ཡོངས་འཛིན་རིག་མཛོད། >འཚོ་བ། >སྤྲོ་གསེང་། >ཉོ་ཆ།

ཡུལ་གཅིག་ཉོ་ཚོང་།

ཡུལ་གཅིག་ཉོ་ཚོང་ཞེས་པ་ནི་གྲོང་ཁྱེར་གཅིག་གི་ནང་ཉོ་ཆ་རྒྱག་པ་ལ་ཟེར། ཡུལ་གཅིག་ཉོ་ཚོང་གིས་རྒྱུན་དུ“o2o”དང“B2C”སོགས་ཀྱི་རྣམ་པ་སྤྱོད་ཀྱི་ཡོད།

རིགས་དབྱེ།  

གྱོན་གོས་ཆེད་འཚོང་ཁང་།

གྱོན་གོས་ཆེད་འཚོང་ཁང་ནི་ཆེད་དུ་གྱོན་གོས་ཕྱིར་འཚོང་གི་ལས་ཀ་གཉེར་བའི་གྱོན་གོས་ཚོང་ཁང་ལ་ཟེར་པ་ཡིན།

རིགས་དབྱེ།  

ཉོ་ཆ།

དེ་ནི་དཔལ་འབྱོར་དང་ངལ་རྩོལ་ལྷག་མའི་བྱ་འགུལ་གཉིས་མཐོང་ཐུབ་པ་ཞིག་ཡིན་ཏེ། ཉོ་བ་ནི་འཛད་སྤྱོད་པས་ཚུར་ཉོ་བ་ཞིག་དང་། ཉོ་ཆ་ནི་ཚོང་བདག་གིས་ཕྱིར་འཚོང་བའི་དངོས་ཟོང་ལ་ཟེར་བ་ཡིན། དེ་ལ་ཕོ་མོ་རྒན་གཞོན་སོགས་ཀྱི་དབྱེ་བ་མེད་པར། ཁྱིམ་ཚང་དང་འཚོ་བའི་ཁྲོད་དུ་ངེས་པར་དུ་གྲ་སྒྲིག་བྱ་དགོས་པ་ཞིག་ཡིན།

རིགས་དབྱེ།  

ཉོ་ཚོང་དྲ་ཚིགས།

ཉོ་ཚོང་དྲ་ཚིགས་ནི་དྲ་ལམ་བརྒྱུད་ནས་ཉོ་ཆ་རྒྱག་པའི་ཆ་རྐྱེན་འདོན་སྤེལ་སའི་དྲ་ཚིགས་ལ་ཟེར་བ་ཡིན་ཞིང་། དེ་ནི་རང་ཉིད་དངོས་སུ་ཚོང་རར་འགྲོ་མི་དགོས་པར་ཁྱིམ་དུ་བསྡད་ནས་རང་ཉིད་ལ་དགོས་པའི་ཚོང་ཟོང་ཉོ་ཐུབ་པ་ཞིག་ཡིན།

རིགས་དབྱེ།  

དྲ་ཐོག་ཉོ་ཆ།

དྲ་ཐོག་ཉོ་ཆ་ནི། དྲ་ལམ་བརྒྱུད་ནས་ཚོང་ཟོང་གི་གནས་ཚུལ་འཚོལ་ཞིབ་བྱེད་པ་མ་ཟད། གློག་རྡུལ་ལས་ཚོང་ཟོང་བདམས་ཡིག་བསྐུར་ཏེ་ཉོ་ཆའི་རེ་བ་ཞུ་བ་དང་། དེ་རྗེས་མི་རང་ཉིད་ཀྱི་དངུལ་སྤྲོད་བྱང་བུའི་ཨང་གྲངས་དང་ཡང་ན་ཡིད་རྟོན་བྱང་བུའི་ཨང་གྲངས་འགོད་དགོས། ཚོང་རས་སྦྲག་ཉོའི་བྱ་ཐབས་སྤྱད་དེ་ཚོང་ཟོང་སྐུར་བ་དང་། ཡང་ན་མགྱོགས་སྐུར་ལས་ཁུངས་ཀྱིས་སྒོ་ཁར་བསྐྱལ་ཡོང་བ་ཞིག་ཡིན།

རིགས་དབྱེ།  

ཕྱོགས་བསྡུས་ཚོང་ཟོང་།

ཕྱོགས་བསྡུས་ཚོང་ཟོང(Combined Commodity)ལ་ཚོང་ཟོང་བདག་གཉེར་གྱི་སྒྲིག་གཞི་ཞེས་ཀྱང་ཟེར། འདིར་བརྗོད་པའི་ཚོང་ཟོང་གི་ཚོགས་སྤྱི་ནི་ཚོང་ར་གཅིག་གིས་བདག་གཉེར་བྱེད་པའི་ཚོང་ཟོག་གི་སྒྲིག་གཞི་སྤྱི་ལ་བརྗོད་པ་ཡིན་ཞིང་། ཚོང་ཟོང་དང་། ཚོང་ཟོང་གི་ལས་གཞི། མཛོད་ཉར་བྱེད་ཚད་སོགས་རིགས་སྣ་ཚོགས་ཀྱིས་གྲུབ་པའི་མ་ལག་ཅན་གྱི་བྱེད་ཐབས་ཅན་ཞིག་ཡིན།

རིགས་དབྱེ།  

མྱུར་སྐྱེལ་ཀུང་སི།

དེ་ནི་སྦྲག་སྐྱེལ་ནུས་ལྡན་གྱིས་ཕན་ཚུན་དངོས་པོ་བརྒྱུད་སྤྲོད་་ལས་བྱུང་བའི་ཞབས་ཞུའི་རིགས་ཀྱི་ཀུང་སི་ཞིག་ཡིན་པ་དང་། མགྱོགས་སྐྱེལ་ཀུང་སིས་ལྕགས་ལམ་དང་གཞུང་ལམ་། མཁའ་འགྲུལ་ལམ་སོགས་བརྒྱུད་ནས་ཚོང་མགྲོན་ལ་དངོས་ཟོག་མྱུར་སྐྱེལ་བྱེད་པར་ཟེར། མྱུར་སྐྱེལ་མཁན་གྱིས་གནས་ཁུལ་མི་འདྲ་བར་སྐྱེལ་བསྐུར་བྱས་ཆོག་སྟེ། ཆུང་བ་གྲོང་དང་གྲོང་ཁྱེར། ཆེ་བ་ས་ཁུལ་དང་རྒྱལ་ཁབ་ཕྱི་དང་ཐ་ན་འཛམ་གླིང་ཧྲིལ་བོར་ཞབས་ཞུ་བྱས་ཆོག

རིགས་དབྱེ།  

མཛོད་ཉར་བདག་དོམ།

མཛོད་ཉར་གྱི་དངོས་ཟོང་ཉར་ཚགས་བྱེད་པའི་རྨང་གཞིའི་ནུས་པ་ཡིས་མཛོད་ཉར་གྱི་རྨང་གཞིའི་འགན་ཁུར་ནི་བདག་དོམ་དང་ཉར་བའི་དུས་ཚོད། གྲངས་འབོར་གྱི་བདག་དོམ། རྒྱུ་སྤུས་ཀྱི་འགན་སྲུང་བཅས་ཡིན་པ་གཏན་ལ་ཕབ་ཡོད་ཅིང་། དེ་དང་ཆབས་ཅིག་ཏུ་བཀོད་སྤྱོད་བྱེད་པའི་དངོས་ཟོང་མཛོད་ཁང་དུ་ཉར་བ་དང་། ཞབས་ཞུ་སྣ་ཚོགས་ཀྱི་ལས་སྒོ་འབྱེད་པ་དང་འཕེལ་རྒྱས་སུ་གཏོང་རྒྱུ་ནི་མཛོད་ཉར་སྤུས་ཀ་ཇེ་མཐོར་གཏོང་བ་དང་དངོས་ཟོང་འཁོར་རྒྱུགས། སྤྱི་ཚོགས་ནུས་ཁུངས་ཀྱི་ཁེ་ཕན་ཇེ་མཐོར་གཏོང་བའི་བྱེད་ཕྱོགས་ཡིན་ལ། མཛོད་ཉར་གྱི་འགན་ཁུར་གལ་ཆེ་བ་དེ་ཡང་ཡིན།

རིགས་དབྱེ།  

ཚོང་གཉེར་བདག་དོམ།

ཚོང་གཉེར་བདག་དོམ་ནི་ཁེ་ལས་བྱ་བའི་ལས་རིམ་དུ་ཐོན་སྐྱེད་དང་བདག་གཉེར། ངལ་རྩོལ་ནུས་ཤུགས། ནོར་དོན་སོགས་ལས་རིགས་སྣ་ཚོགས་པ་དག་ཚོང་གཉེར་གྱི་དམིགས་ཡུལ་ལྟར་བདེ་ལེགས་ངང་ལག་བསྟར་བྱེད་པ་དང་། ཕན་ནུས་ལྡན་པའི་སྒོ་ནས་སྙོམས་སྒྲིག་བྱེད་པའི་རིམ་བརྒྱུད་ཀྱི་དོ་དམ་དང་སྐྱེལ་གཉེར་བྱ་འགུལ་ལ་ཟེར་བ་ཡིན།

རིགས་དབྱེ།  

ཚོང་ཟོང་གསལ་བཤད་ཡི་གེ

ཚོང་ཟོང་གསལ་བཤད་ཡི་གེ་ནི་གསལ་བཤད་གཙོ་བོར་མཚོན་ཐབས་ཀྱི་རྣམ་པ་ཞིག་ཡིན་པ་དང་། དེར་ཚོང་ཟོང་གི་སྤྱོད་སྒོ་དང་ཕན་ནུས། ཁྱད་ཆོས། བཀོལ་སྤྱོད་དང་ཉར་ཚགས་བྱེད་སྟངས་སོགས་ཀྱི་ཤེས་བྱའི་ནང་དོན་འདུས་ཡོད་པ་ཞིག་ཡིན། ཚོང་ཟོང་གསལ་བཤད་ཡི་གེའི་མགོ་རྩོམ་པའི་ཁག་ནི་ནམ་ཡང་ནང་དོན་གནད་བསྡུས་ཀྱིས་ངོ་བོའི་ཁྱད་ཆོས་གསལ་སྟོན་བྱེད་པ་ཡིན་ལ། འབྲི་ཐབས་ལ་ལ་ནི་ཡི་གེའི་མགོ་ནས་མཇུག་བར་གསལ་བཤད་ཀྱི་འབྲི་ཐབས་སྤྱད་ཡོད་པ་ཡང་ཡོད། ཐོན་རྫས་རིགས་མི་འདྲ་བ་དག་གི་བྱེད་ནུས་དང་སྤྱོད་སྟངས་མི་འདྲ་བས། གསལ་བཤད་འབྲི་ཐབས་ལ་ཡང་ཁྱད་པར་ཆེན་པོ་ཡོད་པ་རེད། འོན་ཀྱང་འབྲི་ཐབས་གང་ཞིག་སྤྱད་ཀྱང་། དེའི་དམིགས་ཡུལ་གཙོ་བོ་ནི་ཀློག་མཁན་གྱིས་དོན་གོ་བའི་ཆེད་དུ་ཡིན།

རིགས་དབྱེ།  

ཚོང་ར།

ཚོང་ར་ནི་རྣམ་པ་སྣ་ཚོགས་ཀྱི་ཚོང་ཁང་གིས་གྲུབ་པའི་ཁྲོམ་རར་ཟེར་ཞིང་། རྒྱ་ཁྱོན་ཅུང་ཆེ་བ་དང་ཚོང་ཟོང་ཅུང་སྣ་འཛོམས་ཡིན་པའི་ཚོང་ཁང་ཆེ་བའི་རིགས་ལ་བརྗོད་པ་དང་། ཡང་ན་ཚོང་ལས་ཀྱི་ཁམས་དང་ཡང་ན་དཔལ་འབྱོར་གྱི་ཁམས་ཞེས་ཀྱང་བརྗོད་ཀྱི་ཡོད།

རིགས་དབྱེ།  

ཚོང་ལས་ཁུལ།

ཚོང་ལས་ཁུལ་ནི་སིལ་འཚོང་ཚོང་ལས་བསྡུ་རུབ་བྱས་ཡོད་སར་ཟེར་བ་དང་། བརྗེ་རེས་མང་པོ་ཡོད་སའི་སྤྱི་བོའི་ལས་གནས་ཁུལ་དུ་ཡོད་ཅིང་། ཚོང་ལས་ཁུལ་ནི་སྤྱིར་བཏང་གྲོང་ཁྱེར་ཆེན་པོའི་དཀྱིལ་དབུས་སུ་ཆགས་ཡོད་དེ། འགྲིམ་འགྲུལ་ལམ་སྣེ་དང་། འདུ་ཆ་རྒོད་པའི་སྲང་འགྲམ་གཡས་གཡོན། གཞི་རྒྱ་ཆེ་བའི་སྤྱི་བོའི་སྒྲིག་བཀོད་གྱི་མཐའ་འཁོར་སོགས་སུ་ཡོད།

རིགས་དབྱེ།  

རང་འདེམ་ཚོང་ཁང་།

དེ་ནི་སྤྱིར་བཏང་ཚོང་ཟོང་སྟེགས་བུར་ཚོང་ཟོང་བཤམས་བསྒྲིགས་བྱས་པའི་ཚོང་ཁང་ལ་ཟེར་བ་དང་། དེར་ཚོང་མགྲོན་རང་ཉིད་ཀྱིས་ཚོང་ཟོང་བདམས་གསེས་བྱས་ཏེ། རིན་གོང་མཉམ་དུ་རྩིས་སྤྲོད་བྱ་བ་ཞིག་ཡིན། འཚོང་བའི་ཅ་ལག་གསར་བ་ཡིན་ཞིང་། འཚོ་བར་རྒྱུན་ལྡན་དུ་སྤྱོད་པའི་ཚོང་ཟོང་གིས་གཙོ་བོར་བྱས་ཡོད་པ་ཞིག་ཡིན།

རིགས་དབྱེ།  

སིལ་འཚོང་ཁང་།

སིལ་འཚོང་ཁང་ནི་དབྱེ་འཚོང་བརྒྱུད་ལམ་གྱི་མཇུག་མཐའི་འཁོར་ལམ་དེ་ཡིན་ཞིང་། མི་སྒེར་གྱི་འཛད་སྤྱོད་པའི་ཁྲོམ་རར་ཁ་གཏད་པ་ཞིག་ཡིན་ཞིང་། དེ་ནི་དབྱེ་འཚོང་བརྒྱུད་ལམ་མ་ལག་གི་མཐའ་སྣེ་དེ་ཡིན་ལ། དེས་ནི་ཐད་ཀར་འཛད་སྤྱོད་པར་འབྲེལ་ལམ་བཙུགས་ཏེ། ཐོན་རྫས་གྱི་རིན་ཐང་ངོ་མ་མངོན་འགྱུར་བྱ་བའི་འོས་འགན་བསྒྲུབ་ཚར་རྒྱུ་དེ་ཡིན།

རིགས་དབྱེ།