ཁྲིམས་སྐྱོང་ཀྲུང་གོ(ཆེད་དོན་བརྙན)
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁྲིམས་སྐྱོང་ཀྲུང་གོ(ཆེད་དོན་བརྙན)
《ཁྲིམས་སྐྱོང་ཀྲུང་གོ》ནི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་འོད་སྟོང་ལྡན་པའི་གྲུབ་འབྲས་ཕྱོགས་བསྡོམས་བྱས་ནས་འགྲེམས་སྟོན་བྱ་ཆེད། ཀྲུང་དབྱང་གིས་ལེའུ་དྲུག་གི་སྲིད་དོན་དཔྱད་གླེང་གི་ཆེད་དོན་པར་གཞི《ཁྲིམས་སྐྱོང་ཀྲུང་གོ》ཞེས་པ་བརྙན་ཕབ་བྱས་པ་རེད། གློག་བརྙན་ཧྲིལ་པོར་ལེའུ་དྲུག་ཏུ་དབྱེ་ཡོད་དེ། 《ཁྲིམས་སྐྱོང་པས་ཁྲིམས་ལྟར་བྱ་བ་སྒྲུབ་པ》ཞེས་པ་དང《བློ་གྲོས་ཆེན་པོས་ཁྲིམས་འཛུགས་པ》 《ཁྲིམས་ལྟར་སྲིད་སྐྱོང》 《ཁྲིམས་འཛིན་དྲང་གཞག(སྟོད་ཆ)》 《ཁྲིམས་འཛིན་དྲང་གཞག(སྨད་ཆ)》 《དམངས་ཡོངས་ཀྱིས་ཁྲིམས་སྲུང་པ》བཅས་སོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
法治中国
ཕྱིར་གཏོང་དུས་ཚོད།
སྤྱི་ལོ2017ལོའི་ཟླ8པར།
ཕྱི་ཡིག་གི་མིང་།
Rule of Law in China
ཕྱིར་གཏོང་སྟེགས་བུ།
ཀྲུང་དབྱང་བརྙན་འཕྲིན་དྲ་བ།
རྒྱལ་ཁབ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།
ལེའུ་རེའི་ཡུན་ཚད།
སྐར་མ45ལྷག
རིགས་དབྱེ།
སྲིད་དོན་ཆེད་བརྗོད་གློག་བརྙན།
1 ངོ་སྤྲོད་མདོར་བསྡུས།

《ཁྲིམས་སྐྱོང་ཀྲུང་གོ》ནི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་འོད་སྟོང་ལྡན་པའི་གྲུབ་འབྲས་ཕྱོགས་བསྡོམས་བྱས་ནས་འགྲེམས་སྟོན་བྱ་ཆེད། ཀྲུང་དབྱང་གིས་ལེའུ་དྲུག་གི་སྲིད་དོན་དཔྱད་གླེང་གི་ཆེད་དོན་པར་གཞི《ཁྲིམས་སྐྱོང་ཀྲུང་གོ》ཞེས་པ་བརྙན་ཕབ་བྱས་པ་རེད། 

གློག་བརྙན་ཧྲིལ་པོར་ལེའུ་དྲུག་ཏུ་དབྱེ་ཡོད་དེ། 《ཁྲིམས་སྐྱོང་པས་ཁྲིམས་ལྟར་བྱ་བ་སྒྲུབ་པ》ཞེས་པ་དང《བློ་གྲོས་ཆེན་པོས་ཁྲིམས་འཛུགས་པ》 《ཁྲིམས་ལྟར་སྲིད་སྐྱོང》 《ཁྲིམས་འཛིན་དྲང་གཞག(སྟོད་ཆ)》 《ཁྲིམས་འཛིན་དྲང་གཞག(སྨད་ཆ)》 《དམངས་ཡོངས་ཀྱིས་ཁྲིམས་སྲུང་པ》བཅས་སོ།།

གློག་བརྙན་དེ་སྤྱི་ལོ2017ལོའི་ཟླ8པའི་ཚེས18ཉིན་ནས་བཟུང་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ཕྱོགས་བསྡུས་འཕྲིན་ལམ་སྟེང་ཐོག་མར་བསྟན་པ་དང་འབྲེལ། མཉམ་འདྲེས་སྨྱན་སྦྱོར་ལས་སྟེགས་ཐོག་དུས་གཅིག་ཏུ་བཏོན་པ་རེད། 

2 དུས་རབས་ཀྱི་རྒྱབ་ལྗོངས།

སྒྱུར་བཅོས་སྒོ་དབྱེའི་རླབས་རྒྱུན་གྱི་སྐུལ་འདེད་འོག ཀྲུང་གོའི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་ཏེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་སྒྲིག་གཞི་ཆེ་གྲས་གཉིས་པར་གྱུར་པ་དང་། མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ལྡན་ཞིང་། རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་སྣེ་ཁྲིད་འོག རྒྱལ་ཡོངས་མི་དམངས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་ཡོང་ཆེད། འབད་འཐབ་ཧུར་ཐག་བྱེད་བཞིན་མཆིས་ལ་བྱ་རིམ་འདིའི་ཁྲོད་དུ། བཅའ་ཁྲིམས་ཀྱི་གོ་གནས་ཀྱང་ཉིན་རེ་ལས་ཉིན་རེར་གལ་ཆེན་དུ་འགྱུར་བཞིན་ཡོད། སྲིད་གཞུང་གི་བྱ་སྤྱོད་ཆེ་ཆུང་གང་ཞིག་ཡིན་རུང་ངེས་པར་དུ་བརྩི་སྲུང་བྱེད་སའི་ཁྲིམས་ཡོད་དགོས། དེ་ལྟར་བྱས་ན་ད་གཟོད་རྒྱལ་ཁབ་ལོ་རྒྱུས་ཟིང་བཅོས་ཀྱི་རེས་འཁོར་ལས་ཐར་ནས་ཡུན་རིང་བདེ་འགོད་ཀྱི་དམིགས་ཡུལ་འགྲུབ་ཐུབ་པ་རེད། དེར་བརྟེན། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ལག་བསྟར་བྱེད་པའི་གཞི་རྩའི་རྒྱལ་ཇུས་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་སྐུལ་སྤེལ་ནུས་ལྡན་བྱེད་པའི་འགན་སྲུང་གལ་ཆེན་དེའང་ཡིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་བྱས་པའི་འགོ་ཁྲིད་པ་རབས་ལྔ་པས། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་དེ་རྒྱལ་སྐྱོང་སྲིད་གཉེར་གྱི་གོ་གནས་ཨང་དང་པོར་བཞག་ཡོད། འགོ་ཁྲིད་པས་ཁྲིམས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཀྲུང་གོའི་ཁྲིམས་ལྟར་རྒྱལ་སྐྱོང་གི་འཕེལ་རིམ་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་པ་དང་། གནད་དོན་མི་ཉུང་བ་ཞིག་བཅའ་ཁྲིམས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཐག་གཅོད་བྱས་ཏེ། ཀྲུང་གོའི་མིས་བཅོས་སྐྱོང་བྱེད་པའི་རྣམ་པ་ནས་ཁྲིམས་ཀྱིས་སྐྱོང་བའི་སྤྱི་ཚོགས་བར་གོམ་སྟབས་ཆེན་པོ་ཞིག་སྤོས་པ་རེད། 

3 བརྙན་གྱི་ནང་དོན་ངོ་སྤྲོད།

《ཁྲིམས་སྐྱོང་ཀྲུང་གོ》ཡི་ནང་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྱོང་བྱ་རྒྱུ་བརྗོད་དོན་གཙོ་བོར་བྱེད་པ་དང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་སྐོར་གྱི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་གྲུབ་འབྲས་གལ་ཆེན་གཙོ་རྐང་དུ་བཟུང་ནས། ནང་དོན་ཁྲིམས་སྐྱོང་འཛུགས་སྐྱོང་གི་ཕྱོགས་གཙོ་བོར་ཁྱབ་ཅིང་། དབང་གྲགས་དང་གཟབ་ནན་གྱི་རིགས་པའི་གཞུང་ལུགས་ལ་བརྟེན་ནས་རྒྱས་བཤད་གནང་ཡོད་པར་མ་ཟད། བསམ་བློའི་རང་བཞིན་དང་རིགས་པའི་གཞུང་ལུགས་ཀྱི་གཏིང་ཟབ་ཚད་མངོན་གསལ་དོད་པོས། ཕུན་སུམ་ཚོགས་ལ་གསོན་ཉམས་ལྡན་པའི་དཔེ་མཚོན་གྱི་གཏམ་རྒྱུད་བཅས་བཀོད་དེ། ཁྲིམས་སྐྱོང་འཕེལ་རྒྱས་ཕྱིན་པའི་དབང་གིས མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་བསམ་པ་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་པ་མངོན་ཡོད། 

《ཁྲིམས་སྐྱོང་ཀྲུང་གོ》ཞེས་པའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་འདུ་ཤེས་གསར་བ། དགོངས་པ་གསར་བ་དང་འཐབ་ཇུས་གསར་བ་བཅས་ལ་དམ་པོར་དམིགས་ཏེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་བྱས་པའི་ཏང་ཀྲུང་དབྱང་གིས་གཟིགས་རྒྱང་རིང་བ་དང་དུས་དཔག་བབ་བསྟུན། གཅིག་གྱུར་འཆར་འགོད་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་མཐའ་འཁྱོངས་དང་རྒྱ་སྐྱེད་བཏང་ཡོད། ཁྲིམས་སྐྱོང་དེ་རྒྱལ་སྐྱོང་སྲིད་གཉེར་གྱི་གཞི་རྩའི་བྱེད་སྟངས་སུ་གཏན་འཁེལ་བྱས་ཏེ།ཀྲུང་གོའི་མི་དམངས་དུང་ཕྱུར13གྱི་སྣེ་ཁྲིད་དེ་སེམས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བྱས་ཏེ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་དེ“ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་ཀྱི་བཀོད་པ་ནང་དུ་འཇུག་དགོས་པ་དང་། ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་བའི་སྟེང་དུ་ཕྱོགས་ཡོངས་ནས་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་རླབས་ཆེན་གྱི་འཐབ་ལམ་ལ་སྐུལ་འདེད་གཏོང་དགོས།

3_1 ལེའུ་དང་པོ། ཁྲིམས་སྐྱོང་པས་ཁྲིམས་ལྟར་བྱ་བ་སྒྲུབ་པ།

དེང་རབས་ཅན་གྱི་རྒྱལ་ཁབ་ནི་ངེས་པར་དུ་ཁྲིམས་སྐྱོང་རྒྱལ་ཁབ་ཅིག་ཡིན་དགོས་པ་དང་། རྒྱལ་ཁབ་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་དགོས་ན་ངེས་པར་དུ་ཁྲིམས་སྐྱོང་ཅན་གྱི་ཕྱོགས་སུ་བསྐྱོད་དགོས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག ཀྲུང་གོའི་མི་དམངས་ཀྱིས་འཛམ་གླིང་ལ་གཡོ་འགུལ་གཏོང་བའི་རྣམ་འགྱུར་ཐོག་ནས་གོམ་སྟབས་ཆེན་པོས་མི་རིགས་བསྐྱར་དར་གྱི་ལམ་ཁར་སྙེག་བཞིན་ཡོད། མི་འགྱངས་པར། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རླབས་ཆེན་གྱི་བྱ་གཞག་མངོན་འགྱུར་བྱ་སྲིད་ལ། ད་ལྟ་ནི་ཉེ་རབས་གྱི་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་བསྐྱར་དར་གྱི་བྱ་གཞག་གི་འབད་འཐབ་དམིགས་འབེན་དང་ཐག་ཉེ་བའི་དུས་མཚམས་ཞིག་ཡིན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྗེས་སུ་ཇི་ལྟར་འགྲོ་དགོས་སམ། ཇི་ལྟར་བྱས་ན་ལོ་རྒྱུས་ཀྱི་དུས་འཁོར་འཁོར་ཚད་ལས་སྒྲོལ་བ་དང་ཇི་ལྟར་ཡུན་རིང་སྲིད་སྐྱོང་མངོན་འགྱུར་ཡོང་བ་བྱེད་དགོས། ཏང་དང་རྒྱལ་ཁབ་ཀྱི་ཡུན་རིང་བདེ་འཁོད་ཇི་ལྟར་མངོན་འགྱུར་བྱ་དགོས་ཞེས་པའི་བརྗོད་གཞི་གལ་ཆེན་འདི་གསུམ་ལ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་བྱས་པའི་ཏང་ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་དང་ཁ་གསལ་གོ་བདེའི་དྲིས་ལན་བཏོན་ཡོད་དེ། དེ་ནི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་བ་དེ་ཡིན་ནོ།།

3_2 ལེའུ་གཉིས་པ། བློ་རིག་ཆེན་པོས་ཁྲིམས་འཛུགས་པ།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཁྲིམས་འཛུགས་སྒྲིག་སྲོལ་དང་ལམ་སྲོལ་སྔར་བས་འཐུས་སྒོ་ཇེ་ཚང་དུ་ཕྱིན་པ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་དུས་ཐོག་རང་བཞིན་དང་མ་ལག་རང་བཞིན། དམིགས་སའི་རང་བཞིན། ནུས་ལྡན་རང་བཞིན་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིམས་འཛུགས་ཀྱི་བརྒྱུད་རིམ་ནང་མངོན་ཡོད། “སྒོ་རྒྱག་ཁྲིམས་འཛུགས”དེ“སྒོ་འབྱེད་ཁྲིམས་འཛུགས”ཀྱི་ཕྱོགས་སུ་འགྱུར་ལྡོག་ཕྱིན་པ་དང་། ལམ་ལུགས་རབ་དང་རིམ་པ་བཏོན་པ་དེས་ཁྲིམས་འཛུགས་ཀྱི་སྤུས་ཚད་འགན་ལེན་བྱུང་ཐུབ་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་འཛུགས་སྐྱོང་དེ་སྐས་རིམ་གསར་བ་ཞིག་ཏུ་སླེབས་ཡོད། ལེའུ་འདིའི་ནང་གཙོ་བོ་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་དམངས་གཙོའི་ཁྲིམས་འཛུགས་ཀྱི་བརྗོད་བྱ་གཙོ་བོར་དམིགས་པ་དང་། ཁྲིམས་འཛུགས་དང་སྒྱུར་བཅོས་ཀྱི་ཐབས་ཇུས་འབྲེལ་མཐུད་བྱ་རྒྱུར་དམིགས་པ། རྩ་ཁྲིམས་ཀྱི་དགོངས་དོན་དང་གཅིག་མཐུན་ཡོང་བ་བྱས་ཏེ། མི་དམངས་ཀྱི་འདོད་བློ་དང་ཕན་ཚུན་གཞོགས་འདེགས་བྱེད་པ་སོགས་ཀྱི་ནང་དོན་ལ་དམིགས་པ། ཁྲིམས་འཛུགས་ཀྱི་སྣེ་ཁྲིད་ནུས་པ་དང་སྐུལ་འདེད་ནུས་པ་མངོན་གསལ་དོད་པོ་ཡོང་ནས་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་གི་དོན་སྙིང་གལ་ཆེན་ལ་དམིགས་པ། ལོ་ལྔའི་རིང་གི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་ཐད་ཀྱི་གྲུབ་འབྲས་བརྒྱུད་རིམ་ལྡན་པའི་ངང་ཕྱོགས་སྡོམ་བཅས་བྱས་ཡོད།

3_3 ལེའུ་གསུམ་པ། ཁྲིམས་ལྟར་སྲིད་སྐྱོང་།

ཁྲིམས་ཀྱིས་བསྩལ་པའི་འགན་འཁྲི་ངེས་པར་དུ་སྒྲུབ་དགོས་པ་དང་ཁྲིམས་ཀྱིས་མ་གནང་པའི་དབང་ཆ་བཀོལ་མི་ཆོག དབང་ཆ་ཡོད་ན་ངེས་པར་དུ་འགན་འཁྲི་ཡོད་པ་དང་། ཁྲིམས་དང་འགལ་ན་ངེས་པར་དུ་འགན་འཁྲི་འཁུར་དགོས། སྲིད་གཞུང་ནི་མི་དམངས་ཀྱི་སྤྱི་ཞབས་པ་ཡིན་ལ་ཁྲིམས་སྲུང་པའི་མིག་དཔེར་འགྱུར་དགོས། རྩ་ཁྲིམས་ལ་བློ་དཀར་སེམས་དཀར་དང་མི་དམངས་ལ་ལྷག་བསམ་རྣམ་དག དམངས་ཀྱི་རེ་འདོད་དེ་སྲིད་སྐྱོང་གི་ཁ་ཕྱོགས་བྱས་ཏེ། མི་དམངས་ཀྱིས་འབྱུང་འགྱུར་གྱི་འཚོ་བར་བཅངས་པའི་རེ་སྒུག་མངོན་འགྱུར་བྱ་རྒྱུ་དེ་བླ་ན་མེད་པའི་ལས་འགན་ཞིག་ཏུ་བརྩི་དགོས། བཅའ་ཁྲིམས་ལ་གུས་ཤིང་སྐྲག་པ་དང་མི་དམངས་ལ་བརྩི་བཀུར་ཞུ་བ། ཁྲིམས་སྐྱོང་གི་སྙིང་སྟོབས་ལ་བརྟེན་ནས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱེད་པ་དང་། མི་དམངས་ཡོངས་ལ་བདེ་སྐྱིད་བསྐྲུན་ཏེ། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་འབུལ་དགོས།

3_4 ལེའུ་བཞི་བ། ཁྲིམས་འཛིན་དྲང་གཞག(སྟོད་ཆ) 

ཁྲིམས་འཛིན་ནི་སྤྱི་ཚོགས་དྲང་སྙོམས་དྲང་བདེན་སྲུང་སྐྱོང་བྱེད་པའི་འགོག་སྲུང་འཛིང་རགས་ཆེས་མཐའ་མ་དེ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་གཅིག་པའི་ཐོག་བཏོན་དོན། ཁྲིམས་འཛིན་སྒྲིག་སྲོལ་བསྒྱུར་བཅོས་ཟབ་སྤེལ་བྱེད་པར་ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས“འགག་གནད”འདི་དམ་པོར་འཛིན་དགོས་ཤིང་། ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་དེ་སྒྲིག་སྲོལ་དང་ལམ་སྲོལ་དུ་བསྒྱུར་བ་ནི་ཁྲིམས་འཛིན་གྱི་འགན་འཁྲི་མིའི་ཐོག་ཏུ་དོན་འཁྱོལ་བྱེད་པ་དང་། སུས་གྱོད་དོན་ཞིབ་གཅོད་བྱས་ན་དེས་འགན་འཁུར་དགོས་པ་དེ་རེད། ཁྲིམས་འཛིན་གྱི་དབང་གྲགས་མངོན་གསལ་དོད་པོ་ཡོང་བ་བྱས་ནས་འདྲི་གཅོད་གོ་རིམ་ཁྲིམས་མཐུན་ཅན་དང་ལུགས་མཐུན་ཅན་དུ་འགྱུར་རྒྱུར་འགན་ལེན་ཏན་ཏིག་བྱས་ཏེ། མ་ཉེས་ཁག་གཡོགས་ཀྱི་གྱོད་གཞིར་དོགས་ཟོན་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། 

3_5 ལེའུ་ལྔ་བ། ཁྲིམས་འཛིན་དྲང་གཞག(སྨད་ཆ) 

དམངས་ཆེད་ཁྲིམས་འཛིན་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་འགོ་འཛུགས་ས་དང་དོན་ཐོག་ཏུ་འབབ་ས་ཡིན། གྱོད་གཞི་ཐོ་འགོད་བྱེད་དཀའ་བའི་གནད་དོན་ཐག་གཅོད་བྱས་པས་དོ་བདག་གི་གཏུག་བཤེར་ཚད་གཞི་དམའ་རུ་ཕྱིན་པ་དང་། སྟབས་བདེ་བཟོས་པས་ཁྲིམས་འཛིན་གཞུང་དྲང་གི་ལས་ཕྱོད་ཆེ་རུ་ཕྱིན། ལག་བསྟར་བྱེད་དཀའ་བ་དང་བཅའ་ཁྲིམས་ལ་བྱེད་ཐབས་མེད་པའི་རྣམ་པ་ཡོད་ཚད་མེད་པར་བཏང་ནས། སྤྱི་དམངས་ཚང་མར་འདྲ་མཉམ་གྱི་གཏུག་བཤེར་དབང་ཆ་ལོངས་སུ་སྤྱོད་ཐུབ་པ་བྱེད་དགོས། ཁྲིམས་འཛིན་ཡོངས་བསྒྲགས་ལ་བརྟེན་ནས་ཁྲིམས་འཛིན་དྲང་གཞག་གྱི་ཕྱོགས་ལ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་དང་ཚན་རྩལ་བཀོལ་སྤྱོད་མཉམ་འདྲེས་གཏིང་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཁྲིམས་འཛིན་གཞུང་དྲང་དང་དམངས་དོན་དུ་ཁྲིམས་འཛིན་བྱེད་པའི“ཀྲུང་གོའི་ཉམས་མྱོང”གསར་གཏོད་བྱ་དགོས། 

3_6 ལེའུ་དྲུག་པ། དམངས་ཡོངས་ཀྱིས་ཁྲིམས་སྲུང་པ།

ཁྲིམས་སྐྱོང་ནི། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་དང་ཡར་ཐོན་གྱི་དཀའ་སྤྱད་འཚོལ་ཞིབ་བྱེད་པ་དང་། ཁྲིམས་སྐྱོང་ནི། ཏང་དང་རྒྱལ་ཁབ་ཡུན་རིང་བདེ་འགོད་བྱེད་པར་ངེས་པར་དུ་བརྒྱུད་དགོས་པའི་ལམ་ཞིག་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཁྲིམས་སྐྱོང་འཛུགས་སྐྲུན་ནི་ཀྲུང་གོའི་ལོ་རྒྱུས་ཐོག་གི་རྒྱལ་ཁབ་བཅོས་སྐྱོང་གི་འཕོ་འགྱུར་གཏིང་ཟབ་ཅིག་ཡིན། དམངས་ཡོངས་ཀྱིས་ཁྲིམས་སྲུང་བར་འགོ་ཁྲིད་ལས་བྱེད་པ་ཞེས་པའི“འགག་རྩའི་ཉུང་ཤས”ཀྱི་རིགས་འདིས་སྣེ་ཁྲིད་དེ་ཁྲིམས་ལྟར་བྱ་བ་སྒྲུབ་པ་དང་། སྣེ་ཁྲིད་དེ་བཅའ་ཁྲིམས་བརྩི་སྲུང་བྱེད་པ། ཐོག་མཐའ་བར་གསུམ་དུ་རྩ་ཁྲིམས་དང་བཅའ་ཁྲིམས་ལ་བཀུར་ཞིང་སྐྲག་པའི་བསམ་པ་འཆང་བ། བཅའ་ཁྲིམས་ཀྱི་ཐིག་དམར་ལ་ཕོག་ཐུག་གཏོང་མི་རུང་བ་དང་བཅའ་ཁྲིམས་ཀྱི་གཞི་ཐིག་ལས་བརྒལ་མི་རུང་བའི་འདུ་ཤེས་བརྟན་པོར་འཛུགས་དགོས། དམངས་ཡོངས་ཀྱིས་ཁྲིམས་སྲུང་བར་དོན་དག་བྱུང་ཚེ་བཅའ་ཁྲིམས་འཚོལ་བ་དང་བྱ་བ་སྒྲུབ་སྐབས་བཅའ་ཁྲིམས་ལྟར་འགྲོ་བའི་ལམ་ལུགས་བཀོད་སྒྲིག་ཡོད་དགོས། དམངས་ཡོངས་ཀྱིས་ཁྲིམས་སྲུང་བར་མི་སེར་རྣམས་ལ་ད་དུང་སྟབས་བདེའི་བཅའ་ཁྲིམས་ཞབས་ཞུའི་ཐབས་ལམ་ཞིག་དགོས་ལ། དམངས་ཡོངས་ཀྱིས་ཁྲིམས་སྲུང་བར་ད་དུང་མི་དམངས་ཡོངས་ཀྱི་ཁྲིམས་སྐྱོང་སྤྲོ་སེམས་འཕེལ་བ་ལའང་བརྟེན་དགོས། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-06-24

གསར་སྤེལ་མཁན། :གདོང་བསོད་ནམས

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།