རང་སྐྱོང་སྲོལ་ཡིག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རང་སྐྱོང་སྲོལ་ཡིག
རང་སྐྱོང་སྲོལ་ཡིག་ནི་ཀྲུང་གོའི་མི་རིགས་རང་སྐྱོང་ས་གནས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱིས་རྩ་ཁྲིམས་ཀྱིས་གནང་བའི་དབང་ཆ་གཞིར་བཟུང་ནས་གཏན་འབེབས་བྱས་པའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན། ས་གནས་དེ་གའི་མི་རིགས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ཁྱད་ཆོས་ལ་གཞིགས་ནས་གཏན་འབེབས་བྱས་ཡོད། སྤྱིར་བཏང་དུ་ས་ཁུལ་དེ་གར་ལག་བསྟར་བྱེད་པའི་ས་ཁོངས་རང་སྐྱོང་གི་གཞི་རྩའི་རྩ་འཛུགས་རྩ་དོན་དང་། ལས་ཁུངས་སྒྲིག་འཛུགས། རང་སྐྱོང་ལས་ཁུངས་ཀྱི་འགན་དབང་། ལས་ཀའི་ལམ་ལུགས། གནད་དོན་གལ་ཆེན་གཞན་དག་བཅས་གཏན་ཁེལ་བྱས་ཡོད་ལ། དེ་ནི་མི་རིགས་རང་སྐྱོང་ས་གནས་སུ་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་པའི་ཕྱོགས་བསྡུས་རང་བཞིན་གྱི་གཞི་རྩའི་གཞི་འཛིན་ས་དང་བྱ་འགུལ་སྤེལ་བའི་ཚད་གཞི་ཡིན། རང་སྐྱོང་ལྗོངས་ཀྱི་རང་སྐྱོང་སྲོལ་ཡིག་རྣམས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས་ནུས་པ་འདོན་ཐུབ། རང་སྐྱོང་ཁུལ་དང་རང་སྐྱོང་རྫོང་གི་རང་བཟོས་ཁྲིམས་སྲོལ་རྣམས་ཞིང་ཆེན་ནམ་རང་སྐྱོང་ལྗོངས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས་ནུས་པ་འདོན་ཐུབ་ལ། ད་དུང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཐོ་འགོད་སྙན་སེང་ཞུ་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
自治条例
བྱུང་ཁུངས།
《中华人民共和国宪法》
ཕྱི་ཡིག་གི་མིང་།
regulations on the exercise of autonomy
སྒྲ་གདངས།
zizhitiaoli
1 ངོ་སྤྲོད་མདོར་བསྡུས།

རང་སྐྱོང་སྲོལ་ཡིག་ཁྲོད་སྤྱིར་བཏང་དུ་ས་ཁུལ་དེ་གར་ལག་བསྟར་བྱེད་པའི་ས་ཁོངས་རང་སྐྱོང་གི་གཞི་རྩའི་རྩ་འཛུགས་རྩ་དོན་དང་། ལས་ཁུངས་སྒྲིག་འཛུགས། རང་སྐྱོང་ལས་ཁུངས་ཀྱི་འགན་དབང་། ལས་ཀའི་ལམ་ལུགས། དེ་མིན་གྱི་གནད་དོན་གལ་ཆེན་གཞན་དག་བཅས་གཏན་འབེབས་བྱས་ཡོད། རང་སྐྱོང་སྲོལ་ཡིག་ནི་མི་རིགས་རང་སྐྱོང་ས་གནས་སུ་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་པའི་ཕྱོགས་བསྡུས་རང་བཞིན་གྱི་གཞི་རྩའི་གཞི་འཛིན་ས་དང་བྱ་འགུལ་སྤེལ་བའི་ཚད་གཞི་ཡིན། རང་སྐྱོང་སྲོལ་ཡིག་ནི་མི་རིགས་རང་སྐྱོང་ས་གནས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱིས་གཏན་འབེབས་བྱས་པ་དང་། ས་གནས་དེ་གའི་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་པའི་རྩ་འཛུགས་དང་བྱ་འགུལ་གྱི་རྩ་དོན། རང་སྐྱོང་ལས་ཁུངས་ཀྱི་གྲུབ་ཚུལ་དང་འགན་དབང་སོགས་ཀྱི་ནང་དོན་དང་འབྲེལ་བའི་ཕྱོགས་བསྡུས་རང་བཞིན་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ལ་ཟེར། དེ་ཉིད་བཅའ་ཁྲིམས་གོང་མ་དང་འགལ་མི་ཆོག

2 ཆོག་མཆན་བཀོད་པའི་ལས་ཁུངས།

རང་སྐྱོང་ལྗོངས་ཀྱི་རང་སྐྱོང་སྲོལ་ཡིག་རྣམས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས་ནུས་པ་འདོན་ཐུབ། རང་སྐྱོང་ཁུལ་དང་རང་སྐྱོང་རྫོང་གི་རང་བཟོས་ཁྲིམས་སྲོལ་རྣམས་ཞིང་ཆེན་ནམ་རང་སྐྱོང་ལྗོངས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས་ནུས་པ་འདོན་ཐུབ་ལ། ད་དུང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཐོ་འགོད་སྙན་སེང་ཞུ་དགོས།

དཔེར་ན་ལིང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག་དང་། སི་ཁྲོན་ཞིང་ཆེན་གྱི་མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་སྲོལ་ཡིག་དང་གཅིག་སྤྱོད་སྲོལ་ཡིག་ལ་ཆོག་མཆན་ཞུ་བའི་གོ་རིམ་གཏན་འབེབས་བྱས་ཡོད་པ་ལྟ་བུའོ།།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

རང་སྐྱོང་། བཅའ་ཁྲིམས། སྲོལ་ཡིག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-27

གསར་སྤེལ་མཁན། :འོད་ཟེར་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།