འཛམ་གླིང་དུ་གཅོད་ཉིན་མོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འཛམ་གླིང་དུ་གཅོད་ཉིན་མོ།
དུ་རྩྭ་ལ་ཆགས་པ་ནི་དལ་གཤིས་ནད་ཡམས་ཀྱི་རིགས་ཤིག་ཡིན་ལ། དུ་རྩྭའི་གནོད་པ་ནི་འཛམ་གླིང་སྟེང་ཆེས་ཚབས་ཆེ་བའི་ཐུན་མོང་འཕྲོད་བསྟེན་གྱི་རིགས་ཤིག་ཡིན། ཐ་མག་འཐེན་པ་དང་དུ་བ་ཉིས་བརྒྱུད་ཀྱིས་མིའི་རིགས་ཀྱི་བདེ་ཐང་ལ་གནོད་པ་ཆེན་པོ་ཐེབས་ཀྱིན་ཡོད། སྤྱི་ལོ1987ལོའི་ཟླ11པར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉི་ཧོང་གི་རྒྱལ་ས་ཏུང་ཅིན་ནས་སྐབས་དྲུག་པའི་ཐ་མག་དང་བདེ་ཐང་གི་རྒྱལ་སྤྱིའི་ཚོགས་འདུའི་སྟེང་ལོ་རེའི་ཟླ4བའི་ཚེས7ཉིན་འཛམ་གླིང་དུ་གཅོད་ཉིན་མོར་འོས་སྦྱོར་བྱས་པར་མ་ཟད། སྤྱི་ལོ1988ལོ་ནས་ལག་བསྟར་བྱས། སྤྱི་ལོ1989ལོར། འཛམ་གླིང་དུ་གཅོད་ཉིན་མོ་ལོ་རེའི་ཟླ5བའི་ཚེས31ཉིན་དུ་བཅོས་ལ། རྒྱུ་མཚན་ནི་ཉིན་གཉིས་པར་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ཡིན་སྟབས་མི་རབས་རྗེས་མར་ཐ་མག་གི་གནོད་པ་མི་ཕོག་པའི་ཆེད་དུ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
世界无烟日
ཕྱི་ཡིག་གི་མིང་།
World No Tobacco Day
ཉིན་མོ།
ཟླ5བའི་ཚེས31ཉིན།
སྡེ་ཁག
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས།
1 དུ་རྩྭའི་ལོ་རྒྱུས། 

དུ་རྩྭའི་འབྱུང་ཡུལ་ནི་མེ་གླིང་ཡིན་ལ། དུས་རབས15བའི་དུས་མཇུག་ཏུ་ཀུ་ལུན་པུའུ་ཡིས་ཡོ་རོབ.jpg་གླིང་དུ་ཁྱེར་ཡོང་བ་ནས་རིམ་བཞིན་འཛམ་གླིང་ཡོངས་སུ་ཁྱབ་རྒྱ་ཇེ་ཆེར་ཕྱིན། མིང་རྒྱལ་རབས་ཀྱི་དུས་མགོ་དུས་རབས་བཅུ་དྲུག་པའི་དུས་མགོར་དུ་རྩྭ་ཀྲུང་གོར་ཁྱབ། འཕེལ་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་ཐ་མག་དང་ཐོན་སྐྱེད་ཚད། ཉོ་ཚོང་གི་འཕེལ་ཚད་ཧ་ཅང་དལ་བ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ནི་འཛམ་གླིང་གི་ཐ་མག་ཐོན་སྐྱེད་དང་ཉོ་ཚོང་གི་འཕེལ་ཚད་མཐོ་བར་གྱུར་བ་དང་། ཀྲུང་གོ་ནི་འཛམ་གླིང་སྟེང་གི་ཐ་མག་ཐོན་སྐྱེད་དང་ཉོ་ཚོང་ཆེས་ཆེ་བའི་རྒྱལ་ཁབ་ཏུ་གྱུར་བར་མ་ཟད། ཐ་མག་གི་ཐོན་སྐྱེད་ཚད་དང་ཉོ་ཚོང་གི་ཚད་འཛམ་གླིང་ཡོངས་ཀྱི40%ཟིན་ཡོད།

འཕེལ་རྒྱས་སོང་ཟིན་པའི་རྒྱལ་ཁབ་རུ་ཐ་མག་འཐེན་མཁན་ཇེ་ཉུང་དུ་འགྲོ་བཞིན་ཡོད་མོད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐ་མག་འཐེན་མཁན་ཇེ་མང་དུ་འགྲོ་བ་ལས་ཇེ་ཉུང་དུ་མི་འགྲོ་བར་མ་ཟད། ན་གཞོན་ཁྲོད་མ་ཐག་འཐེན་མཁན་ཇེ་མང་དུ་འགྲོ་བ་དང་རྒྱུགས་ཆེ་བའི་རྣམ་པར་འཕེལ་བཞིན་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས(WHO)ཀྱིས་སྤྱི་ལོ2008ལོའི་སྙན་ཞུ་ལྟར་ན། འཛམ་གླིང་ཡོངས་སུ་ཐ་མག་འཐེན་མཁན་ཕལ་ཆེར་མི་གྲངས་དུང་ཕྱུར13ཡོད་པ་དང་འཛམ་གླིང་མི་གྲངས་ཀྱི་བཞི་ཆའི་གཅིག་ཡས་མས་ཟིན་ཡོད་ལ། ལོ་རེར་མི་གྲངས་ས་ཡ་ལྔ་ལྷག་ལ་དུ་རྩྭའི་ནད་རིགས་ཀྱིས་འཆི་བཞིན་ཡོད། གལ་ཏེ་ཐ་མག་འཐེན་པའི་རྣམ་པར་ནུས་ལྡན་སྒོས་བཀག་འགོག་མ་བྱས་ན། སྤྱི་ལོ2030ལོར་སླེབས་དུས། འཛམ་གླིང་ཡོངས་སུ་ལོ་རེར་མི་གྲངས་ས་ཡ8ལྷག་ལ་དུ་རྩྭའི་ནད་རིགས་ཀྱི་འཆི་འགྲོ་ལ། ད་ལྟའི་དུས་རབས་ཀྱི་དུས་མཇུག་ཏུ་སླེབས་དུས་ཐ་མག་གིས་མི་གྲངས་དུང་ཕྱུར10ཡིས་ཚེ་སྲོག་འཕྲོག་འགྲོ་བར་མ་ཟད། དེའི་ནང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མི་གྲངས་ཀྱིས་བཞི་ཆའི་གསུམ་བརྒལ་བ་ཙམ་ཟིན་ཡོད། ཐ་མག་འཐེན་པ་ནི་ད་ལྟའི་འཛམ་གླིང་གི་ཐུན་མོང་འཕྲོད་བསྟེན་གྱི་གནད་དོན་ཆེན་པོ་གཅིག་ཡིན་ལ། འཆི་སྔ་བ་འགོག་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཀྱང་ཡིན།

2 དུ་རྩྭའི་གནོད་པ།

འཛམ་གླིང་སྟེང་གི་བཅོས་དཀའ་བའི་ནད་རིགས་བརྒྱད་ལས་དྲུག་ནི་ཐ་མག་འཐེན་པ་དང་འབྲེལ་བ་ཆེན་པོ་ཡོད་ལ། .jpgཐ་མག་འཐེན་པ་ལས་གློ་བ་དང་མིད་པ། མཁལ་མ། ཕོ་བ། རྒྱུ་མ། འཇུ་ལམ་སོགས་སུ་འབྲས་སྐྲན་ཕོག་པ་དང་། གློ་བ་འགག་པའི་ནད་རིགས(COPD)དང་ཁྲག་གིས་མ་འདང་བའི་སྙིང་ནད། ཀླད་པའི་ནད། མངལ་ཤོར་བ། སྔོན་དུ་བཙའ་བ། ལྷན་སྐྱེས་ཀྱི་ལུས་སྐྱོན། རོ་ཙ་ཉམས་པ་སོགས་ཀྱི་ནད་རིགས་ཕོག་པར་བྱེད། 

3 སྐབས་རིམ་བྱུང་གི་གཙོ་ཚིག

སྤྱི་ལོ1988ལོར། རང་ཉིད་ཀྱིས་དུ་རྩྭ་དང་བདེ་ཐང་ལས་གང་མཁོ་བ་དེ་འདེམ།

སྤྱི་ལོ1989ལོར། བུད་མེད་དང་དུ་རྩྭ།

སྤྱི་ལོ1990ལོར། ན་གཞོན་གྱིས་མ་ཐག་མ་འཐེན།

སྤྱི་ལོ1991ལོར། མི་མང་འདུ་ས་དང་སྤྱི་སྤྱོད་འགྲིམ་འགྲུལ་ཡོད་སར་ཐ་མག་མི་འཐེན།.jpg

སྤྱི་ལོ1992ལོར། ལས་སྒྲུབ་ཁོར་ཡུག་ཏུ་ཐ་མག་མི་འཐེན།

སྤྱི་ལོ1993ལོར། འཕྲོད་བསྟེན་སྡེ་ཁག་དང་འཕྲོད་བསྟེན་བྱ་བ་སྒྲུབ་མཁན་གྱིས་ཐ་མག་འཐེན་པར་རྒོལ་བ།

སྤྱི་ལོ1994ལོར། ཐུན་མོང་བརྒྱུད་སྒྲོག་སྨྱན་བྱད་ལས་ཐ་མག་ལ་རྒོལ་བ།

སྤྱི་ལོ 1995ལོར། དུ་རྩྭ་དང་དཔལ་འབྱོར།

སྤྱི་ལོ1996ལོར། དུ་བ་མེད་པའི་རིག་རྩལ་བྱ་འགུལ།

སྤྱི་ལོ1997ལོར། མཉམ་འབྲེལ་རྒྱལ་ཚོགས་དང་འབྲེལ་ཡོད་སྡེ་ཁག་གིས་ཐ་མག་ལ་རྒོལ་བ།

སྤྱི་ལོ1998ལོར། དུ་བ་མེད་པའི་ཁོར་ཡུག

སྤྱི་ལོ1999ལོར། དུ་བ་གཅོད་པ། ཁ་གཡང་ནི་དུ་རྩྭ་འཕེལ་རྒྱས་སྤངས་པ།

སྤྱི་ལོ2000ལོར། རིག་རྩལ་བྱ་འགུལ་སྤྱད་དེ་དུ་བ་འཚོང་མི་ཆོག ཁ་གཡང་ནི་ཐ་མག་གི་གནོད་པའི་བསླུ་བྲིད་ལ་གཟབ་རོགས།

སྤྱི་ལོ2001ལོར། དྭངས་གཙང་གི་མཁའ་དབུགས་ལས་དུ་བ་ཉིས་བརྒྱུད་འགོག་པ།.jpg

སྤྱི་ལོ2002ལོར། དུ་བ་མེད་པའི་ལུས་རྩལ། དྭངས་གཙང་གི་འགྲན་སྡུར།

སྤྱི་ལོ2003ལོར། དུ་བ་མེད་པའི་བརྙན་རིས་དང་དུས་གསར་གྱི་འགུལ་སྐྱོད།

སྤྱི་ལོ2004ལོར། ཐ་མག་བཀག་སྟེ་དབུལ་ཕོངས་ཉུང་དུ་གཏོང་བ།

སྤྱི་ལོ2005ལོར། འཕྲོད་བསྟེན་བྱ་བ་སྒྲུབ་མཁན་དང་དུ་འགོག

སྤྱི་ལོ2006ལོར། དུ་རྩྭས་ཚེ་སྲོག་འཕྲོག་པ།

སྤྱི་ལོ2007ལོར། དུ་བ་མེད་པའི་ཁོར་ཡུག་སྐྲུན་པ།

སྤྱི་ལོ2008ལོར། ཐ་མག་མི་འཐེན་པའི་གཞོན་ནུ། ཁ་གཡང་ནི་དུ་རྩྭའི་བརྡ་ཁྱབ་དང་ཉོ་སྐུལ་མཚམས་བཞག་སྟེ། གཞོན་ནུའི་ལང་ཚོར་མ་ཐག་མེད་པར་ཁག་ཐེག་བྱེད་དགོས།

སྤྱི་ལོ2009ལོར། དུ་རྩྭའི་བདེ་ཐང་ཉེན་སྟོན། ཁ་གཡང་ནི་པར་རིས་ལས་དུ་རྩྭའི་གནོད་པ་སྟོན་པ།

སྤྱི་ལོ2010ལོར། ཕོ་མོ་དང་ཐ་མག ཁ་གཡང་ནི་བུད་མེད་ཀྱི་ཆེད་ཚོང་ཐ་མག་འགོག་པ།.jpg

སྤྱི་ལོ2011ལོར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས《དུ་རྩྭ་འགོག་པའི་སྤྱི་ཆིངས》། ཁ་གཡང་ནི་དུ་རྩྭ་ལ་ཆུ་མེ་བཞིན་དུ་བརྩེ་བ་མེད།། དུ་འགོག་ལག་བསྟར་ལས་ཚེ་སྲོག་སྐྱོབ་པ།།

སྤྱི་ལོ2012ལོར། དུ་རྩྭ་ལས་རིགས་ཀྱིས་དུ་འགོག་ལ་བར་ཆད་གཏོང་བ། ཁ་གཡང་ནི་ཚེ་སྲོག་དང་དུ་རྩྭའི་འགྲན་རྒོལ།

སྤྱི་ལོ2013ལོར། དུ་རྩྭའི་བརྡ་ཁྱབ་དང་ཁྱབ་སྤེལ། རོགས་སྐྱོར་བཅས་གཏན་འགོག

སྤྱི་ལོ2014ལོར། དུ་རྩྭའི་དཔྱ་ཁྲལ་མཐོ་རུ་གཏོང་བ།

སྤྱི་ལོ2015ལོར། དུ་རྩྭའི་ཁྲིམས་འགལ་ཉོ་ཚོང་འགོག་པ།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

བདེ་ཐང་། ཐ་མག དུ་གཅོད་ཉིན་མོ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-05-31

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།