སྐྲུན་མི་སྣ་སྐྱེད་སྲིང་བྱ་དགོས། 4.དེང་རབས་ཅན་གྱི་དམག་དོན་བཀོད་འདོམས་མ་ལག་དང་རྒྱལ་སྲུང་བཟོ་སྐྲུན་སྒྲིག་ཆས་འཛུགས་སྐྲུན་བྱ་རྒྱུ།  5.དེང་རབས་ཅན་གྱི་རྒྱབ་ཕྱོགས་ཞབས་ཞུ་འགན་སྲུང་བྱ་རྒྱུ།   6.ཚན་རིག་གི་སྒྲིག་གཞིའི་སྒྲིག་སྲོལ་དང་དམག་མི་སྐུལ་སློང་གི་ལམ་ལུགས་ལག་བསྟར་བྱ་རྒྱུ། 7.སྔོན་ཐོན་ཅན་དང་གཞི་ཁྱོན་འོས་འཚམ་གྱི་རྒྱལ་སྲུང་ཚན་རིག་ཞིབ་འཇུག་དང་རྒྱལ་སྲུང་བཟོ་ལས་མ་ལག་འཛུགས་སྐྲུན་བྱ་རྒྱུ།

དེང་རབས་ཅན་གྱི་རྒྱལ་སྲུང་ནི་ཚན་རིག་ལག་རྩལ་གྱི་གྲུབ་འབྲས་གསར་ཤོས་ཀྱི་ཕྱོགས་བསྡུས་མཚོན་ཚུལ་ཞིག་ཡིན། ཚན་རིག་ལག་རྩལ་དེང་རབས་ཅན་ནི་རྒྱལ་སྲུང་དེང་རབས་ཅན་མངོན་འགྱུར་བྱུང་བའི་འགག་རྩ་ཡིན།  རྒྱལ་སྲུང་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རྨང་གཞི་ནི་རྒྱལ་དམངས་དཔལ་འབྱོར་ཡིན། རྒྱལ་སྲུང་དེང་རབས་ཅན་མངོན་འགྱུར་དགོས་ན་ཐོག་མར་ངེས་པར་དུ་རྒྱལ་དམངས་དཔལ་འབྱོར་གོང་དུ་སྤེལ་དགོས། ཀྲུང་གོའི་རྒྱལ་སྲུང་དེང་རབས་ཅན་མངོན་འགྱུར་བྱེད་པ་ནི་ཕྱི་བའི་བཙན་འཛུལ་ལ་འགོག་རྒོལ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྲུང་སྐྱོབ་བྱེད་ཆེད་ཡིན།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

སྤྱི་ཚོགས། ཆབ་སྲིད། དེང་རབས་ཅན།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-09

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།