མྱུར་སྐྱེལ་ཀུང་སི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མྱུར་སྐྱེལ་ཀུང་སི།
དེ་ནི་སྦྲག་སྐྱེལ་ནུས་ལྡན་གྱིས་ཕན་ཚུན་དངོས་པོ་བརྒྱུད་སྤྲོད་་ལས་བྱུང་བའི་ཞབས་ཞུའི་རིགས་ཀྱི་ཀུང་སི་ཞིག་ཡིན་པ་དང་། མགྱོགས་སྐྱེལ་ཀུང་སིས་ལྕགས་ལམ་དང་གཞུང་ལམ་། མཁའ་འགྲུལ་ལམ་སོགས་བརྒྱུད་ནས་ཚོང་མགྲོན་ལ་དངོས་ཟོག་མྱུར་སྐྱེལ་བྱེད་པར་ཟེར། མྱུར་སྐྱེལ་མཁན་གྱིས་གནས་ཁུལ་མི་འདྲ་བར་སྐྱེལ་བསྐུར་བྱས་ཆོག་སྟེ། ཆུང་བ་གྲོང་དང་གྲོང་ཁྱེར། ཆེ་བ་ས་ཁུལ་དང་རྒྱལ་ཁབ་ཕྱི་དང་ཐ་ན་འཛམ་གླིང་ཧྲིལ་བོར་ཞབས་ཞུ་བྱས་ཆོག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
快递公司
རིགས་དབྱེ།
མྱུར་སྐྱེལ།
1 མྱུར་སྐྱེལ་དང་དངོས་སྐྱེལ་ཀུང་སིའི་ཁྱད་པར།

(1) ཞབས་ཞུ་བྱ་ཡུལ། མྱུར་སྐྱེལ་ཀུང་སིས་ཞབས་ཞུ་བྱ་ཡུལ་གཙོ་བོ་ནི་མི་སྒེར་ཡིན་པ་དང་། དངོས་སྐྱེལ་ཀུང་སིས་སྤྱིའི་ཁེ་ལས་ལ་ཞབས་ཞུ་བྱེད་པ་ཡིན།

(2) སྐྱེལ་དངོས་ཀྱི་ཆེ་ཆུང་། མྱུར་སྐྱེལ་ཀུང་སིས་གཙོ་བོ་སྤྱི་རྒྱ50མན་གྱི་དངོས་ཟོང་སྐྱེལ་འདྲེན་བྱེད་པ་སྟེ། དཔེར་ན། ལྭ་བ་དང་ཡིག་ཆ། འཚོ་བའི་སྤྱོད་ཆས་སོགས་ཡིན། དངོས་སྐྱེལ་ཀུང་སིས་གཙོ་བོ་དངོས་པོ་ཆེ་བའི་རིགས་སྐྱེལ་གྱི་ཡོད།

(3) སྐྱེལ་དངོས་གྱི་མང་ཉུང་། མྱུར་སྐྱེལ་ཀུང་སིའི་སྐྱེལ་དངོས་ཀྱི་གྲངས་འབོར་ཉུང་བ་དང་། དངོས་སྐྱེལ་ཀུང་སིའི་སྐྱེལ་དངོས་ཀྱི་གྲངས་འབོར་མང་།

(4) སྐྱེལ་འདྲེན་གྱི་ཐབས་ལམ། མྱུར་སྐྱེལ་ཀུང་སི་ཚང་མ་ནི་གནས་སོ་སོའི་མྱུར་སྐྱེལ་མི་སྣས་དངོས་པོ་སྒོ་ཁར་སྐྱེལ་གྱི་ཡོད་པ་དང་། དངོས་སྐྱེལ་ཀུང་སི་ཚང་མས་སྤྱིར་བཏང་དུ་ལམ་ཐིག་བརྒྱུད་ནས་སྐྱེལ་གྱི་ཡོད།

(5) རིན་གོང་གི་ཁྱད་པར། མྱུར་སྐྱེལ་ཀུང་སིའི་རིན་གོང་དམའ་བ་དང་དངོས་སྐྱེལ་ཀུང་སིའི་རིན་གོང་མཐོ་བ་ཡོད།

(6) དུས་ཚོད་ཀྱི་མགྱོགས་ཚད། མྱུར་སྐྱེལ་ཀུང་སིའི་དུས་ཚོད་མགྱོགས་པ་དང་དངོས་སྐྱེལ་ཀུང་སིའི་དུས་ཚོད་དལ་བ་ཡིན།

2 བདག་གཉེར་གྱི་ཁྱད་ཆོས།

(1) མགྲོན་པོའི་ཡིད་ཚིམ་རྒྱུ་ནི་དམིགས་ཡུལ་དང་པོ་ཡིན་པ།

(2) ཁེ་ལས་སྤྱིའི་དགེ་མཚན་དམིགས་ཡུལ་དུ་འཛིན་པ།

(3) བརྡ་འཕྲིན་དཀྱིལ་སྙིང་དུ་འཛིན་པ།

3 བྱེད་ཐབས།

(1) དངོས་ཟོང་བཙོང་མཁན་ལ་གཏན་ཁེལ་བྱས་པའི་ཡིག་ཚགས་འབྱོར་རྗེས་ཐད་ཀར་རྒྱལ་ཁབ་བཟོ་ལས་ཁང་ལ་ཡིག་ཚགས་སྤྲོད་པ།

(2) བཟོ་ལས་ཁང་གིས་དངོས་སྐྱེལ་གྱི་ཚབ་ཏུ་ཡིག་ཚགས་དང་ཐོན་སྐྱེད་འཆར་གཞི་མཁོ་སྤྲོད་བྱེད་པ།

(3) དངོས་སྐྱེལ་ཚབ་སྒྲུབ་ཀྱིས་རྒྱུ་ཆ་དག་སྐྱེལ་འདྲེན་ཚོང་རར་དངོས་སྐུར་རེ་ཞུ་རྒྱག་པ།

(4) དངོས་སྐྱེལ་ཚབ་སྒྲུབ་ཀྱིས་དངོས་སྐྱེལ་བྱ་བ་དང་བདག་ཉར་རིགས་དགར་གྱི་བྱ་བ་ཚར་དུ་གཞུག་དགོས།

(5) དངོས་སྐྱེལ་ཚབ་སྒྲུབ་ཀྱིས་ངེས་གཏན་གྱི་དུས་ཚོད་ནང་དུ་བསྐུར་དངོས་བཟོ་གྲྭར་སྐྱེལ་དགོས།

(6) དངོས་སྐྱེལ་ཚབ་སྒྲུབ་ཀྱིས་ཐོན་སྐྱེད་ཀྱི་སྤྱིའི་ཕྱིར་འཚོང་གི་རེ་འདུན་ལྟར་ཉོ་མཁན་ལ་སྐུར་དགོས། 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

འཚོ་བ། ཉོ་ཆ། མྱུར་སྐྱེལ་ཀུང་སི།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-05

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།