ལོ་ལྔའི་འཆར་འགོད་བཅུ་གསུམ་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལོ་ལྔའི་འཆར་འགོད་བཅུ་གསུམ་པ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་བཀོད་བཅུ་གསུམ་པའི་རྩ་གནད་ཀྱི་བསྡུས་མིང་ལ“ལོ་ལྔའི་འཆར་བཀོད་བཅུ་གསུམ་པ”(སྤྱི་ལོ2016ལོ་ནས་སྤྱི་ལོ2020ལོའི་བར)ཟེར་ཞིང་། འཆར་བཀོད་ཀྱི་རྩ་གནད་ནི《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་བཀོད་བཅུ་གསུམ་པ་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོ》གཞིར་བཟུང་ནས་བཟོས་ལ། གཙོ་བོ་རྒྱལ་ཁབ་ཀྱི་འཐབ་ཇུས་འདོད་བློ་གསལ་བཤད་དང་སྲིད་གཞུང་གི་ལས་ཀའི་གཙོ་གནད་ཁ་གསལ་འདོན་པ། ཁྲོམ་རའི་གཙོ་གཞིའི་བྱ་སྤྱོད་ལ་མཛུབ་སྟོན་བྱ་རྒྱུ་བཅས་ནི་སྤྱི་ལོ2016ལོ་ནས་སྤྱི་ལོ2020ལོའི་བར་གྱི་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རླབས་ཆེན་གྱི་འཆར་གཞི་ཞིག་ཡིན་པ་གསལ་བཤད་བྱས་པ་དང་། མི་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་བྱ་སྤྱོད་ཀྱི་རྩ་འཛིན། སྲིད་གཞུང་གིས་དཔལ་འབྱོར་སྙོམས་སྒྲིག་དང་ཁྲོམ་རའི་ལྟ་སྐུལ། སྤྱི་ཚོགས་དོ་དམ་དང་ཐུན་མོང་གི་ཞབས་ཞུ་བཅས་ཀྱི་འགན་འཁྲི་སྒྲུབ་པའི་གཞི་འཛིན་ས་གལ་ཆེན་ཞིག་ཡིན་པ་དམིགས་ཀྱིས་བསྟན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国国民经济和社会发展第十三个五年规划纲要
ཕྱི་ཡིག་གི་མིང་།
The thirteenth Five-Year Plan
བསྡུས་མིང་།
ལོ་ལྔའི་འཆར་བཀོད་བཅུ་གསུམ་པ།
དུས་ཚོད།
སྤྱི་ལོ2016ལོ་ནས་སྤྱི་ལོ2020ལོའི་བར།
1 ངོ་སྤྲོད་མདོར་བསྡུས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་བཀོད་བཅུ་གསུམ་པའི་རྩ་གནད་ཀྱི་བསྡུས་མིང་ལ“ལོ་ལྔའི་འཆར་བཀོད་བཅུ་གསུམ་པ”(སྤྱི་ལོ2016ལོ་ནས་སྤྱི་ལོ2020ལོའི་བར)ཟེར་ཞིང་། འཆར་བཀོད་ཀྱི་རྩ་གནད་ནི《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་བཀོད་བཅུ་གསུམ་པ་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོ》གཞིར་བཟུང་ནས་བཟོས་ལ། གཙོ་བོ་རྒྱལ་ཁབ་ཀྱི་འཐབ་ཇུས་འདོད་བློ་གསལ་བཤད་དང་སྲིད་གཞུང་གི་ལས་ཀའི་གཙོ་གནད་ཁ་གསལ་འདོན་པ། ཁྲོམ་རའི་གཙོ་གཞིའི་བྱ་སྤྱོད་ལ་མཛུབ་སྟོན་བྱ་རྒྱུ་བཅས་ནི་སྤྱི་ལོ2016ལོ་ནས་སྤྱི་ལོ2020ལོའི་བར་གྱི་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རླབས་ཆེན་གྱི་འཆར་གཞི་ཞིག་ཡིན་པ་གསལ་བཤད་བྱས་པ་དང་། མི་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་བྱ་སྤྱོད་ཀྱི་རྩ་འཛིན། སྲིད་གཞུང་གིས་དཔལ་འབྱོར་སྙོམས་སྒྲིག་དང་ཁྲོམ་རའི་ལྟ་སྐུལ། སྤྱི་ཚོགས་དོ་དམ་དང་ཐུན་མོང་གི་ཞབས་ཞུ་བཅས་ཀྱི་འགན་འཁྲི་སྒྲུབ་པའི་གཞི་འཛིན་ས་གལ་ཆེན་ཞིག་ཡིན་པ་དམིགས་ཀྱིས་བསྟན་ཡོད། 

ལོ་ལྔའི་འཆར་བཀོད་ནི་ཀྲུང་གོའི་རྒྱལ་དམངས་དཔལ་འབྱོར་གྱི་འཆར་གཞིའི་ཆ་ཤས་གལ་ཆེན་ཞིག་ཡིན་ཞིང་། ཡུན་རིང་གི་འཆར་གཞིར་གཏོགས་པ་ཡིན། གཙོ་བོ་ནི་རྒྱལ་ཁབ་ཀྱི་འཛུགས་སྐྲུན་རྣམ་གྲངས་གལ་ཆེན་དང་། ཐོན་སྐྱེད་ནུས་ཤུགས་ཁྱབ་ཚུལ། རྒྱལ་དམངས་དཔལ་འབྱོར་གྱི་བསྡུར་ཚད་ཀྱི་འབྲེལ་བ་གལ་ཆེན་སོགས་ལ་འཆར་བཀོད་བྱས་ཏེ། རྒྱལ་དམངས་དཔལ་འབྱོར་གོང་དུ་སྤེལ་བའི་རྒྱང་རིང་གི་དམིགས་ཡུལ་དང་ཁ་ཕྱོགས་གཏན་འབེབས་བྱེད་དགོས། 

2 མཛུབ་སྟོན་བསམ་བློ།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་གནང་ཞིང་། མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་སློབ་སྟོན་དུ་འཛིན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་མཐའ་འཁྱོངས་དང་། འཕེལ་རྒྱས་ནི་ལས་འགན་ཨང་དང་པོ་ཡིན་པ་མཐའ་འཁྱོངས་བྱས་ཏེ། གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་བསྟར་དོན་འཁྱོལ་བྱེད་པ། འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་ལྟེ་བར་བཟུང་ནས། འདོན་ཕོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་བྱེད་པ་དང་། མཁོ་སྤྲོད་ནུས་ལྡན་བྱེད་རྒྱུ་ཆེ་རུ་བཏང་སྟེ་ཕན་ནུས་ལྡན་པའི་དགོས་མཁོ་སྐོང་བ། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་སྣེ་ཁྲིད་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་དང་འཕེལ་རྒྱས་གཏོང་སྟངས་མགྱོགས་མྱུར་ངང་ཆགས་ནས། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ་དང་དཔལ་འབྱོར་འཛུགས་སྐྲུ། ཆབ་སྲིད་འཛུགས་སྐྱོང་དང་རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྱོང་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་། ཏང་འཛུགས་སྐྱོང་བཅས་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས་ལ། དུས་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འགན་ལེན་བྱས་ནས་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་དེ་བས་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད།

ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཐོག་གཤམ་གསལ་གྱི་གྲོས་ཚོགས་འཚོག་དགོས་པ་སྟེ། སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པ་དང་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པ། སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དྲུག་པ། སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ། སྐབས་བཅུ་བདུན་པའི་གྲོས་ཚོགས་ཐེངས་ལྔ་པ་བཅས་གྲོས་གཞིའི་ལོ་ལྔའི་འཆར་གཞིའི་ནང་ཚུད་ཡོད་པ(སྤྱི་ལོ2016ནས་སྤྱི་ལོ2045བར་དང་སྤྱི་ལོ2046ནས་སྤྱི་ལོ2099)དང་། ལོ་ལྔའི་འཆར་ བཀོད་གསུམ་པའི་རྒྱང་རིང་འཆར་བཀོད་ནང་བཅུག་སྟེ། ལོ་ལྔའིའ་བ་བཅུ་གསུམ་པ་དང་བཅུ་དྲུག་པའི་འཆར་བཀོད་(སྤྱི་ལོ2016ལོ་ནས་སྤྱི་ལོ2020བར་དང་སྤྱི་ལོ2046ནས་སྤྱི་ལོ2050) 

3 དམིགས་འབེན་བླང་བྱ།

དཔལ་འབྱོར་འཕེལ་རྒྱས་ཀྱི་དོ་མཉམ་རང་བཞིན་དང་ཤོང་ཡངས་རང་བཞིན། རྒྱུན་མཐུད་ཐུབ་པའི་རང་བཞིན་བཅས་ཆེ་རུ་གཏོང་བའི་རྨང་གཞིའི་ཐོག སྤྱི་ལོ2020ལོར་སླེབས་དུས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་ཡོང་འབབ་སྤྱི་ལོ2010ལོ་ལས་ལྡབ་གཅིག་འཕར་བ་དང་། ཐོན་ལས་ཆུ་ཚད་མཐོ་འབྲིང་དུ་སླེབས་པ། འཛད་སྤྱོད་ཀྱིས་དཔལ་འབྱོར་འཕར་སྣོན་ཡོང་ཚད་མངོན་གསལ་ཆེ་རུ་ཕྱིན་པར་མ་ཟད། ཁྱིམ་ཐོའི་མི་འབོར་གྲོང་རྡལ་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་སླེབས་དགོས་ལ། ཞིང་ལས་དེང་རབས་ཅན་ལ་འཕེལ་རྒྱས་མངོན་གསལ་དོད་པོ་བྱུང་བ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་དང་སྤུས་ཚད་ཡོངས་ཁྱབ་ཏུ་མཐོ་རུ་ཕྱིན་ཞིང་། རང་རྒྱལ་དུ་ད་ལྟ་ལག་ལེན་གནང་བཞིན་པའི་ཚད་གཞིའི་འོག་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དབུལ་ཐར་ཐུབ་པ་དང་། དབུལ་རྫོང་ཚང་མའི་དབུལ་ཞྭ་ཕུད་དེ། ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་ཀྱི་དབུལ་ཐར་ཐག་གཅོད་བྱེད་དགོས། རྒྱལ་དམངས་ཀྱི་སྤུས་ཚད་དང་སྤྱི་ཚོགས་ཀྱི་དཔལ་ཡོན་དར་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་སྤྱིའི་ཆ་ནས་ལེགས་བཅོས་བྱུང་བ་དང་། ཕྱོགས་སོ་སོའི་ལམ་ལུགས་སྔར་བས་འཐུས་ཚང་དང་གཏན་འཁེལ་བྱུང་ནས། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་འཕེལ་རྒྱས་གལ་ཆེན་འབྱུང་དགོས། 

4 འཆར་བཀོད་གསལ་འགྲེལ།

རྩ་གནད་དེ་ཆེད་བསྒྲིགས་ལེ་ཚན23ནང་ཁ་གསལ་བཟོས་པའི་བཟོ་བཀོད་རྣམ་གྲངས་གལ་ཆེན165ནི་ཕྱོགས་གང་ཅིའི་བསམ་འཆར་རྒྱ་ཁྱབ་ཏུ་བསྡུ་ལེན་བྱས་པའི་རྨང་གཞིའི་ཐོག་དང་། ཇུས་འགོད་ཞིབ་ཚགས་དང་ཚན་རིག་དང་མཐུན་པའི་རིགས་པས་ཁུངས་སྐྱེལ་བྱས་པ་ལས་གྲུབ་པ་ཞིག་ཡིན་ལ། རྩ་གནད་དེ་གཏིང་ཟབ་དང་ནན་ཏན་སྒོས་ལག་བསྟར་བྱེད་པའི་བྱ་གཞི་གལ་ཆེན་ཞིག་ཀྱང་ཡིན། 

གཅིག་ནི་བཟོ་བཀོདའི་རྣམ་གྲངས་གལ་ཆེན་དེ་དག་ནི“ལོ་ལྔའི་འཆར་བཀོད་བཅུ་གསུམ་པའི”རྩ་གནད་ལག་བསྟར་བྱེད་པའི་གཞི་འཛིན་ས་གལ་ཆེན་ཞིག་ཡིན།   གཙོ་བོ་ཚན་རྩལ་གསར་གཏོད་དང་། གྲུབ་ཚུལ་རིམ་སྤར། རྨང་གཞིའི་སྒྲིག་བཀོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། དམངས་འཚོ་ལེགས་བཅོས་བཅས་ཕྱོགས་ལྔ་ནས་རྩ་གནད་ཀྱི་དམིགས་འབེན་དང་ལས་འགན་ཁག་ལ་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས།

གཉིས་ནི་བཟོ་བཀོདའི་རྣམ་གྲངས་གལ་ཆེན་དེ་དག་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་བྱེད་ཀྱི་འདེགས་སྐྱོར་གལ་ཆེན་ཞིག་ཡིན།     ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་མཇུག་བསྡུའི་འཆར་འགོད་ཡིན་པའི་རྩ་གནད་ནང་དམིགས་ཚད་ཀྱི་སྟོན་ཕྱོགས་དང་གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་དམིགས་ཚད་བླང་བྱར་དམ་པོར་བཟུང་ནས། གྲོང་གསེབ་ཀྱི་དབུལ་པོ་དབུལ་ཐར་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་དང་དམངས་འཚོ་འགན་ལེན་སོགས་ཁྱབ་ཁོངས་ཀྱི་ཞན་ཆ་མངོན་གསལ་དོད་པོར་དམིགས་ཏེ། དམིགས་འབེན་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་ཙམ་ལྡན་པའི་བཟོ་བཀོདའི་རྣམ་གྲངས་གལ་ཆེན་རབ་དང་རིམ་པ་བཏོན་ཡོད། 

གསུམ་ནི་བཟོ་བཀོདའི་རྣམ་གྲངས་གལ་ཆེན་དེ་དག་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རོགས་འདེད་འཕྲུལ་ཆས་ལྟ་བུ་ཞིག་ཡིན་ལ། བཟོ་བཀོདའི་རྣམ་གྲངས་གལ་ཆེན་འདི་དག་ནི་དགོས་མཁོ་ཡིས་སྣེ་ཁྲིད་དང་། མཁོ་སྤྲོད་གསར་གཏོད་བྱེད་པའི་བསམ་ཕྱོགས་ལྟར། ཕན་ནུས་ལྡན་པའི་མཁོ་སྤྲོད་དང་འབྲིང་མཐོ་རིམ་གྱི་མཁོ་སྤྲོད་རྒྱ་བསྐྱེད་པར་དམིགས་ནས། མི་དམངས་ཀྱི་ཉིན་བཞིན་འཕར་སྣོན་འབྱུང་བཞིན་པ་དང་རྒྱུན་ཆད་མེད་པར་རིམ་སྤོར་བྱེད་ཅིང་། རང་གཤིས་ཅན་གྱི་དངོས་པོའི་རིག་གནས་དང་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་སྔར་ལས་ལེགས་པར་བསྐང་དགོས།

བཞི་ནི་བཟོ་བཀོདའི་རྣམ་གྲངས་གལ་ཆེན་དེ་དག་ནི་སྤྱི་ཚོགས་ཀྱི་མ་རྩ་དང་། ལྷག་པར་དུ་དམངས་ཁྲོད་མ་རྩའི་ནུས་པ་འདོན་སྤེལ་བྱེད་ས་ཆེན་པོ་ཞིག་ཡིན།

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྩ་གནད་ལག་བསྟར་བྱ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་གིས་མཆན་འགོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས་སྲིད་ཇུས་གལ་ཆེན་དང་བཟོ་བཀོད་གལ་ཆེན། རྣམ་གྲངས་གལ་ཆེན་བཅས་དོན་འཁྱོལ་གང་མགྱོགས་ཡོང་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད། རྩ་གནད་ཁྱབ་བསྒྲགས་བྱས་ནས་ལོ་ཕྱེད་ཙམ་སོང་བའི་རིང་། ས་གནས་ཁག་དང་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར་འབྲེལ་ཡོད་ལས་དོན་ཏན་ཏིག་ངང་སྤེལ་ཡོད། མིག་སྔའི་འཕེལ་རིམ་ལ་བལྟས་ན། བཟོ་བཀོདའི་རྣམ་གྲངས་གལ་ཆེན་ཁག་གོ་རིམ་ལྡན་པའི་ངང་སྐུལ་འདེད་ཧུར་ཐག་བཏང་བ་དང་། རྩིས་སྒྱུར་འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས་ཁག་གཅིག་གི་ལག་བསྟར་བྱེད་ཚད་ཇེ་མགྱོགས་སུ་གཏོང་བཞིན་ཡོད་ལ། གསར་སྐྲུན་རྣམ་གྲངས་ཁག་གཅིག་ལས་འགོ་ཚུགས་ནས། རྣམ་གྲངས་གལ་ཆེན་ཁག་གཅིག་བཟོ་སྐྲུན་བྱེད་གྲབས་ཡོད།

གོམ་སྟབས་རྗེས་མར་ང་ཚོས་བཟོ་བཀོད་ཀྱི་རྣམ་གྲངས་གལ་ཆེན་ལ་སྐུལ་འདེད་གཏོང་ཤུགས་སྔར་བས་ཇེ་ཆེར་བཏང་བ་ནས། ལག་བསྟར་ཇུས་གཞི་ཞིབ་ཕྲ་བཟོ་བ་དང་། དུས་འགོའི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་བཅས་བྱ་རྒྱུ་ཡིན། བཟོ་བཀོདའི་རྣམ་གྲངས་གལ་ཆེན་དེ་དག་ལ་རྩ་དོན་ཐོག་རྣམ་གྲངས་ཀྱི་གྲོས་འགོའི་ཡིག་ཆར་ཞིབ་མཆན་འགོད་མི་དགོས་པ་དང་ལག་ལེན་རང་བཞིན་གྱི་ཞིབ་འཇུག་སྙན་ཞུར་ཐད་ཀར་ཞིབ་མཆན་འགོད་དགོས། ཞིབ་མཆན་འགོད་བཞིན་པའི་རྣམ་གྲངས་ལ་ས་ཁུལ་ཁག་དང་སྡེ་ཁག་དག་གིས་ཞིབ་མཆན་འགོད་རིམ་སྟབས་བདེ་གཏོང་ཅི་ཐུབ་བྱས་ནས་ཞིབ་མཆན་འགོད་ཡུན་ཉུང་དུ་གཏོང་དགོས། 

རྣམ་གྲངས་གལ་ཆེན165ཡིས་དམངས་ཁྲོད་མ་འཇོག་ལ་གོ་སྐབས་ཅི་འདྲ་ཞིག་སྟེར་སྲིད་དམ། དམངས་ཁྲོད་ཀྱི་མ་འཇོག་རྣམ་གྲངས་གལ་ཆེན་དེ་དག་འཛུགས་སྐྲུན་ནང་ཞུགས་རྒྱུར་སྐུལ་མ་ཇི་ལྟར་གཏོང་ཐུབ་བམ་ཞེ་ན། 

[ཧུའུ་ཙུའུ་ཚའེ] དམངས་ཁྲོད་མ་འཇོག་ནི་སྤྱི་ཚོགས་ཕྱོགས་ཁག་སོ་སོས་ཚད་མཐོའི་དོ་ཁུར་བྱེད་པའི་གནད་དོན་ཞིག་རེད། “ལོ་ལྔའི་འཆར་བཀོད་བཅུ་གསུམ་པའི”རྩ་གནད་ནང་གཏན་འཁེལ་བྱས་པའི་བཟོ་བཀོདའི་རྣམ་གྲངས་གལ་ཆེན165ཡིས་དམངས་ཁྲོད་མ་འཇོག་ལ་ཤུགས་རྐྱེན་མང་པོ་ཐེབས་ཀྱི་ཡོད། ངས་གོང་དུ་ངོ་སྤྲོད་བྱས་ཟིན་པའི་ནང་བཟོ་བཀོདའི་རྣམ་གྲངས་གལ་ཆེན165ཡིས་དམངས་ཁྲོད་མ་འཇོག་ལ་གར་སྟེགས་ཆེན་པོ་ཞིག་མཁོ་འདོན་བྱས་པ་ནི་གོ་སྐབས་གལ་ཆེན་ཞིག་རེད། ངས་བལྟས་ན། ཐོག་མར་གཙོ་གནད་བཟོ་བཀོད165འདི་ཉིད་ལག་བསྟར་བྱེད་པར་སྤྱི་ཚོགས་ཀྱི་མ་རྩ་དང་ཁྱད་པར་དུ་དམངས་ཁྲོད་ཀྱི་མ་རྩ་རྒྱ་ཆེར་ཞུགས་པར་སྐུལ་འདེད་དང་མཛུབ་སྟོན་བྱ་དགོས་ཤིང་། བཟོ་བཀོད་གལ་ཆེན165ལས་ཁ་ཤས་ནི་སྲིད་གཞུང་གིས་གཙོ་ཁྲིད་བྱེད་དགོས་པ་དཔེར་ན། རྨང་གཞིའི་རང་བཞིན་དང་ལྷག་པར་དུ་ཐུན་མོང་གི་ཞབས་ཞུ་ལྟ་བུ་ཡིན་ཞིང་། སྲིད་གཞུང་གིས་སྐུལ་འདེད་གཏོང་བའི་ཁྲོད་དུའང་ཞབས་ཞུ་ཉོ་བ་དང་བྱེད་ཐབས་གཞན་དག་ལ་བརྟེན་ནས་སྤྱི་ཚོགས་ཀྱི་མ་རྩ་ཞུགས་པར་གདན་འདྲེན་ཞུ་དགོས། 

གཉིས་པ། བཟོ་བཀོད་གལ་ཆེན165དེས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ཁ་ཕྱོགས་གཙོ་བོར་ཁ་གསལ་བཟོས་ནས་དམངས་ཁྲོད་མ་འཇོག་ལ་ཁ་ཕྱོགས་དང་ཁྲིད་སྟོན་ཡག་པོ་བྱས་ཡོད། ད་ལྟ་དམངས་ཁྲོད་ཀྱི་མ་རྩར་མ་དངུལ་གང་དུ་འཇོག་དགོས་མིན་མི་ཤེས་པའི་གནད་དོན་ཡོད་པས། འཆར་འགོད་དེ་ཉིད་ལ་ཁྲིད་སྟོན་གྱི་ནུས་པ་ལྡན་ཞིང་བཟོ་བཀོད165ཡིས་ཚོང་རས་ཐུན་མོང་ཐོག་ཤུགས་རྒྱག་པར་ཁྲིད་སྟོན་བྱེད་པའི་ཁྱབ་ཁོངས་སྔར་བས་ཁ་གསལ་དུ་བཏང་ཡོད།

གསུམ་པ། བཟོ་བཀོད་གལ་ཆེན་དེ་དག་ལག་བསྟར་བྱེད་པར་སྐུལ་ཁྲིད་ཀྱི་ཕན་ནུས་ལྡན་པ་དང་། ཐོན་ལས་དང་འབྲེལ་བ་ཧ་ཅང་ཆེན་པོ་ཡོད་པས། རྣམ་གྲངས་དེ་དག་ལག་བསྟར་བྱས་པ་བརྒྱུད་དེ་འབྲེལ་ཡོད་ཐོན་ལས་འབྲེལ་ཐག་འཕེལ་རྒྱས་ཡོང་བར་སྐུལ་ཁྲིད་བྱེད་ཐུབ་པ་དང་། སྤྱི་ཚོགས་ཀྱི་མ་རྩའི་མ་འཇོག་ལའང་ཕན་ནུས་འདོན་ཐུབ། དཔེར་ན། ཁོར་ཡུག་སྲུང་སྐྱོང་གི་བཟོ་བཀོད་གལ་ཆེན་ནང་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་དང་འཁོར་རྒྱུག་བེད་སྤྱོད། རླུང་ཁམས་ཆེན་པོ་དང་ཆུ། ས་རྒྱུ་སོགས་ཀྱི་སྦགས་བཙོག་བཅོས་སྐྱོང་རྣམ་གྲངས་ཡོད་པ་དང་། ད་དུང་ཁེ་ལས་ཀྱི་འབུད་སྐྱུར་ཚད་ལོན་བྱ་སྤྱོད་སོགས་ཡོད་པས། ཁོར་ཡུག་སྲུང་སྐྱོང་གི་ཐོན་ལས་གོང་དུ་སྤེལ་བར་ཚོང་རའི་གོ་སྐབས་ཧ་ཅང་ཆེན་པོ་སྤྲད་ཡོད། 

དེ་ནི་བཟོ་བཀོད་གལ་ཆེན165ལག་བསྟར་བྱས་པས་དམངས་ཁྲོད་ཀྱི་མ་རྩར་ཐོན་པའི་གར་སྟེགས་ཆེན་པོ་ཞིག་རེད། འོ་ན་ཇི་ལྟར་བྱས་ན་དམངས་ཁྲོད་ཀྱི་མ་རྩ་དེ་རྣམ་གྲངས་འདི་དག་གི་ལག་བསྟར་ནང་རྒྱ་ཁྱབ་ཏུ་ཞུགས་ཐུབ་པ་དང་། ཞུགས་པ་ལས་བྱུང་བའི་ཚོང་རའི་གོ་སྐབས་བསྐྲུན་ཐུབ་ཅེ་ན། 

དང་པོ། “གློད་སྡོམ་ཞབས་ཞུ་གསུམ་”ལ་སྐུལ་འདེད་གཏིང་ཟབ་གཏོང་བ་ཞེས་པ་ནི། ཞིབ་མཆན་འགོད་རྒྱུ་ཉུང་དུ་གཏོང་བ་དང་ལམ་ལུགས་རང་བཞིན་གྱི་ཉོ་ཚོང་མ་དངུལ་དམའ་རུ་གཏོང་རྒྱུ་དེ་རེད། སྲིད་གཞུང་གི་འགན་ནུས་ཞིབ་མཆན་འགོད་རྒྱུ་དེ་ཁྲོམ་རའི་དྲང་གཞག་འགྲན་རྩོད་ཀྱི་ལྟ་སྐུལ་དོ་དམ་དང་ཞབས་ཞུ་ཡག་པོ་མཁོ་འདོན་བྱ་རྒྱུར་བསྒྱུར་དགོས།

གཉིས་པ། འགྲན་རྩོད་དྲང་གཞག་གི་ཚོང་རའི་ཁོར་ཡུག་བསྐྲུན་དགོས་པ་དང་། ལྷག་པར་དུ་དམངས་ཁྲོད་ཀྱི་མ་དངུལ་འཇོག་པར་ཕྱོགས་རིས་མེད་པའི་མ་འཇོག་ཁོར་ཡུག་བསྐྲུན་དགོས། འདིའི་ནང་དུ་ཆེས་གལ་ཆེ་བ་ནི་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཚོང་རར་ཞུགས་འཐུས་ལྷུག་ཏུ་གཏོང་དགོས་པ་དེ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚོང་རར་ཞུགས་འཐུས་ཀྱི་བཀག་རྒྱའི་གསལ་ཐོ་བཟོ་རྒྱུ་དམ་འཛིན་བྱས། ལྷག་པར་དུ་དམངས་གཉེར་གནམ་གྲུ་ཐང་དང་རྨང་གཞིའི་གློག་འཕྲིན་ལས་གཉེར། སྣུམ་རླངས་རྩད་ཞིབ་གསར་སྤེལ་སོགས་ཀྱི་ཁྱབ་ཁོངས་སྔར་བས་ཇེ་ལྷོད་དུ་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་དང་སྤྱི་སྤྱོད་བྱ་གཞག་ཁྱབ་ཁོངས་ཀྱི་ཁྲོམ་རའི་བཀག་རྒྱ་མེད་པར་བཟོ་དགོས་ལ། སྨན་བཅོས་དང་རྒན་གསོ། སློབ་གསོ་སོགས་དམངས་འཚོའི་ཁྱབ་ཁོངས་སུ་དེ་བས་ནུས་ལྡན་གྱི་བྱ་ཐབས་བཏོན་པས་དམངས་གཉེར་མ་འཇོག་དྲང་སྙོམས་ངང་ཞུགས་ཐུབ་པ་བྱེད་དགོས་ཞེས་ནན་གྱིས་བསྟན་ཡོད་པ་དང་ཆབས་ཅིག ད་དུང་དམངས་གཉེར་མ་རྩ་བསྡུ་དཀའ་བ་དང་མ་དངུལ་བསྡུ་སྒྲིལ་གྱི་རིན་གོང་མཐོ་བའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་ཤིང་། རྩ་གནད་ནང་དངུལ་རྩའི་ཁྲོམ་རའི་མ་ལག་འཛུགས་རྒྱུར་ཆེད་མངགས་དམིགས་པའི་ཆེད་སྒྲིག་ལེ་ཚན་ཡོད་ལ། ཁེ་ལས་དང་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་མ་དངུལ་བསྡུ་སྒྲིལ་གྱི་རྒྱབ་སྐྱོར་མཁོ་སྤྲོད་བྱེད་པ་ཞིག་ཀྱང་རེད།

གསུམ་པ། དམངས་ཁྲོད་ནས་མ་དངུལ་འཇོག་པར་ཞུགས་པའི་བྱེད་ཐབས་གསར་གཏོད་བྱ་དགོས། ཞབས་ཞུ་ཉོ་སྒྲུབ་བྱེད་པར་འཚམ་པ་དག་དེ་ལ་བརྟེན་ནས་སྤྱི་ཚོགས་མ་རྩའི་ནུས་པ་འདོན་སྤེལ་བྱ་དགོས། PPPབརྒྱུད་པར་འཚམ་པ་དགPPPཡི་རྣམ་པ་བརྒྱུད་དེ་སྤྱི་ཚོགས་ཀྱི་མ་འཇོག་ཆེན་པོ་འགུག་དགོས་པ་དང་། “ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”རྩ་གནད་ནང་གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ་འཛུགས་སྐྲུན་ནི་ཧ་ཅང་གལ་འགངས་ཆེ་བའི་ཕྱོགས་ཤིག་ཡིན་ཞིང་། སྤྱི་ལེ་སུམ་སྟོང་གི་ལྕགས་ལམ་འགྲིམ་འགྲུལ་འཛུགས་སྐྲུན་བྱེད་དགོས་ཞེས་བཏོན་པ་དེ་ནི་ཁྲོམ་ར་ཧ་ཅང་ཆེན་པོ་ཞིག་རེད།

[ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ]བཟོ་བཀོདའི་རྣམ་གྲངས་གལ་ཆེན165བཏོན་པ་ནས་བཟུང་སྤྱི་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ངའི་དྲི་བ་ནི། བཟོ་བཀོདའི་རྣམ་གྲངས་གལ་ཆེན165བཏོན་པའི་དང་པོའི་བསམ་ཚུལ་ནི་ཅི་ཞིག་ཡིན་ནམ།

[ཧུའུ་ཙུའུ་ཚའེ] ཚང་མས་ཤེས་གསལ་ལྟར། “ལོ་ལྔའི་འཆར་བཀོད་བཅུ་གསུམ་པའི”རྩ་གནད་ནི་ང་ཚོས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པ་འགྲུབ་རྒྱུའི་མཇུག་བསྡུའི་འཆར་བཀོད་ཡིན་པས། འཆར་བཀོད་འདི་ཧ་ཅང་གལ་ཆེན་ཡིན་པ་དང་ཆབས་ཅིག ང་ཚོའི་དཔལ་འབྱོར་འཕེལ་རྒྱས་རྒྱུན་རྣམ་གསར་པར་སླེབས་པ་དང་། རྒྱུན་རྣམ་གསར་པའི་ཁྱད་ཆོས་སྔར་བས་མངོན་གསལ་དོད་པོར་སླེབས་བཞིན་ཡོད་ཅེས་བཤད་ཆོག འདིའི་ནང་ཆེས་གལ་ཆེ་བ་ནི་འཕེལ་རྒྱས་གཏོང་སྟངས་བསྒྱུར་བར་སྐུལ་འདེད་དང་སྒུལ་ནུས་བརྗེ་སྒྱུར་ལ་སྐུལ་འདེད། འཕེལ་རྒྱས་ཀྱི་ཞན་ཆ་གསབ་པ་དང་འཕེལ་རྒྱས་ཁྲོད་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བཅས་བྱ་རྒྱུ་དེ་རེད། འཆར་བཀོད་བཟོ་འགོད་བྱེད་འགོ་བརྩམས་མ་ཐག་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་བློ་མཐུན་གྱིས“རྣ་ཐོས་གསར་རྐྱང་དང་། དངོས་གཉེར་གོ་ཆོད”ཀྱི་འཆར་བཀོད་ཅིག་བཟོ་དགོས་པ་ཁ་གསལ་བཏོན་ཡོད། དུས་མཚུངས་སུ“གལ་ཆེན་གསུམ”གཏིང་ཟབ་ངང་ནན་ཏན་གྱིས་སྒྲུབ་དགོས་པ་སྟེ། སྲིད་ཇུས་གལ་ཆེན་དང་བཟོ་བཀོད་གལ་ཆེན། རྣམ་གྲངས་གལ་ཆེན་བཅས་ཡིན། 

ཕྱོགས་གཞན་ཞིག་ནས་བལྟས་ན། ལས་གཞི་གལ་ཆེན་སྒྲིག་འཛུགས་དང་ལག་བསྟར་བྱེད་པ་ནི་འཆར་བཀོད་རྩ་གནད་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བའི་འཆང་གཟུང་གལ་ཆེན་ཡིན་ཞིང་། འཆར་བཀོད་བཟོ་བའི་སྔོན་གྲབས་ནས་ང་ཚོས་ས་གནས་ཁག་དང་སྡེ་ཁག་སོ་སོ་སྒྲིག་འཛུགས་བྱས་ནས“གལ་ཆེན་གསུམ”ལ་ཞིབ་འཇུག་བྱ་རྒྱུ་ཡིན། རྩ་གནད་སྒྲིག་འགོད་བྱེད་པའི་རིང་ཕྱོགས་གང་ཅིའི་ཐད་ཀྱི་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་བཟོ་བཀོད་གལ་ཆེན་དེ་དག་ལ་རིགས་པས་ཁུངས་སྐྱེལ་ཡང་ཡང་བྱས་ཡོད་ཅིང་། འཆར་བཀོད་རྩ་གནད་བཟོ་འགོད་བྱེད་པར་ལོ་གཉིས་ལྷག་ཙམ་འགོར་བ་དང་། བཟོ་བཀོདའི་རྣམ་གྲངས་དེ་དག་ལ་ཞིབ་འཇུག་དང་གདམ་གསེས། རིགས་པས་ཁུངས་སྐྱེལ་བཅས་ཀྱང་ལོ་གཉིས་ལྷག་ཙམ་བྱས་པ་སོགས་ནི་དུས་མཉམ་དུ་སྤེལ་བ་ཡིན།   རྣམ་གྲངས165དེས“ལོ་ལྔའི་འཆར་བཀོད་བཅུ་གསུམ་པའི”རྩ་གནད་ལ་འདེགས་སྐྱོར་བྱེད་པའི་དམིགས་ཚད་མངོན་འགྱུར་བྱུང་བ་ཕུད། ད་དུང་བརྒྱ་ལོ་གཉིས་ཀྱི་དམིགས་ཚད་མངོན་འགྱུར་དང་སླད་ཕྱིན་གྱི་འཕེལ་རྒྱས་ལ་རྨང་གཞི་བཏིང་ཡོད་དེ། གཙོ་བོ་གཤམ་གྱི་ཁྱད་ཆོས་གསུམ་ཡོད།

དང་པོ། དེ་ལ་མ་ལག་རང་བཞིན་ཆེན་པོ་ལྡན།   བཟོ་བཀོད་གལ་ཆེན165དེ་ཕྱོགས་གང་ཅིའི་ཐད་དང་འབྲེལ་བ་ཡོད་པ་དང་ཁྱབ་ཁོངས་སོ་སོའི་འགག་རྩའི་རང་བཞིན་གྱི་རྣམ་གྲངས་མ་ལག་ཅིག་རེད། ཁྱབ་ཁོངས་ཁག་ཏུ་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་འདོན་བཞིན་པ་དག་གིས་ཀྱང་། ངེས་པར་དུ་ཕན་ཚུན་འདེགས་སྐྱོར་དང་མཐུན་སྦྱོར་དམ་ཚགས་ཀྱང་བྱས་ཡོད་པས། གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་གཅིག་བསྡུས་ཀྱིས་དོན་འཁྱོལ་བྱས་ཡོད་པ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་ཚུལ་སྒྱུར་རིམ་སྤོར། ཁོར་ཡུག་ལེགས་བཅོས། དམངས་འཚོ་ལེགས་བཅོས། དེ་བཞིན་འཕེལ་རྒྱས་ཀྱི་བར་སྟོང་རྒྱ་སྐྱེད་གཏོང་བ་བཅས་ལ་གནད་འགག་རང་བཞིན་གྱི་ནུས་པ་ལྡན་ཡོད། མ་ལག་རང་བཞིན་གྱི་མཚོན་ཚུལ་ནི་རྣམ་གྲངས་དེ་དག་གིས“ལོ་ལྔའི་འཆར་བཀོད་བཅུ་གསུམ་པའི”རྩ་གནད་ཧྲིལ་པོ་ལག་བསྟར་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྣེ་ཁྲིད་ཀྱི་ནུས་པ་ཐོན་པ་དེ་རེད།

གཉིས་པ། དེ་ལ་འཐབ་ཇུས་ཀྱི་རང་བཞིན་ཆེན་པོ་ལྡན། བཟོ་བཀོད་ཀྱི་རྣམ་གྲངས་དེ་དག་གིས་དམིགས་ཚད་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་འཐབ་ཇུས་དམིགས་ཚད་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ཞན་ཆ་ཁ་གསབ་བྱ་རྒྱུར་དམིགས་པ་དང་ཆབས་ཅིག “བརྒྱ་ལོ་གཉིས་ཀྱི་དམིགས་ཚད”མངོན་འགྱུར་ཡོང་བར་རྨང་གཞི་ཡག་པོ་ཞིག་འདིང་རྒྱུར་དམིགས་པས་མིག་མདུན་དང་འབྱུང་འགྱུར་གཉིས་ཀར་ཕན་པ་ཡོད། བཟོ་བཀོདའི་རྣམ་གྲངས་གལ་ཆེན་འདེམས་སྒྲུག་བྱེད་པའི་ཁྲོད་ང་ཚོས་ད་དུང་འཛམ་གླིང་གི་ཚན་རྩལ་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་ཐོན་ལས་འཕོ་འགྱུར་གྱི་ཁ་ཕྱོགས་ལ་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད་ཅིང་། ཚན་རྩལ་རྣམ་གྲངས་གལ་ཆེན་ཁག་གཅིག་ནི་དེང་སྐབས་འཛམ་གླིང་གི་མདུན་གྲལ་གྱི་ཚན་རྩལ་རེད་ཅེས་བཤད་ཆོག ཉིན་ཤས་སྔོན་ལ་ང་ཚོའི་ཚད་རྡུལ་འཕྲིན་གཏོང་སྲུང་སྐར་མཁའ་དབྱིངས་སུ་འཕུར་བ་དེ་ནི་འཛམ་གླིང་ཐོག་སྣེ་ཁྲིད་དམ་ཡང་ན་སྔོན་ཐོན་གྱི་གནས་བབ་ཐོག་གནས་ཡོད་ལ། ང་ཚོའི་བཟོ་བཀོད་གལ་ཆེན་ལག་ལེན་གནང་བའི་མཚོན་ཚུལ་ཞིབ་ཕྲ་ཞིག་ཀྱང་རེད། དེ་དང་ཆབས་ཅིག་ང་ཚོས་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་ཁྲོད་གལ་འགངས་ཤིན་ཏུ་ཆེ་བའི་རྣམ་གྲངས་ཤིག་ཡོད་པ་ནི་འཕྲུལ་མི་ཡིན་པ་དང་། འཕྲུལ་མི་ནི་དེང་རབས་ཆ་འཕྲིན་ལག་རྩལ་དང་བཟོ་སྐྲུན་མཉམ་འདྲེས་ཀྱི་མཚོན་ཚུལ་ཞིག་ཡིན་པས་འབྱུང་འགྱུར་འཛམ་གླིང་ཐོན་ལས་ཀྱི་ཆགས་སྟངས་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་ངེས་རེད། 

གསུམ་པ། དེ་ལ་འགུག་ཤུགས་ཧ་ཅང་ཆེན་པོ་ལྡན།  རྣམ་གྲངས་དེ་དག་ལེགས་འདེམས་བྱེད་པའི་དམིགས་ཡུལ་ནི་འཆར་འགོད་ཀྱི་རྩ་གནད་ནན་ཏན་གྱིས་གཏིང་ཇེ་ཟབ་ཏུ་གཏོང་ཆེད་ཡིན། ད་ལྟ་འཆར་འགོད་ལག་བསྟར་བྱས་པ་དེ་ཡང་ང་ཚོའི་གནད་ས་ནུས་ལྡན་ཞིག་ཏུ་གྱུར་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྣེ་ཁྲིད་དེ། དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་ཡོད། གྲོས་བསྡུར་བྱེད་པའི་རིང་དཔེ་ཞིག་བཞག་ཡོད་དེ། གལ་ཏེ་ང་ཚོས“ལོ་ལྔའི་འཆར་བཀོད་བཅུ་གསུམ་པའི”རྩ་གནད་དེ་གྲུ་གཟིངས་ཆེན་པོ་ཞིག་ལ་དཔེར་བླངས་ན། བཟོ་བཀོད་གལ་ཆེན165འདི་ནི་དེའི་སྒུལ་བྱེད་ཀྱི་འཕྲུལ་འཁོར་ལྟ་བུ་ཡིན་པ་དང་། ང་ཚོའི་གྲུ་གཟིངས་ཆེན་པོ་ཡང་དག་པའི་ཕྱོགས་སུ་མདུན་སྐྱོད་བྱེད་པར་སྐུལ་འདེད་གཏོང་དགོས།

[ཀྲུང་གོ་རྒྱལ་སྤྱིའི་རླུང་འཕྲིན་ལས་ཁུངས་ཀྱི་གསར་འགོད་པ]རྣམ་གྲངས165ནི་མ་ལག་ཆེན་པོ་ཞིག་ཡིན་པས། ང་ཚོར་རྣམ་གྲངས་དེ་དག་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ཡོད་དམ། དེའི་ཕྱོགས་ཀྱི་བྱེ་བྲག་གི་བྱ་བའི་བཀོད་སྒྲིག་དང་དུས་ཚོད་ང་ཚོར་ངོ་སྤྲོད་རགས་ཙམ་བྱས་ཆོག་གམ།

[ཧུའུ་ཙུའུ་ཚའེ] རྣམ་གྲངས་ཀྱི་བཟོ་བཀོད་ལག་བསྟར་བྱེད་པའི་འགག་རྩ་ནི་དོན་འཁྱོལ་བྱེད་ཐུབ་མིན་དང་དོན་ཐོག་ཏུ་འཁྱོལ་ཐུབ་མིན། ཕན་འབྲས་འདོན་སྤེལ་བྱེད་ཐུབ་མིན་བཅས་ཡིན་ཞིང་། འདི་ཡང་ང་ཚོས་རྒྱུན་དུ་བཤད་པའི་བཀོད་སྒྲིག་གི་ཆ་གཅིག་ཡིན་ཞིང་། དོན་འཁྱོལ་གྱི་བཅུ་ཆའི་དགུ་ནི་ང་ཚོས་དོན་འཁྱོལ་བྱས་པའི་ཕན་འབྲས་ཇི་འདྲ་ཡིན་པར་བལྟ་དགོས།      དངོས་གནས་བཟོ་བཀོད165ནི་གཞི་ཁྱོན་ཆེ་ཞིང་བརྒྱུད་རིམ་ལྡན་པའི་བཟོ་བཀོད་ཞིག་ཡིན་པས། གཞི་ཁྱོན་དང་ཁྱབ་ཁོངས་གང་ཞིག་ཡིན་རུང་ཕྱོགས་སོར་འབྲེལ་བ་ཡོད། “ལོ་ལྔའི་འཆར་བཀོད་བཅུ་གསུམ་པའི”རྩ་གནད་ཕྱོགས་ཡོངས་ནས་ལག་བསྟར་ཐུབ་པར་འགན་ལེན་བྱ་ཆེད། འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ《“ལོ་ལྔའི་འཆར་བཀོད་བཅུ་གསུམ་པའི”〈རྩ་གནད〉ལག་བསྟར་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ཟིན་བྲིས་བཀོད་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་སེང་ཞུས་ཡོད། ང་ཚོས་ལམ་སྲོལ་ལ་བརྟེན་ནས་ལོ་ལྔའི་འཆར་འགོད་ནང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྣེ་ཁྲིད་ནུས་པ་དངོས་འབྲེལ་འདོན་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས། 

བཟོ་བཀོད་གལ་ཆེན165ལ་མཚོན་ན། ང་ཚོས་སྲིད་གཞུང་གི་ནུས་པ་འདོན་སྤེལ་བྱ་དགོས་པར་མ་ཟད། ཁེ་ལས་དང་སྤྱི་ཚོགས། རྒྱ་ཆེའི་མི་དམངས་མང་ཚོགས་སོགས་ཀྱང་སྐུལ་སློང་བྱས་ཏེ། སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས།

དང་པོ། ཆེད་དམིགས་འཆར་བཀོད་དང་ཁྱབ་ཁོངས་འཆར་བཀོད། ལོ་འཁོར་གྱི་འཆར་གཞི་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། རྩ་གནད་ནི་རྩེ་རིམ་ཇུས་འགོད་དང་། རྒྱལ་ཁབ་ཀྱི་སྤྱིའི་འཆར་བཀོད་ཡིན་པས། དོན་འཁྱོལ་བྱེད་སྐབས་རྩ་གནད་ལ་འདེགས་སྐྱོར་བྱེད་མཁན་གྱི་ཁྲོད་ད་དུང་ཆེད་དམིགས་འཆར་བཀོད་དང་ས་གནས་ཀྱི་འཆར་བཀོད་སོགས་ཡོད། དེར་བརྟེན་དང་ཐོག་ཆེད་དམིགས་འཆར་བཀོད་དང་ས་གནས་ཀྱི་འཆར་བཀོད་ཁག་ཚང་མས་གཙོ་གནད་བཟོ་བཀོད་165འདི་མཚོན་དགོས་པ་དང་ཞིབ་ཕྲ་བཟོ་དགོས་པའི་བླང་བྱ་བཏོན་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཙོ་གནད་ཆེད་དོན་འཆར་བཀོད22གཏན་འཁེལ་བྱས་པར་མ་ཟད། གཙོ་གནད་འཆར་བཀོད22དེ་ལོ་འདིར་ཕྱོགས་ཡོངས་ནས་ཕྱིར་འདོན་རྒྱུའི་བླང་བྱ་བཏོན་ཡོད་ཅིང་། འདི་ཡང་སྔོན་ཆད་ཀྱི་ཆེད་དོན་འཆར་བཀོད་ཆ་ཚང་བཏོན་པའི་དུས་ཚོད་མི་འདང་བའི་གནད་དོན་ཕྱོགས་སྡོམ་བྱས་པ་ཡིན།

གཉིས་པ། གཅིག་གྱུར་གྱིས་འཆར་བཀོད་དང་མཐུན་སྦྱོར་རིགས་དབྱེ་སྐུལ་སྤེལ་ནུས་ཤུགས་ཆེ་རུ་གཏོང་དགོས། ང་ཚོའི་བཟོ་བཀོད་ཀྱི་རྣམ་གྲངས་གལ་ཆེན་མང་པོ་ཞིག་དོན་དངོས་ཐོག་ས་ཁུལ་དང་སྡེ་ཁག་ལས་བརྒལ་བའི་ལས་འགན་གལ་ཆེན་དང་འབྲེལ་བ་ཡོད། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་བཟོ་བཀོད་ཀྱི་རྣམ་གྲངས་གལ་ཆེན་མི་འདྲ་བའི་གནས་ཚུལ་ལ་གཞིགས་ནས་རིགས་དབྱེ་སྐུལ་འདེད་གཏོང་དགོས། དང་ཐོག་བཟོ་བཀོད་གལ་ཆེན་རེ་རེ་ལག་བསྟར་བྱེད་པའི་གཙོ་གཞིའི་འགན་འཁྲི་ཁ་གསལ་བཟོ་དགོས་པ་དང་། དེ་ནས་ལག་བསྟར་ཇུས་གཞི་ཞིབ་ཕྲ་བཟོ་དགོས་ཤིང་། ལག་བསྟར་དུས་ཚོད་རེའུ་མིག་དང་ལམ་ཐིག་རི་མོ་ཁ་གསལ་བཟོ་དགོས་པར་མ་ཟད། ལྷག་པར་དུ་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་སྤེལ་བའི་ནུས་ཤུགས་ཇེ་ཆེར་གཏོང་དགོས། མགྱོགས་མྱུར་ངང་ཆ་རྐྱེན་བསྐྲུན་ནས་རྣམ་གྲངས་ལས་འགོ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་ལས་འགན་གལ་ཆེན་དོན་ཐོག་ཏུ་འཁྱོལ་ནས་ནུས་པ་འདོན་སྤེལ་བྱེད་དགོས། ངས་གོང་དུ་ངོ་སྤྲོད་བྱས་པ་ལྟར་ན། ད་ལྟ་སྤྱིའི་འཕེལ་རིམ་ཡག་པོ་འདུག་པས་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད། ངེས་པར་དུ་ལས་ཀ་དམ་འཛིན་དང་ལག་བསྟར་གང་མགྱོགས་བྱས་ཏེ་ལས་འགན་རྗེས་སུ་མི་ལུས་པ་དང་། ལྷག་པར་དུ་ད་ལོར་ལས་འགོ་ཡག་པོ་ཞིག་འཛུགས་ཐུབ་པ་བྱ་དགོས།    མཐུན་སྦྱོར་ངང་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་སྲིད་གཞུང་གིས་ས་ཆ་དང་མ་དངུལ། ཤེས་ལྡན་མི་སྣ་སོགས་ཕྱོགས་སོ་སོའི་འགན་ལེན་ལ་ཤུགས་སྣོན་རྒྱག་དགོས་པ་དང་ཆབས་ཅིག སྤྱི་ཚོགས་ཀྱི་མ་རྩ་དང་ལྷག་པར་དུ་དམངས་ཁྲོད་མ་འཇོག་ཧུར་ཐག་སྒོས་ཞུགས་རྒྱུར་ལྕག་སྐུལ་དང་ཁྲིད་སྟོན་བྱེད་དགོས། 

གསུམ་པ། ལྟ་སྐུལ་དང་དཔྱད་དཔོག་བྱེད་ཤུགས་ཆེ་རུ་གཏོང་དགོས། ལག་བསྟར་བྱས་ཚུལ་ལ་རྗེས་འདེད་དཔྱད་དཔོག་བྱས་ནས་མཐུན་སྦྱོར་ལག་བསྟར་བྱེད་སྐབས་ལྷག་པའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས། ལག་བསྟར་བྱས་ཚུལ་སྤྱི་ཚོགས་ལ་ཡོངས་བསྒྲགས་དང་། ལྟ་སྐུལ་དང་ལེན། དུས་མཚུངས་སུ་ང་ཚོས་ཕྱོགས་གསུམ་པས་དཔྱད་དཔོག་བྱེད་པར་ཡང་སྐུལ་འདེད་བྱས་ཏེ། བཟོ་བཀོད་གལ་ཆེན165དོན་ཐོག་ཏུ་འཁྱོལ་བར་བྱས་ཡོད། དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་པའི་ནུས་ཤུགས་ཆེ་རུ་བརཏང་ནས་སྤྱི་ཚོགས་ཀྱི་ངང་ཚུལ་བཟང་པོ་ཆགས་སུ་འཇུག་པ་དང་། འཆར་གཞི་ལྡན་པའི་སྒོ་ནས་གནས་འཕྲིན་རབ་དང་རིམ་པ་སྤེལ་བ་དང་། སྤྱི་ཚོགས་ཀྱིས་ཚད་མཐོའི་དོ་ཁུར་བྱེད་པའི་གཙོ་གནད་རྣམ་གྲངས་ལག་བསྟར་བྱས་ཚུལ་དུས་ཐོག་ཏུ་གནས་འཕྲིན་སྤེལ་ཏེ་དྲིལ་བསྒྲགས་བྱས་ཚེ། སྤྱི་ཚོགས་ཀྱིས་ཤེས་རྟོགས་ཐུབ་པར་མ་ཟད། རང་འགུལ་གྱིས་ལྟ་སྐུལ་དང་ལེན་ཡང་བྱེད་ཐུབ་ལ། ཚོང་རའི་ཡིད་ཆེས་ཇེ་ཆེར་འགྲོ་བ་དང་སྔོན་དཔག་ཇེ་ལེགས་སུ་འགྲོ་བར་ཡང་ཕན་ཐོགས་ཡོད། དེར་བརྟེན་ང་ཚོས་འདིར་བཞུགས་གསར་འགོད་པ་རྣམ་པ་ཚོས་བཟོ་བཀོད་ཀྱི་རྣམ་གྲངས་གལ་ཆེན165དྲིལ་བསྒྲགས་བྱེད་པར་རྒྱབ་སྐྱོར་དང་དེའི་ནང་ཞུགས་རྒྱུའི་རེ་བ་ཧ་ཅང་ཆེན་པོ་བྱེད་ཀྱིན་ཡོད། 

[དཔལ་འབྱོར་ཉིན་རེའི་ཚགས་པར་གྱི་གསར་འགོད་པ]ད་གིན་ཀྲུའུ་རེན་ཧུའུ་ལགས་ཀྱིས་གསུང་བཤད་གནང་སྐབས་ འདོན་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་སྐོར་ཐེངས་མང་གླེང་ཞིང་། ང་ཚོས་འདོན་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ནི“ལོ་ལྔའི་འཆར་བཀོད་བཅུ་གསུམ་པའི”རྩ་གནད་ཁྱབ་པའི་གཙོ་རྐང་ཡིན་པ་ཤེས་བྱུང་། ངའི་གནད་དོན་ནི་ང་ཚོས་བཟོ་བཀོད་རྣམ་གྲངས་གལ་ཆེན165ཇུས་འགོད་བྱེད་སྐབས་གཙོ་ཐིག་གི་བླང་བྱ་དེ་ཇི་ལྟར་མཚོན་དགོས་པའི་སྐོར་ཡིན།

[ཧུའུ་ཙུའུ་ཚེ] འདོན་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་སྐོར་ལ་སྐུལ་འདེད་གཏོང་རྒྱུ་ནི“ལོ་ལྔའི་འཆར་བཀོད་བཅུ་གསུམ་པའི”རྩ་གནད་ཀྱི་གཙོ་རྐང་ཡིན་ལ། རྒྱུན་རྣམ་གསར་བ་སྟངས་འཛིན་དང་ཁྲིད་སྟོན་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན། འདོན་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ནི་མཁོ་སྤྲོད་མ་ལག་གི་སྤུས་ཚད་དང་ལས་ཕྱོད་མཐོ་རུ་བཏང་ནས་ཉིན་བཞིན་རིམ་སྤོར་གྱི་འཛད་སྤྱོད་དགོས་མཁོ་དང་སྔར་ལས་ལྩག་པའི་སྒོ་ནས་མཐུན་ཅི་ཐུབ་བྱ་རྒྱུ་དང་ཆབས་ཅིག མཁོ་སྤྲོད་ནུས་ལྡན་མང་དུ་གཏོང་བ་དང་དགོས་མཁོ་ནུས་ལྡན་སྐོང་བའི་འཁོར་རྒྱུག་ཁྲོད་དཔལ་འབྱོར་ལ་སྒུལ་ཤུགས་གསར་པ་མུ་མཐུད་དུ་སྣོན་དགོས། དེའི་ནང་སྒྱུར་བཅོས་བྱས་པ་བརྒྱུད་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་བཀོད་སྒྲིག་ལེགས་པོ་བྱེད་ཐུབ་པ་དང་། ནུས་མེད་མཁོ་སྤྲོད་ཉུང་དུ་གཏོང་བ། ནུས་ལྡན་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་བ། ནུས་ལྡན་མཁོ་སྤྲོད་མི་འདང་བའི་ཞན་ཆ་གསབ་པ་བཅས་དང་འབྲེལ་བ་ཡོད། “ལོ་ལྔའི་འཆར་བཀོད་བཅུ་གསུམ་པའི”རྩ་གནད་ནང་འདོན་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱས་ནས་བཟོ་བཀོད་གལ་ཆེན165དེ་གཙོ་ཐིག་དེར་དམིགས་ནས་སྤེལ་བ་ཞིག་རེད། 

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-25

གསར་སྤེལ་མཁན། :གདོང་བསོད་ནམས

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།