ཞི་བདེ་མཉམ་གནས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཞི་བདེ་མཉམ་གནས་ནི་ཕན་ཚུན་བར་དམག་འཁྲུག་གི་འགལ་ཟླ་མི་འབྱུང་བར་མཉམ་གནས་བྱེད་པར་མ་ཟད། མི་སུ་ལའང་མི་ལེགས་པའི་འགལ་ཟླ་མི་འབྱུང་བ་ཞིག་ཡིན། འབྱུང་ཁུངས་ནི་ཏེང་ཞའོ་ཕིན་གྱི《ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལ་སྐྱེ་སྟོབས་ཆེན་པོ་ལྡན》ཞེས་པར། “ རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་བ་ཐག་གཅོད་བྱེད་པའི་བྱེད་ཐབས་ཆེས་ལེགས་ཤོས་ནི། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་ཡིན་པར་བསྟན། ”
1 གཞི་རྩའི་གནས་ཚུལ།

ཞི་བདེ་མཉམ་གནས།

འགྲེལ་བ།   རྒྱལ་ཁབ་དང་རྒྱལ་ཁབ་བར་དམག་དོན་དང་འཐབ་འཁྲུག་གི་འགལ་ཟླ་མི་འབྱུང་བ།

འབྱུང་ཁུངས།  ཏེང་ཞའོ་ཕིན་གྱི《ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལ་སྐྱེ་སྟོབས་ཆེན་པོ་ལྡན》ཞེས་པར།   “ རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་བ་ཐག་གཅོད་བྱེད་པའི་བྱེད་ཐབས་ཆེས་ལེགས་ཤོས་ནི།   ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་ཡིན་པར་བསྟན། ”

ཉེ་ཚིག    ཞི་བདེ་མཉམ་གནས།   འཆམ་མཐུན་སྐྱོན་མེད།

2 ལོ་རྒྱུས་མདོར་བསྡུས།

ཨུ་རུ་སུ་རྒྱལ་ཁབ་ཀྱིས་ཟླ་བཅུ་བའི་སྤྱི་ཚོགས་རིང་ལུགས་གསར་བརྗེ་ལ་རྒྱལ་ཁ་བླངས་རྗེས།    ལེ་ཉིན་གྱིས་ཐོག་མར་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་སྤྱི་ཚོགས་ལམ་ལུགས་མི་འདྲ་བའི་རྒྱལ་ཁབ་བར་གྱི་འབྲེལ་བའི་ཐད་ཞི་བདེ་མཉམ་གནས་དོན་འཁྱོལ་ཡོང་བའི་སྲིད་ཇུས་ཀྱི་བསམ་བློ་བཏོན།     ལེ་ཉིན་གྱིས་ཟླ་བཅུ་པའི་གསར་བརྗེའི་གོང་ལ་བཙན་རྒྱལ་རིང་ལུགས་དུས་རབས་ཀྱི་མ་རྩ་རིང་ལུགས་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་ཆབ་སྲིད་འཕེལ་རྒྱས་དོ་མི་མཉམ་པའི་ཆོས་ཉིད་ཀྱི་འོག     “སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཡོད་ཚད་ནང་མཉམ་དུ་རྒྱལ་ཁ་འཐོབ་མི་ཐུབ་པ་དང་།    དེ་ཐོག་མར་རྒྱལ་ཁབ་གཅིག་དང་ཡང་ན་རྒྱལ་ཁབ་འགའི་ཁྲོད་ནས་རྒྱལ་ཁ་ཐོབ་ཐུབ་པ་དང་།   རྒྱལ་ཁབ་ལྷག་མ་དག་སྔར་བཞིན་འབྱོར་ལྡན་གྲལ་རིམ་དང་འབྱོར་ལྡན་གྲལ་རིམ་སྔ་དུས་ཀྱི་རྒྱལ་ཁབ་ཡིན ”པ་རིགས་པས་བསྒྲུབས། འཛམ་གླིང་ཡོངས་སྤྱི་ཚོགས་རིང་ལུགས་སུ་ཐོལ་བརྒལ་བྱེད་པར་ལོ་རྒྱུས་ཀྱི་དུས་སྐབས་ཧྲིལ་པོ་ཞིག་བརྒྱུད་དགོས་པར་བརྟེན་སྤྱི་ཚོགས་ཀྱི་ལམ་ལུགས་དེ་གཉིས་དུས་ཡུན་རིང་པོའི་ནང་དུས་གཅིག་ཏུ་གནས་ངེས་ཡིན།    འདི་ལྟར་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱིས་སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བའི་རྒྱལ་ཁབ་དང་བཙན་རྒྱལ་རིང་ལུགས་ཀྱི་རྒྱལ་ཁབ་ཚུད་པའི་རྒྱལ་ཁབ་བར་འབྲེལ་བའི་གནད་དོན་བྱུང་བ་རེད།    འབྱོར་མེད་གྲལ་རིམ་གྱིས་དྲག་ཤུགས་ལ་བརྟེན་ནས་སྲིད་དབང་འཕྲོགས་ཏེ།   རྒྱལ་ཁབ་ཕྱི་ནང་གི་དགྲ་བོ་ཕམ་པར་བཟོས་རྗེས།  ཞི་བདེའི་རྒྱལ་སྤྱིའི་ཁོར་ཡུག་ཐོབ་ཆེད།   རང་ཉིད་ཀྱི་སྲིད་དབང་སྲ་བརྟན་དུ་བཏང་སྟེ།    སྤྱི་ཚོགས་རིང་ལུགས་བསྒྱུར་བཀོད་དང་འཛུགས་སྐྲུན་བྱས་ནས།    སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བའི་རྒྱལ་ཁབ་དང་ཞི་བདེ་མཉམ་གནས་བྱས།   གྲོས་མོལ་དང་བྱེད་ཐབས་གཞན་དག་བརྒྱུད་ནས་རྩོད་གཞི་ཐག་བཅད་དེ།   ཕྱི་འབྲེལ་འཕེལ་རྒྱས་དང་དཔལ་འབྱོར་མཉམ་ལས་སོགས་ཀྱི་འབྲེལ་བ་ནི།    སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ལ་ཆ་མཚོན་ན་དགོས་ངེས་དང་ཕན་ཐོགས་ཡོད་པ་ཞིག་ཡིན།   དེ་བས་སུའུ་ལེན་དང་ཨུ་རུ་སུས་སྤྱི་ལོ1922ལོར་རེ་ན་ཡ་གྲོས་ཚོགས་འཚོགས་པ་ནས་བཟུང་ཡོ་རོབ་གླིང་དང་ཨེ་ཤ་ཡའི་རྒྱལ་ཁབ་ཁ་ཤས་དང་གྲོས་མོལ་བྱེད་འགོ་བརྩམས་ནས། ཞི་བདེ་མཉམ་གནས་ཀྱི་སྲིད་ཇུས་ཁྱབ་སྤེལ་བཏང་།     སྐབས་དེར་སུའུ་ལེན་དང་ཨུ་རུ་སུས་མ་རྩ་རིང་ལུགས་ཀྱི་རྒྱལ་ཁབ་སྟོབས་ལྡན་རྣམས་དང་མཉམ་གནས་བྱེད་ཐུབ་པའི་ཆ་རྐྱེན་བརྩོན་ལེན་བྱས་ལ།    རང་ཉིད་ལ“འགལ་རྐྱེན་་”གང་ཡང་མེད་ལ།   སྟོབས་ལྡན་རྒྱལ་ཁབ་དེ་དག་གིས་སུའུ་ལེན་དང་ཨུ་རུ་སུར་དྲག་ཤུགས་འགྲན་རྩོད་ཐེངས་གཅིག་བྱས་རྗེས།   རང་ཉིད་ཀྱི་ཁེ་ཕན་གྱི་ཆེད་དུ།   རིམ་བཞིན་ཞི་བདེ་མཉམ་གནས་དང་ལེན་མི་བྱེད་ཀ་མེད་བྱུང་།  ཉོ་ཚོང་དང་ཕྱི་འབྲེལ་ཐད་སུའུ་ཝེ་ཨེད་རྒྱལ་ཁབ་དང་རྒྱུན་ལྡན་གྱི་འབྲེལ་བ་བཙུགས་སྟབས་ཞི་བདེ་མཉམ་གནས་བརྩོན་ལེན་དང་མངོན་འགྱུར་ཡང་འབྱུང་སྲིད།

སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བའི་རྒྱལ་ཁབ་བར་ཞི་བདེ་མཉམ་གནས་བྱེད་པ་ནི།   སྐབས་བསྟུན་གྱི་བྱེད་ཐབས་ཤིག་མིན་པར།   རྩ་དོན་དང་ལྡན་པའི་གཞི་རྩའི་བྱེད་ཕྱོགས་ཤིག་ཡིན།   ལེ་ཉིན་གྱིས་སྐབས་དེར་རྒྱལ་ཁབ་ཡོད་ཚད་འདྲ་མཉམ་དང་།   རང་དབང་།   ཕན་ཚུན་གྱི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ་བཅས་ཀྱི་རྩ་དོན་བཏོན་ཡོད།    དེ་ནི་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་དང་དམག་འཁྲུག་སྲིད་ཇུས་ལ་དམིགས་ནས་བཏོན་པར་མ་ཟད།   འབྱོར་མེད་གྲལ་རིམ་གྱི་རྒྱལ་སྤྱི་རིང་ལུགས་ཀྱི་རྩ་དོན་སློབ་སྟོན་འོག་བཏོན་པ་ཞིག་རེད།   གཉའ་གནོན།   བཙན་འཛུལ་མྱོང་མཁན་གྱི་རྒྱལ་ཁབ་དང་གཉའ་གནོན་དང་བཙན་འཛུལ་བྱས་པའི་རྒྱལ་ཁབ་བར་ཞི་བདེ་མཉམ་གནས་གླེང་ཐབས་མེད་ནའང་།    དེས་འབྱོར་མེད་གྲལ་རིམ་གྱི་གསར་བརྗེའི་ལས་འགུལ་དང་མི་རིགས་བཅིངས་འགྲོལ་ལས་འགུལ་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱུར་བ་མཚོན་མེད།

ལོ་རབས30པར་ཡོ་རོབ་གླིང་དང་ཏུང་ཡོན་རྒྱལ་ཁབ་གཉིས་བར་དམག་འཁྲུག་འབྱུང་གནས་སུ་གྱུར་རྗེས།    དམག་འཁྲུག་བཀག་འགོག་དང་ཞི་བདེ་སྲུང་སྐྱོང་བྱེད་ཆེད།   སུའུ་ལེན་གྱིས་ཐུན་མོང་གི་བདེ་འཇགས་བརྩོན་ལེན་བྱེད་པའི་ཐབས་ཇུས་གལ་ཆེན་བཏོན་པ་རེད།    འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་ཐུན་མོང་གི་དགྲ་བོ་སྟེ། ཧྥ་ཤི་སིའི་བཙན་འཛུལ་ཚོགས་ཁག་ལ་ངོ་རྒོལ་བྱེད་ཆེད།   སུའུ་ལེན་གྱིས་ཨ་རི།   དབྱིན་ཇི།   ཧྥ་རན་སི་སོགས་མ་རྩ་རིང་ལུགས་ཀྱི་རྒྱལ་ཁབ་གཙོ་བོ་དང་ཧྥ་ཤི་སིར་མནའ་འབྲེལ་བཙུགས་པ་རེད།    སྤྱི་ཚོགས་ལམ་ལུགས་མི་འདྲ་བའི་རྒྱལ་ཁབ་དུས་རྒྱུན་དུ་ཞི་བདེ་མཉམ་གནས་བྱེད་ཐུབ་པ་མ་ཟད།   དམག་འཁྲུག་གི་སྐབས་སུ་ཡང་ཕན་ཚུན་མཉམ་ལས་བྱེད་ཐུབ་པའི་དོན་དངོས་འདིས་ཕུན་སུམ་ཚོགས་པར་ར་སྤྲོད་བྱས་ཡོད།

3 རྩ་དོན་ལྔ།

སྤྱི་ལོ1955ལོའི་ཟླ4བར།   ཙུང་ལི་ཀྲོའུ་ཨེན་ལའེ་ཡིས་ཀྲུང་གོའི་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཧིན་རྡུ་ཉི་ཞི་ཡའི་ཝན་ལུང་དུ་འཚོགས་པའི་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་ཚོགས་འདུར་ཞུགས།   གྲོས་ཚོགས་སྟེང་ཨེ་ཤ་ཡ་དང་ཨ་ཧྥེ་རི་ཁ་གླིང་གི་གྲོས་ཚོགས་ལ་གྲོས་འཆམ་བྱུང་བ་དེས་ཙུང་ལི་ཀྲོའུ་ཨེན་ལའེ་ཡིས་བཏོན་པའི་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ཁྱབ་བསྒྲགས་བྱས།

ཕན་ཚུན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བརྩི་འཇོག་བྱེད་པའི་རྩ་དོན་ནི།    རྒྱལ་ཁབ་ཁག་གིས་རྒྱལ་ཁབ་ལ་ལྡན་པའི་ནང་ཁུལ་གྱི་ཆེས་མཐོའི་དབང་སྒྱུར་བྱེད་དབང་དང་ཕྱི་ཕྱོགས་སུ་རང་བཙན་བྱེད་དབང་ལ་བརྩི་འཇོག་བྱེད་དགོས་པ།   རྒྱལ་ཁབ་ཀྱི་མངའ་ཁོངས་བདག་དབང་ལ་བརྩི་འཇོག་བྱེད་དགོས་པ།   རྒྱལ་ཁབ་དེའི་མངའ་ཁོངས་ཀྱི་ཆ་ཚང་རང་བཞིན་ལ་གནོད་འཚེ་གཏོང་མི་ཆོག་པ་བཅས་སོ།།

ཕན་ཚུན་ལ་བཙན་འཛུལ་མི་བྱེད་པའི་རྩ་དོན།   རྒྱལ་ཁབ་ཁག་གིས་ཕན་ཚུན་འགྲོ་འོང་བྱེད་སྐབས་ཁག་དཀྲི་གང་རུང་ལ་བརྟེན་ནས་བཙན་འཛུལ་བྱས་མི་ཆོག་པ།   རྒྱལ་སྤྱིའི་བཅའ་ཁྲིམས་ལས་འགལ་བའི་བྱེད་ཐབས་གང་རུང་ལ་བརྟེན་ནས་དྲག་ཤུགས་སྤྱོད་པའམ་དྲག་ཤུགས་ལ་བརྟེན་ནས་འཇིགས་སྐུལ་བྱས་མི་ཆོག་པ།   རྒྱལ་ཁབ་གཞན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བཙན་གནོད་བྱ་མི་ཆོག    དམག་འཁྲུག་ནི་རྒྱལ་སྤྱིའི་རྩོད་གཞི་ཐག་གཅོད་བྱེད་ཐབས་སུ་སྤྱད་མི་ཆོག

ཕན་ཚུན་གྱི་ནང་སྲིད་ལ་ཐེ་གཏོགས་བྱེད་མི་ཆོག་པའི་རྩ་དོན།   དེ་ནི་རྒྱལ་ཁབ་ཕན་ཚུན་དབར་གྱི་འབྲེལ་བའི་ཁྲོད་རྒྱལ་ཁབ་དེའི་ཁེ་ཕན་གྱི་ཆེད་དུ་ཆབ་སྲིད་དང་།   དམག་དོན།   དཔལ་འབྱོར།   རིག་གནས་སོགས་ཀྱི་བྱ་ཐབས་བརྒྱུད་རྒྱལ་ཁབ་གཞན་གྱི་བདག་དབང་ཁྱབ་ཁོངས་ནང་གི་བྱ་བར་ཐེ་ཇུས་བྱེད་མི་རུང་བར་ཟེར།

འདྲ་མཉམ་གཉིས་ཕན་གྱི་རྩ་དོན།   དེ་ནི་རྒྱལ་ཁབ་ཁག་གིས་ཕན་ཚུན་བརྩི་འཇོག་བྱེད་པ།   ཁྲིམས་ལུགས་ཐད་འདྲ་མཉམ་གྱི་གནས་བབ་འཛིན་དགོས་པ།    རྒྱལ་ཁབ་གཞན་གྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་བྱ་ཐབས་ལ་བརྟེན་ནས་དམིགས་བསལ་དབང་ཆ་དོན་གཉེར་དང་རྒྱལ་ཁབ་དེའི་ཕྱོགས་རེ་བའི་ཁེ་ཕན་ཧམ་གཉེར་བྱེད་མི་རུང་བར་ཟེར།

ཞི་བདེ་མཉམ་གནས་ཀྱི་རྩ་དོན།   དེ་ནི་རྒྱལ་ཁབ་ཁག་ཞི་བདེའི་ངང་དུས་གཅིག་ཏུ་གནས་པ།   ཞི་བདེའི་སྒོ་ནས་འགྲོ་འོང་དང་མཉམ་ལས་བྱེད་དགོས་པ་མ་ཟད།   ཞི་བདེའི་ཐབས་ལ་བརྟེན་ནས་ཕན་ཚུན་དབར་གྱི་རྒྱལ་སྤྱིའི་རྩོད་གཞི་སྣ་ཚོགས་ཐག་གཅོད་བྱེད་པར་ཟེར།

4 དོན་སྙིང་དང་བྱེད་ནུས།

ཞི་བདེ་མཉམ་གནས་ཀྱིས་དེང་རབས་རྒྱལ་སྤྱིའི་དབར་གྱི་འབྲེལ་བ་དང་འགྲོ་འོང་ལ་བརྩི་སྲུང་ཞུ་དགོས་པའི་གཞི་རྩའི་རྩ་དོན་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་སྙིང་བསྡུས་བྱས་ཡོད།   དེའི་རྩ་དོན་ལྔ་ཕན་ཚུན་འབྲེལ་བ་བྱས་ཐོག“ཕན་ཚུན་གྱི་བདག་དབང་ལ་བརྩི་འཇོག་བྱེད་རྒྱུ”མགོ་རྩོམ་ས་བྱས་ནས།   རྩ་དོན་ཁག་བསྐྱར་བཤད་བྱེད་རྒྱུར  “འདྲ་མཉམ་གཉིས་ཕན། ཞི་བདེ་མཉམ་གནས”ཀྱི་རྩ་དོན་དེ་སྤྱིའི་དམིགས་ཚད་དུ་བཟུང་ནས།   རྩ་དོན་གཞན་དག་གིས་འགན་ལེན་བྱས་པར་བརྟེན།   རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་མ་ལག་འཐུས་ཚང་ཞིག་ཆགས་ལ།   ཕན་ཚུན་ཁ་སྣོན་དང་འཕེལ་རྒྱས་བྱུང་ནས།   རྩ་དོན་སྣ་གཅིག་དེ་དེ་བས་ཕུན་སུམ་ཚོགས་ལ་ཁྱོན་ཡོངས་ཀྱི་ནང་དོན་ལྡན།

ཞི་བདེ་མཉམ་གནས་ཀྱི་དོན་སྙིང་ནི།

1.དེར་རྒྱལ་སྤྱིའི་བཙན་སྐུལ་ཁྲིམས་ཀྱི་ངོ་བོ་ལྡན་ཞིང་།   རྒྱལ་སྤྱིའི་ལས་དོན་ལ་ཡོངས་ཁྱབ་ཏུ་ཚོད་འཛིན་དང་ཁྲིད་སྟོན་བྱེད་པའི་ནུས་པ་ཡོད།

2.དེས་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ།  རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་རྩ་དོན་མ་ལག་འཐུས་ཚང་དུ་བཏང་བ།

3.དེས་རྒྱལ་ཁབ་དང་རྒྱལ་ཁབ་བར་འགྲོ་འོང་མཉམ་ལས་བྱེད་པར་སྤྱོད་ལམ་ཚད་གཞི་ཧ་ཅང་ཡག་པོ་ཞིག་འདོན་སྤྲོད་བྱས་ཡོད།

4.དེ་ནི་རྒྱལ་སྤྱིའི་རྩོད་གཞི་ཐག་གཅོད་བྱ་རྒྱུའི་གཞི་རྩའི་ཚད་གཞི་ཡིན།

5.དེ་ནི་བཙན་དབང་རིང་ལུགས་དང་དྲག་པོའི་དམག་དོན་གྱིས་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་བྱ་སྤྱོད་ལ་ངོ་རྒོལ་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་གཞི་འཛིན་ས་དང་ནུས་ལྡན་གྱི་བྱེད་ཐབས་གལ་ཆེན་ཞིག་ཡིན།

5 མིའི་རིགས་དང་ཞི་བདེ་མཉམ་གནས་བྱེད་པ།

སྤྱི་ལོ1961ལོའི་ཟླ7པར།   ཙུང་ལི་ཀྲོའུ་ཨེན་ལའེ་དང་ཀྲུང་གོར་འཚམས་འདྲིར་ཕེབས་མཁན་དབུ་བཞུགས་བློན་ཆེན་ཅིན་རི་ཁྲེང་གིས《ཀྲུང་གོ་དང་ཁྲའོ་ཞན་གྱི་མཛའ་གྲོགས་མཉམ་ལས་ཕན་སྒྲུབ་ཆིངས་ཡིག》སྟེང་མིང་རྟགས་བཀོད་ནས་ཡིག་ཆ་བརྗེ་རེས་གནང་བ་རེད།  ཞི་བདེ་མཉམ་གནས་ཀྱི་དོན་སྤྱི་ནི།   ཕན་ཚུན་བར་ལ་དམག་དོན་གྱི་གདོང་ཐུག་མ་བྱུང་བར་མཉམ་གནས་བྱེད་པ་དེ་ཡིན།   འོན་ཀྱང་དུས་རབས21པར་མིའི་རིགས་ཞི་བདེ་མཉམ་གནས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་རྒྱུ་དཀའ།    དེང་སྐབས་འཛམ་གླིང་ཐོག་ད་དུང་ཆོས་ལུགས་མི་འདྲ་བའི་སྤྱི་ཚོགས་ཀྱི་ལམ་ལུགས་གནས་ཡོད་སྟབས།   རྨང་གཞི་མི་འདྲ་བ་དེ་དག་ཐོག་ཁེ་ཕན་གྱི་འགལ་རྐྱེན་ཡོང་རྒྱུ་ནི་འགོག་མེད་དུ་སྣང་།   ཁེ་ཕན་གྱི་འགལ་རྐྱེན་དེ་རིགས་ལས་བྱུང་བའི་མཇུག་འབྲས་ནི་དམག་དོན་གྱི་འགལ་ཟླ་ཡིན།    དཔེར་ན།   ཨ་མེ་རི་ཁས་བསླངས་པའི་དབུས་ཤར་དམག་འཁྲུག་གི་སྒོ་བྱང་དེ་ནི་ཞི་བདེ་སྲུང་སྐྱོང་བྱེད་པ་ཤེས་མོད།    ཨ་མེ་རི་ཁའི་དམིགས་ཡུལ་ནི་རྣམ་པ་བསྒྱུར་ནས་ཁེ་ཕན་བཙན་འཕྲོག་བྱེད་འདོད་པ་དེ་ཡིན།  འོན་ཀྱང་ཁོས་ཅི་ཞིག་འཕྲོག་བཅོམ་བྱ་རྒྱུ་ཡིན་ནམ།   རྡོ་སྣུམ་ནི་བསྐྱར་སྐྱེས་མི་ཐུབ་ལ་འཛམ་གླིང་སྟེང་མེད་དུ་མི་རུང་བའི་ནུས་ཁུངས་ཤིག་ཡིན།   རེད་ཡ།   ཨ་མེ་རི་ཁས་མངོན་སུམ་འཛེམ་མེད་ཀྱིས་གཞན་གྱི་རྡོ་སྣུམ་འཕྲོག་སྟེ་དངུལ་མ་བྱིན་པ་མིན། ཡིན་ཡང་།  ཁོས་དེ་ལྟར་དཀའ་ལས་བརྒྱབ་པས།   རྡོ་སྣུམ་གྱི་རིན་གོང་ལ་འགྱུར་བ་བྱུང་།   ཨ་མེ་རི་ཀར་ཁེ་ཕན་ཐོབ།  དེ་བས་ཁོང་ནི་འཛམ་གླིང་དམག་ཆེན་དང་པོ་དང་འདྲ་བར་ཁེ་ཕན་ཆེ་ཤོས་འཐོབ་མཁན་ཏུ་གྱུར་པ་རེད།

དབུས་ཤར་ས་ཁུལ་བསྐྱུར་ནས་མི་གླེང་བར།   ཨ་རིས་རང་གི་འཐབ་ཇུས་ཁེ་ཕན་སྲུང་སྐྱོང་བྱེད་ཆེད།   ནམ་ཡང་ཀྲུང་གོ་དང་རྒྱལ་ཁབ་གཞན་དག་གི་འཕེལ་རྒྱས་ཡོད་ཚད་ལ་བཀག་འགོག་བྱེད་ཀྱི་ཡོད།   ཐའེ་ཝན་ལ་མཚོན་ན།   ཁྲིན་ཧྲོས་ཕིན་གྱིས་རྨི་ལམ་དུའང་ཨ་མེ་རི་ཁས་ཁོ་ལ་རྒྱབ་སྐྱོར་བྱེད་པར་འདོད་ཡོད།  འོན་ཀྱང་དོན་དངོས་ཐོག་ཁོ་ནོར་བ་རེད།   ཨ་མེ་རི་ཁའི་དམིགས་ཡུལ་ནི་ཐའེ་ཝན་བེད་སྤྱད་ནས་ཀྲུང་གོའི་སྐམ་ས་ཆེན་པོའི་འཕེལ་རྒྱས་ལ་བཀག་འགོག་བྱ་རྒྱུ་དེ་ཡིན།  དེ་ནི་ཁྱོད་ཀྱི་ཁྱིམ་དུ་རྐུན་མ་ཞིག་བཞག་སྟེ།  ཁྱོད་ཀྱི་སེམས་ཤུགས་ཆེན་པོ་དེ་ནང་རྐུན་གྱིས་ཁྲིད་སོང་བ་ཡིན་ལ། ཡང་ཇི་ལྟར་རྒྱང་བསྐྱོད་བྱ་ཐུབ་པ་ཡིན་ནམ།    ཨ་རིའི་འཐབ་ཇུས་འདི་ནི།    ཆེས་གདུག་རྩུབ་ཆེ་བ་ཡིན།   འོན་ཀྱང་ཨ་རིས་དེ་ལྟར་སྒྲུབ་པའི་དམིགས་ཡུལ་ནི།  རང་ཉིད་ཀྱི་བཙན་དབང་སྲ་བརྟན་དང་སྲུང་སྐྱོང་བྱ་རྒྱུ་དེ་ཡིན།   བཙན་དབང་དེ་སྔར་ལས་ཀྱང་འཇིགས་སྟེ།    རྒྱུ་མཚན་ནི་བཙན་དབང་བྱེད་རྒྱུ་ཁོ་ན་མ་ཡིན་པར།   གནད་འགག་ནི་བཙན་དབང་རིང་ལུགས་ཤིག་ཆགས་པ་དེ་ཡིན།

འོན་ཀྱང་རྒྱལ་སྤྱིའི་འབྲེལ་བ་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ལས་བདེན་དཔང་བྱས་པ་ལྟར་ན།    བཙན་དབང་རིང་ལུགས་ནི་འཛམ་གླིང་ཞི་བདེའི་འཇིགས་སྐུལ་གཙོ་བོ་ཡིན།   དུས་རབས21པའི་དུས་ཡུན་ཐུང་གི་ལོ་ངོ་བརྒྱའི་རིང་ལ།   ཨ་མེ་རི་ཁར་བཙན་དབང་རིང་ལུགས་དེ་མེད་པར་བཟོ་རྒྱུ་ནི་དེ་བས་ཀྱང་དོན་དངོས་དང་མི་མཐུན་པ་ཞིག་རེད།

6 ཞི་བདེ་མཉམ་གནས་ཀྱི་ཚོད་ལྟ།

སུའུ་ལེན་གྱིས་འཇར་མན་ལ་ཞི་བདེ་མཉམ་གནས་བྱེད་པའི་ཚོད་ལྟ་ནི་སྤྱི་ལོ1935ལོ་ནས་སྤྱི་ལོ1937ལོའི་བར་སུའུ་ལེན་གྱིས་འཇར་མན་ལ་ཐུན་མོང་གི་བདེ་འཇགས་སྲིད་ཇུས་ལག་བསྟར་བྱེད་པ་ལས་གཞན།   ད་དུང་འཇར་མན་དང་ཞི་བདེ་མཉམ་གནས་དང་རྒྱུན་ལྡན་གྱི་འབྲེལ་བ་འཛུགས་རྒྱུའི་ཚོད་ལྟ་བྱེད་བཞིན་ཡོད།   སྐབས་དེར་ཐུན་མོང་མ་ཡིན་པའི་རྒྱལ་སྤྱིའི་ཁོར་ཡུག་དང་སུའུ་ལེན་གྱི་འགོ་ཁྲིད་པའི་འགལ་བའི་སེམས་ཁམས་ཀྱིས་ཕྱི་མས་ལག་བསྟར་བྱེད་པར་ཆ་རྐྱེན་བསྐྲུན་ཡོད།   སུའུ་ལེན་གྱིས་འཇར་མན་དང་ཞི་བདེ་མཉམ་གནས་ཀྱི་ཚོད་ལྟ་མཐའ་མཇུག་ཕམ་སོང་བ་ཡིན།   འོན་ཀྱང་ཚོད་ལྟ་དེ་རིགས་ཀྱིས་སུའུ་ལེན་གྱིས་ཡུན་རིང་ཐུན་མོང་བདེ་འཇགས་དོན་གཉེར་བྱེད་པའི་འབད་བརྩོན་ལ་འགོག་རྐྱེན་བཟོས་པ་དང་ཉམས་དམས་སུ་བཏང་བ་མ་ཟད་།   ཕྱིས་སུ《སུའུ་འཇར་གཉིས་ཕན་ཚུན་བཙན་འཛུལ་མི་བྱེད་པའི་ཆིངས་ཡིག》འཇོག་འགོ་བརྩམས་།

སྤྱི་ལོ1933ལོར་ཞི་ཐུ་ལིས་འཇར་མན་དུ་ཧྥ་ཤི་སིའི་སྒེར་གཅོད་བཙུགས་རྗེས།   འཇར་མན་དང་སུའུ་ལེན་གྱི་འབྲེལ་བ་ཇེ་སྡུག་ཏུ་སོང་།   འཇར་མན་གྱི་འཇིགས་སྐུལ་དེ་སྲོལ་རྒྱུན་གྱི་ལྟ་ཚུལ་ལྟར་ན།    སུའུ་ལེན་གྱིས་ཐུན་མོང་གི་བདེ་འཇགས་སྲིད་ཇུས་ལག་བསྟར་བྱས་ཏེ།   ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་སྟོབས་ཤུགས་མཉམ་འབྲེལ་བྱས་ནས་ཆེས་རྒྱ་ཆེ་བའི་འཐབ་ཕྱོགས་གཅིག་གྱུར་བཙུགས་ཏེ།   ཧྥ་ཤི་སིའི་བཙན་འཛུལ་བཀག་འགོག་དང་ཕམ་ཉེས་སུ་བཏང་ནས།   འཛམ་གླིང་ཞི་བདེ་སྲུང་སྐྱོབ་བྱེད་པ་དང་མཉམ་དུ་སུའུ་ལེན་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་པ་རྒྱུའི་རེ་བ་བཏོན།   དོན་དངོས་སུ་སུའུ་ལེན་གྱིས་ཐུན་མོང་བདེ་འཇགས་དོན་གཉེར་བྱེད་པ་དང་མཉམ་དུ།   འཇར་མན་དང་ཞི་བདེ་མཉམ་གནས།   ཡང་ན་རང་ཉིད་ཀྱི་བདེ་འཇགས་དོན་གཉེར་བྱེད་ཀྱི་ཡོད།   སུའུ་ལེན་གྱིས་འཇར་མན་དང་ཞི་བདེ་མཉམ་གནས་ཀྱི་ཚོད་ལྟ་བྱས་པ་དེས་ཕྱིས་ཀྱི་སུའུ་ལེན་དང་འཇར་མན་གྱི་འབྲེལ་བ་འཕེལ་རྒྱས་དང་ཐ་ན་རྒྱལ་སྤྱིའི་གནས་བབ་ཧྲིལ་པོར་ཤུགས་རྐྱེན་གལ་ཆེན་ཐེབས་ཡོད།  


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཞི་བདེ་མཉམ་གནས། འདྲ་མཉམ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-09

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།