རྩིས་གཞིའི་ལམ་ལུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྩིས་གཞིའི་ལམ་ལུགས།
བདམས་ཟིན་པའི་ཚོ་ཆུང་གི་རྩ་བའི་འཇལ་བྱེད་དང་། མཚན་ཉིད་མཉམ་བྱའི་ཚུལ་དང་བསྡུར་ཚད་རྐྱེན་གྲངས་ཀྱིས་གཏན་འབེབས་བྱས་ཏེ་ཕྱིར་འདྲེན་རྩིས་གཞི་ལས་གྲུབ་པའི་ཆ་ཚང་གི་རྩིས་གཞིའི་ལམ་ལུགས་ལས་གཞན། སྤྱི་ཚོགས་རིག་པའི་ཟུར་ཚད་འོག་གི་རྩིས་གཞིའི་ལམ་ལུགས་ཞིབ་འཇུག་ལ་གོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
单位制
ཕྱི་ཡིག་གི་མིང་།
unit system
1 ​གོ་དོན། 

རྩིས་གཞིའི་ལམ་ལུགས་ནི་བདམས་ཟིན་པའི་ཚོ་ཆུང་གི་རྩ་བའི་འཇལ་བྱེད་དང་། མཚན་ཉིད་མཉམ་བྱའི་ཚུལ་དང་བསྡུར་ཚད་རྐྱེན་གྲངས་ཀྱིས་གཏན་འབེབས་བྱས་ཏེ་ཕྱིར་འདྲེན་རྩིས་གཞི་ལས་གྲུབ་པའི་ཆ་ཚང་གི་རྩིས་གཞིའི་ལམ་ལུགས་ལས་གཞན། སྤྱི་ཚོགས་རིག་པའི་ཟུར་ཚད་འོག་གི་རྩིས་གཞིའི་ལམ་ལུགས་ཞིབ་འཇུག་ལ་གོ། །རྩིས་གཞིའི་ལམ་ལུགས་ཀྱི་དཔེར་མཚོན་རྣམ་པ་དེ་བཅོས་བསྒྱུར་སྒོ་འབྱེད་ཀྱི་སྔོན་ཆགས་ཡོད་མོད། ཡིན་ཡང་དཔལ་འབྱོར་རིག་པ་དང་སྤྱི་ཚོགས་རིག་པ་སོགས་རྨང་གཞིའི་རིག་ཚན་ཁྲོད་དབྱེ་ཞིབ་ཞིབ་འཇུག་གི་དོན་སྙིང་ཆེན་པོ་མེད། འོན་ཀྱང་ཀྲུང་གོའི་སྤྱི་ཚོགས་ལ་ཤེས་རྟོགས་དང་ཀྲུང་གོའི་གྲོང་ཁྱེར་དང་གཞི་རིམ་གྱི་སྤྱི་ཚོགས་དོ་དམ་རྣམ་པར་ཞིབ་འཇུག ཀྲུང་གོའི་སྤྱི་ཚོགས་འཕོ་འགྱུར་ཞིབ་འཇུག་ཐད་དོན་སྙིང་གལ་ཆེན་ལྡན།

2 རྩིས་གཞིའི་ལམ་ལུགས་ཞིབ་འཇུག་གི་འབྱུང་ཁུངས།

ཡོངས་ཁྱབ་ཀྱི་ལྟ་ཚུལ་འདི་འདྲ་ཞིག་ཡོད་དེ། དམངས་གཙོ་གསར་བརྗེ་སྐབས་སུ་ཀྲུང་གོ་གུང་ཁྲན་ཏང་གིས་གྲོང་གསེབ་ཀྱི་གནས་གཞིའི་ས་ཁུལ་འཛུགས་སྐྲུན་བྱས་པའི་མཉམ་མྱོང་ལས། གསར་བརྗེར་རྒྱལ་ཁ་ཐོབ་རྗེས་གྲོང་ཁྱེར་སྤྱི་ཚོགས་ཁྲོད་རྩིས་གཞིའི་ལམ་ལུགས་གཉེར་རྒྱུར་དགོས་ངེས་ཀྱི་ཆ་རྐྱེན་བསྐྲུན། ལྷག་པར་དུ་བཅིངས་འགྲོལ་ས་ཁུལ་གཞུང་གཉེར་ཁེ་ལས་ཀྱི་དོ་དམ་ཉམས་མྱོང་དང་། བསྒྱུར་བཀོད་འགུལ་སྐྱོད་ཀྱི་ལམ་ལུགས་དཔྱད་གཞིར་བཟུང་ནས་བྱུང་བ་ཤ་སྟག་ཡིན། ལྟ་ཚུལ་འདིས་མི་རྣམས་དུས་ཡུན་རིང་པོའི་ནང་ཞིབ་འཇུག་གི་ཟུར་ཚད་འོག་རྩིས་གཞི་ཞིབ་ལྟ་ཞིབ་འཇུག་བྱེད་པར་ཁྲིད་སྟོན་གྱི་ནུས་པ་ཡོད་པ་མ་ཟད། རྩིས་གཞིའི་ལམ་ལུགས་དང་ཀྲུང་གོའི་གསར་བརྗེའི་སྤྱི་ཁོག་འཕེལ་རིམ་བར་འབྲེལ་བ་དམ་ཟབ་ཡོད་པ་རེད།

རྒྱལ་ནང་གི་རྩིས་གཞིའི་ལམ་ལུགས་ཞིབ་འཇུག་ལ་སྤྱིར་བཏང་ཁྱབ་ཁོངས་ཀྱི་ཞིབ་འཇུག་འགོ་འཛུགས་ས་ནི་ཝའེ་འང་ཏིག་གི《གུང་ཁྲན་ཏང་གི་སྤྱི་ཚོགས་ཀྱི་སྲོལ་རྒྱུན་རིང་ལུགས་གསར་བ་སྟེ། ཀྲུང་གོའི་བཟོ་ལས་ཁྲོད་ཀྱི་ལས་ཀའི་ཁོར་ཡུག་དང་དབང་ཆའི་སྒྲིག་གཞི》དཔེ་ཆ་དེ་རེད། སྤྱི་ལོ1986ལོར་དཔར་དུ་བསྐྲུན།

3 རྩིས་གཞིའི་ལམ་ལུགས་ཀྱི་རྒྱབ་ལྗོངས།

གཅིག ཉམས་མྱོང་གི་གོམས་གཤིས། ཀྲུང་གོ་གུང་ཁྲན་ཏང་གིས་གྲོང་གསེབ་ཀྱིས་གྲོང་ཁྱེར་གྱི་མཐའ་ནས་སྐོར་བ་ཞེས་པའི་རྒྱལ་ཡོངས་ཀྱི་སྲིད་དབང་འཕྲོག་ལེན་མངོན་འགྱུར་བྱས་པའི་རྗེས་སུ། ལས་ཀའི་གཙོ་གནད་དེ་གྲོང་ཁྱེར་དུ་སྤར་མོད། འོན་ཀྱང་ང་ཚོའི་ཏང་ལ་གྲོང་ཁྱེར་སྤྱི་ཚོགས་དོ་དམ་གྱི་ཉམས་མྱོང་མེད་པས་ནའོ། །

གཉིས། དངོས་ཡོད་ཀྱི་གནོན་ཤུགས།ཀྲུང་གོ་གསར་བ་དབུ་བརྙེས་རྗེས། ཀྲུང་གོ་གུང་ཁྲན་ཏང་ཆིང་རྒྱལ་རབས་ཀྱི་དུས་མཇུག་ཏུ་སླེབས་ཡོད་པས། ཀྲུང་གོའི་ཆབ་སྲིད་ཐོར་ཞིག་ཏུ་སོང་བ་དང་སྤྱི་ཚོགས་ཧྲིལ་བོ་ཐོར་ཞིག་ཏུ་འགྲོ་བ་སོགས་སྤྱིའི་རང་བཞིན་གྱི་ཉེན་ཁའི་གནས་སུ་ལྷུང་ཡོད་པ།

གསུམ། ཕུགས་བསམ་གྱི་རེ་འདུན། ལོ་བརྒྱའི་བརྙས་བཅོས་དང་འཁྲུག་རྩོད་བྱས་པ་བརྒྱུད། གསར་དུ་བྱུང་བའི་ཀྲུང་གོ་ནི་རྨ་ཤུལ་གྱིས་གང་བ་དང་། ཐོན་ཁུངས་དཀོན་པ། མི་གྲངས་མང་བ་ཞིག་ཡིན། ཡིན་ཡང་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་འཕགས་རང་བཞིན་མགྱོགས་མྱུར་ངང་བདེན་དཔང་བྱེད་ཆེད། ཀྲུང་གོ་སྔ་མོ་གུང་ཁྲན་རིང་ལུགས་ཀྱི་སྤྱི་ཚོགས་སུ་སླེབས་ཡོད་པ་དང་། གནོན་ཤུགས་ལས་བརྒལ་བའི་འགན་ཁུར་ལྗིད་མོ་ཁུར་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-09-18

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།