ཁྱིམ་གཅིག་ལུགས་གཉིས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁྱིམ་གཅིག་ལུགས་གཉིས།
སྤྱིར་བཏང་དུ་དེ་ནི་ཁྱིམ་ཚང་གཅིག་ནང་ལམ་ལུགས་གཉིས་ཡོད་པ་སྟེ། ཁྱིམ་ཚང་ནང་མཐུན་སྒྲིལ་མེད་པ་དང་། ཁྱིམ་ཚང་གི་ཁོངས་མིས་རང་ཉིད་ཁོ་ནའི་དོན་དུ་བསམ་བློ་གཏོང་པ་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
一家两制
ཕྱི་ཡིག་གི་མིང་།
Two Systems In One Family
1 གོ་དོན།

སྤྱིར་བཏང་དུ་དེ་ནི་ཁྱིམ་ཚང་གཅིག་ནང་ལམ་ལུགས་གཉིས་ཡོད་པ་སྟེ། ཁྱིམ་ཚང་ནང་མཐུན་སྒྲིལ་མེད་པ་དང་། ཁྱིམ་ཚང་གི་ཁོངས་མིས་རང་ཉིད་ཁོ་ནའི་དོན་དུ་བསམ་བློ་གཏོང་པ་ལ་ཟེར། སྤྱི་ལོ2014ལོའི་ཟླ11པར། ཀྲུང་དབྱང་སྐོར་ཞིབ་ཚན་ཁག་གིས་ཀྲུག་ཅང་གནད་དོན་གླེང་སྐབས། ཐོག་མར་ཁྱིམ་གཅིག་ལུགས་གཉིས་ཀྱི་ལམ་ལུགས་བཏོན། དེ་ནི་གཞུང་དོན་སྒྲུབ་མཁན་འགའ་ཞིག་གིས་དབང་ཆ་བེད་སྤྱད་ནས་རང་ཉིད་ཀྱི་ཆེད་དུའམ་རང་གི་ཉེ་འགྲམ་གྱི་ཁེ་ཕན་ག་གེ་མོ་ཞིག་རག་ཆེད། རང་རྟོགས་དང་རང་རྟོགས་མིན་པའི་སྒོ་ནས་དབང་ཆ་དང་གོ་གནས་ཀྱི་ཤུགས་རྐྱེན་གྱི་དབང་གིས་ཁྱིམ་ཚང་དང་གཉེན་ཚན། སློབ་གྲོགས་དང་འཐབ་གྲོགས་སོགས་སུ་ཁེ་ཕན་ལེན་པ་དེའོ། །

2 ངོ་སྤྲོད།

དུས་རབས20པའི་ལོ་རབས90པའི་སྐབས་སུ། སྤྱི་ཚོགས་སྟེང་དུ་ཁྱིམ་གཅིག་ལུགས་གཉིས་ཀྱི་ལམ་ལུགས་བྱུང་ཡོད། དམངས་ཁྲོད་ཀྱི་བཞེད་ཚུལ་ལྟར་ན། ཁྱིམ་གཅིག་ལུགས་གཉིས་ནི་ཁྱིམ་ཚང་གཅིག་གི་ཁྱོ་ཤུག་གཉིས་ཏེ། གཅིག་ནི་སྲིད་འཛིན་ལས་ཁུངས་སམ་ལས་དོན་སྡེ་ཁག་ཏུ་བྱ་བ་བསྒྲུབ་པ་དང་། གཞན་ཤོས་ནི་དམངས་གཉེར་ཐུན་གཉེར་ཁང་དུ་ལས་ཀ་བསྒྲུབ་པ་ཞིག་ཡིན་ན། དེའི་སྐབས་ཀྱི་ཁྱིམ་གཅིག་ལུགས་གཉིས་ནི་ཁེ་ཕན་སྤྲོད་རེས་དང་ཚོང་དཔོན་ངན་འབྲེལ་ལས་བྱུང་བ་ཡིན། དེར་བརྟེན། ཀྲུག་ཅང་གི་ལས་བྱེད་པ་ཁག་གཅིག་གི་ཁྱིམ་གཅིག་ལུགས་གཉིས་ནི་ཁྱོ་ཤུག་གཉིས་ཀྱི་ལས་གནས་མི་གཅིག་པའམ་ལས་ཁུངས་མི་གཅིག་པ་ལས་བྱུང་བ་རེད།

3 སྤྱི་ཚོགས་ཀྱི་གནོད་འཚེ།

ཁྱིམ་གཅིག་ལུགས་གཉིས་ཀྱི་སྣང་ཚུལ་ནི་ལས་བྱེད་པ་ག་གེ་མོས་རྐང་པ་གཅིག་མཚོ་གྲུ་གཉིས་ཀྱི་སྟེང་དུ་བཞག་པ་དང་། ཁྱིམ་མི་བེད་སྤྱོད་དང་། སྤུན་མཆེད་ཀྱི་མིག་སྒྲིབ་ཐབས་ཀྱི་གོ་སྐབས་དང་བསྟུན་ནས་བུན་དངུལ་སྐྱི་བ་དང་རྣམ་གྲངས་ཀྱི་ཁེ་ཕན་གྱི་དབང་གིས་རྒྱུ་ནོར་ཧམ་ཟ་བྱེད་པའི་རུལ་སུངས་བྱ་སྤྱོད་ཀྱི་རྣམ་པ་བྱུང་བ་ཡིན། དཔོན་ངན་ལ་ལས་རྒྱུ་ནོར་ཧམ་ཟ་བྱ་ཆེད་དང་མི་གཞན་ལ་ཤེས་སུ་མི་འཇུག་པའི་ཆེད་དུ་རང་གི་གཉེན་ཉེ་དང་ཁྱིམ་དང་རིང་དང་གྱེས་ནསའཕྱུགས་རྒྱུ་གཏན་ནས་མེད་པར་འདོད་པའི་བྱེད་ཐབས་སྤྱད་དེ་ཁྱིམ་མིའི་ཁྱིམ་གཅིག་ལུགས་གཉིས་ལམ་ལུགས་བྱུང་བ་ཡིན།

4 བཅོས་སྐྱོང་བྱེད་ཐབས།

ཁྱིམ་གཅིག་ལུགས་གཉིས་ཀྱིས་སྤྱི་པའི་ཁེ་ཕན་ལ་གནོད་འཚེ་བཏང་བ་ཙམ་མ་ཡིན་པར། རྒྱུན་ལྡན་གྱི་ཁྲོམ་རའི་སྒྲིག་ལམ་དཀྲུག་པ་དང་། སྤྱི་ཚོགས་སྤྱི་སྙོམས་དྲང་བདེན་དང་སྲིད་གཞུང་གི་མཚན་སྙན། སྤྱི་པའི་ཡིད་རྟོན་སོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱིན་ཡོད། ཀྲུག་ཅང་གི་ཁྱིམ་གཅིག་ལུགས་གཉིས་གནད་དོན་གྱི་རུལ་སུངས་ཀྱི་སྣང་ཚུལ་ཐག་གཅོད་བྱ་ཆེད། ཀྲུང་དབྱང་ཐེངས་ལྔ་བའི་སྐོར་ཞིབ་ཚན་ཁག་གི་གྲལ་དཔོན་ཅི་ལིན་གྱིས་ཀྲུག་ཅང་གི་གནད་དོན་ལ་སྐོར་ཞིབ་བྱས་ཏེ་ཐབས་ལམ་གཙོ་བོ་གཉིས་བཏོན་པ་སྟེ། གཅིག འོས་ཤིང་འཚམས་པའི་སྒོ་ནས་ལས་བྱེད་པའི་ཁྱིམ་གཅིག་ལུགས་གཉིས་ཀྱིས་བཟོས་པའི་ཁེ་ཕན་གྱི་འགལ་རྐྱེན་ལ་ཞིབ་འཇུག་བྱས་ཏེ། གཞི་རྩའི་བླང་བྱ་བཏོན་ནས་ལམ་ལུགས་འདི་ཐག་གཅོད་ནན་མོ་བྱ་དགོས། གཉིས། འགོ་ཁྲིད་ལས་བྱེད་པའི་དབང་ཤུགས་དང་ཁེ་ཕན་སྤྱད་ནས་བཟོས་པའི་རུལ་སུངས་ཀྱི་གནོད་དོན་ལ་ཐག་གཅོད་བྱེད་དགོས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-09-18

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།