ཡོངས་འཛིན་རིག་མཛོད། >འཚོ་བ། >སྤྲོ་གསེང་།

མིག་མངས།

མིག་མངས་ནི་བོད་གདོད་མའི་དུས་ནས་དར་ཞིང་བོད་གངས་ཅན་ལྗོངས་སུ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་པའི་རེའུ་མིག་ལ་བརྟེན་ནས་རྩེ་བའི་རྩེད་མོའི་བྱེ་བྲག་ཅིག་ཡིན། བོད་ཁམས་ཀྱི་ཡུལ་ལུང་ལ་ལར་འགྱིག་ཅེས་ཀྱང་འབོད།

རིགས་དབྱེ།  

Dota2

DOTA2ནིDOTAཡི་ས་ཁྲའི་སྲོག་སྙིང་སྒྲིག་བཟོ་མཁནIceFrogཡིས་ཨ་མེ་རི་ཁའིValveཀུང་ཟི་དང་མཉམ་འབྲེལ་བྱས་ཏེ། ཀུང་ཟི་དེའི་སྒུལ་བྱེད་འཕྲུལ་ཆསSourceབཀོལ་ནས་ཞིབ་འཇུག་དང་གསར་སྤེལ་བྱས་པ་དང་། Valveཀུང་ཟིས་འཁོར་སྐྱོད་ཚོང་གཉེར་བྱེད་པ། ཕུན་སུམ་ཚོགས་པའི་འཇིག་རྟེན་དངNEXONཡིས་ལས་ཚབ་བྱ་བའི་མི་མང་པོས་རྩིས་འཁོར་སྦྲེལ་ནས་ཕན་ཚུན་དམག་འཐབ་བྱེད་པའི་འཁྲབ་བྱའི་མི་སྣའི་རིགས་ཀྱི་དྲ་རྒྱའི་རོལ་རྩེད་ཅིག་ཡིན།

རིགས་དབྱེ།  

NBA2K OL

NBA2K Onlineནི་ཨ་རིའིNBAགཞུང་ཕྱོགས་ཀྱིས་ཆོག་མཆན་གནང་བ་དང་། Take-Twoདང་ཐེང་ཞུན་རོལ་རྩེད་གཉིས་ཀྱིས་མཉམ་འབྲེལ་བྱས་ནས། Take-Twoཡི་མིང་དུ་གྲགས་པའི་མཚན་རྟགསNBA2Kརིགས་ཀྱི་གཟེབ་གྲུག་རོལ་རྩེད་དེ་ཐོན་རྫས་ཀྱི་མ་གཞིར་བཟུང་སྟེ། དྲ་རྒྱའི་ཁོར་ཡུག་གི་རྨང་གཞིའི་སྟེང་གསར་སྤེལ་བྱས་པའི་རྩལ་སྦྱངས་རིགས་ཀྱི་དྲ་རྒྱའི་རོལ་རྩེད་ཅིག་ཡིན། རོལ་རྩེད་འདི2Kརིགས་ཀྱི་དྲ་རྒྱའི་རོལ་རྩེད་ཐོག་མ་དེ་ཡིན་ཞིང་། NBAགཞུང་ཕྱོགས་ཀྱིས་ཆོག་མཆན་ཐོབ་ཡོད་པའི་ཀྲུང་གོའི་ཐོག་མའི་དྲ་རྒྱའི་རོལ་རྩེད་ཡང་ཡིན།

རིགས་དབྱེ།  

QQབྲོ་ར།

QQབྲོ་ར་ནི་ཐེང་ཞུན་རོལ་རྩེད་ཀྱིས་སྤྱི་ལོ2008ལོར་གསར་སྤེལ་བྱས་པའི་སྤྲོ་གསེང་དང་དར་སྲོལ། གྲོགས་བསྒྲིགས་པའི་གཟུགས་བརྙན3Dཅན་གྱི་གླུ་དབྱངས་དང་ཞབས་བྲོའི་རིགས་ཀྱི་དྲ་རྒྱའི་རོལ་རྩེད་ཅིག་ཡིན། རོལ་རྩེད་འདི་ཐེང་ཞུན་ཀུང་ཟི་དང་པེ་ཅིང་ཡུང་ཧང་ཚན་རྩལ་གཉིས་ཀྱིས་མཉམ་འབྲེལ་གྱིས་ཁྱབ་བསྒྲགས་བྱས་པ་ཡིན།

རིགས་དབྱེ།  

QQའགྲན་འཁོར།

QQའགྲན་འཁོར་ནི་ཐེང་ཞུན་ཀུང་ཟིའི་ལིན་ལང་ཐེན་ཧྲང་རོལ་རྩེད་ལས་སྒྲུབ་ཁང་གིས་གསར་སྤེལ་བྱས་པ་དང་། ཐེང་ཞུན་རོལ་རྩེད་ཀྱིས་འགྲེམ་སྤེལ་བྱས་པའི་དྲ་རྒྱའི་རོལ་རྩེད་ཅིག་ཡིན། རོལ་རྩེད་འདིས་སྤྲོ་གསེང་དང་རྩལ་འགྲན་གཉིས་ཀྱི་རྩེད་ཐབས་གཞི་གཅིག་ཏུ་བསྡུས་ནས། QQསྤྱོད་མཁན་ལ་ཆེད་དུ་དར་སྲོལ་ཆེ་བའི་འགྲན་བྱེད་འཁོར་ལོའི་རོལ་རྩེད་ཅིག་བསྐྲུན་ཡོད་ལ། དངོས་ལུགས་ཀྱི་སྒུལ་བྱེད་འཕྲུལ་ཆསPhysXབཀོལ་ནས་འགྲན་འཁོར་ལ་ཁ་ལོ་བྱེད་དུས་བདེན་པའི་རང་བཞིན་གྱི་ཚོར་བ་ཁག་ཐེག་བྱ་བ་ཡིན།

རིགས་དབྱེ།  

བྱེ་ཐང་ནག་པོ།

བྱེ་ཐང་ནག་པོ་ནི་ཁོ་རེ་ཡའི་མིང་དུ་གྲགས་པའི་དྲ་རྒྱའི་རོལ་རྩེད་ཀྱི་སྒྲིག་བཟོ་བ་ཅིན་ཏ་རིས་བཙུགས་པའིPearlAbyssཀུང་ཟིས་གསར་སྤེལ་བྱས་པའི་ལོ་རྒྱུས་སྙན་ངག་ཆེན་མོ་རིམ་པའིMMORPGརིགས་ཀྱི་དྲ་རྒྱའི་རོལ་རྩེད་ཅིག་ཡིན་ལ། རོལ་རྩེད་འདིར་ཆུ་ཚད་མཐོན་པོའི་བརྙན་རིས་དང་ཆ་ཚང་བའི་ལས་རིགས་ཀྱི་སྒྲིག་བཀོད་སོགས་ཡོད་པས། དུས་རབས་གསར་བའི་དྲ་རྒྱའི་རོལ་རྩེད་ཀྱི་བརྩམས་ཆོས་གྲགས་ཆེན་ཞིག་ཏུ་བརྩི་བ་ཡིན་ཞིང་། སྤྱི་ལོ2014ལོའི་ཁོ་རེ་ཡའི་ཆེས་རེ་སྒུག་བྱ་འོས་པའི་དྲ་རྒྱའི་རོལ་རྩེད་དུ་བདམས་པ་ཡིན།

རིགས་དབྱེ།  

ཁམ་བུའི་ཚལ་གྱི་ཟིན་བྲིས།

ཁམ་བུའི་ཚལ་གྱི་ཟིན་བྲིས་ནི་ཧྲེན་ཀྲིན་ཐའོ་ལེ་དྲ་རྒྱའི་ཚན་རྩལ་ཚད་ཡོད་ཀུང་ཟིས་ཞིབ་འཇུག་དང་གསར་སྤེལ་བྱས་པའི་རང་རྒྱལ་གྱི་མིང་དུ་གྲགས་པའི་གནའ་དཔེ《ཁམ་བུའི་ཚལ་གྱི་ཟིན་བྲིས》རྒྱབ་ལྗོངས་སུ་བྱས་ཏེ་གཟུགས་བརྙན2Dཅན་གྱི་འགྲན་སྐོར་ལུགས་ཀྱི་དྲ་རྒྱའི་རོལ་རྩེད་ཅིག་ཡིན་ལ། རོལ་རྩེད་འདིས་གཙང་ཞིང་གསལ་བ་དང་རང་བྱུང་། ལྷིང་འཇགས་ཀྱི་རོལ་རྩེད་ཁྱད་ཆོས་ལ་ཤུགས་སྣོན་བྱ་བ་ཡིན།

རིགས་དབྱེ།  

ཁར་ཏིན་རྒྱུགས་འཁོར།

ཁར་ཏིན་རྒྱུགས་འཁོར་ནི་ཁོ་རེ་ཡའིNEXONཡིས་གསར་སྤེལ་བྱས་པའི་སྤྲོ་གསེང་རིགས་ཀྱི་འགྲན་བྱེད་འཁོར་ལོའི་མགྱོགས་ཚད་འགྲན་པའི་དྲ་རྒྱའི་རོལ་རྩེད་ཅིག་ཡིན་ཞིང་། རོལ་རྩེད་འདིའི་ནང་གི་མི་སྣ་ནི་ཝུ་བའི་རོལ་རྩེད་ཁྲོད་ཀྱི་མི་སྣ་ཡིན་ལ། རྩེད་མོ་བས་མི་སྣ་འདི་དག་འཁྲབ་སྟེ་ཁར་ཏིན་རྒྱུགས་འཁོར་ལ་ཁ་ལོ་སྒྱུར་ནས་བྱེ་ཐང་དང་གྲོང་ཁྱེར། ནགས་ཚལ། འཁྱགས་ཀླུང་། གཏེར་རི། དུར་ས་སོགས་བརྗོད་གཞི་རིགས་མང་བའི་རྒྱུགས་ལམ་ཐོག་འགྲན་བསྡུར་བྱ་བ་ཡིན།

རིགས་དབྱེ།  

ཁྱད་ནུས་མཉམ་འབྲེལ་གཡུལ་དཔུང་།

ཁྱད་ནུས་མཉམ་འབྲེལ་གཡུལ་དཔུང་ནི་ཁོ་རེ་ཡའིDNFགསར་སྤེལ་ཀུང་ཟིNeopleཡིས་ལོ་ལྔ་ཡི་དུས་ཚོད་བེད་སྤྱད་ནས་ཞིབ་འཇུག་དང་གསར་སྤེལ་བྱས་པ་དང་། ཧྲི་ཅི་ཐེན་ཁྲེང་གིས་ལས་ཚབ་བྱ་བའི་གཟུགས་བརྙན3Dཅན་གྱི་གོ་དོན་གསར་བའི་སྒབ་ཟོར་རིགས་ཀྱི་དྲ་རྒྱའི་རོལ་རྩེད་ཅིག་ཡིན།

རིགས་དབྱེ།  

ཁྲག་དྲོན་གྱི་རྒྱལ་ཁམས།

ཁྲག་དྲོན་གྱི་རྒྱལ་ཁམས་ནི་སྤྱི་ལོ2005ལོའི་ཟླ4བའི་ཚེས20ཉིན་ཁོ་རེ་ཡའིMgameཀུང་ཟིས་གསར་སྤེལ་བྱས་པ་དང་། CDCཡིས་འགྲེམ་སྤེལ་བྱས་པའིMMORPGརིགས་ཀྱི་དྲ་རྒྱའི་རོལ་རྩེད་ཅིག་ཡིན།

རིགས་དབྱེ།  

ཁྲག་དྲོན་ངོ་མཚར་གཏམ་རྒྱུད།

ཁྲག་དྲོན་ངོ་མཚར་གཏམ་རྒྱུད་ནི་གཟབ་རྒྱས་དྲ་རྒྱས་སྤྱི་ལོ2001ལོའི་ཟླ9བའི་ནང་གསར་སྤེལ་བྱས་པའི་མི་མང་པོ་དུས་གཅིག་ལ་རྩེ་ཐུབ་པའི་དྲ་ཐོག་གི་འཁྲབ་བྱའི་མི་སྣ་ཅན་གྱི་རོལ་རྩེད་རིགས་ཤིག་ཡིན་ལ། རོལ་རྩེད་འདིའི་ཁྲོད་དྲག་རྩལ་བ་དང་སྒྱུ་མ་མཁན། ཏའོ་ཅའོ་ཆོས་བ་བཅས་ལས་གནས་རིགས་གསུམ་ཡོད་པ་དང་། ནང་དོན་གྱི་འགྱུར་ལྡོག་དང་། ཉམས་མྱོང་གི་ཐང་གྲངས། གཞན་རི་དྭགས་རྔོན་པ་དང་། གཏེར་ཁ་བརྐོ་བ་སོགས་ཀྱི་བྱ་འགུལ་ཚང་མ་དྲ་ཐོག་ནས་སྐབས་འཕྲལ་ལ་བྱུང་བ་ཡིན། ཁྲག་དྲོན་ངོ་མཚར་གཏམ་རྒྱུད་ལ་ཉིན་དཀར་དང་མཚན་མོ། ཚོང་དོན། དངོས་པོ་སོགས་ཀྱི་བསམ་བློ་འདུ་ལ། རྩེད་མོ་བས་གཏེར་ཁ་བརྐོ་བ་དང་རི་དྭགས་རྔོན་པ་སོགས་བྱས་ནས་དུང་ཙེ་བཙལ་ཆོག་པ་དང་། བཙལ་ཡོང་བའི་དུང་ཙེ་ཡིས་ཚོང་རྒྱག་ཆོག་པ་ཡིན། རོལ་རྩེད་ཧྲིལ་བོར་རྫུ་འཕྲུལ་གྱིས་ཁེངས་ཡོད་ཅིང་། ཤར་ཕྱོགས་ཀྱི་གཟི་བྱིན་ལྡན་པ་ཡིན།

རིགས་དབྱེ།  

ཁྲི་པི་གཡུལ་འགྱེད།

ཁྲི་པི་གཡུལ་འགྱེད་ནི་ཀྲུའུ་ཧའེ་ཆན་ཡིའུ་ཚན་རྩལ་ཚད་ཡོད་ཀུང་ཟིས་ཞིབ་འཇུག་དང་གསར་སྤེལ་བྱས་པའི་གཟུགས་བརྙན2.5Dཅན་གྱི་སྐབས་འཕྲལ་འཐབ་འཛིང་དངMMORPGརིགས་ཀྱི་དྲ་རྒྱའི་རོལ་རྩེད་ཅིག་ཡིན་ལ། རོལ་རྩེད་འདིའི་རྒྱབ་ལྗོངས་ནི་ཀྲུང་གོའི་ལོ་རྒྱུས་ཐོག་ཉུང་བས་མང་བ་ཕམ་པར་བྱས་པའི་གཡུལ་འགྱེད་ཆེན་མོ་ཁྲི་པི་གཡུལ་འགྱེད་ཡིན་ཞིང་། རོལ་རྩེད་ཁྲོད་ཀྱི་ལས་རིགས་སྒྲིག་བཀོད་ནི་རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད་ནང་གི་དམག་དཔོན་དག་དྲངས་ཡོད་པ་ཡིན།

རིགས་དབྱེ།  

གནམ་འོག3

གནམ་འོག3ནི་ཝང་དབྱི་ཀུང་ཟིས་ཞིབ་འཇུག་དང་གསར་སྤེལ་བྱས་པའི་རང་རྒྱལ་གྱི་ཁྱད་ཆོས་ལྡན་པའི་འཕྲུལ་སྣང3Dཅན་གྱི་དྲ་རྒྱའི་རོལ་རྩེད་ཅིག་ཡིན་ལ། ཧྥེང་ཞའོ་ཀང་གིས་སྣེ་ཁྲིད་པའི་རང་རྒྱལ་གྱི་ཁྱད་ཆོས་ལྡན་པའི་མཁས་པའི་དབང་བོ་ཚོགས་པས་ཞང་ཀོ་ལི་ལ་ལས་སྒྲུབ་ཁང་ལ་མཉམ་འབྲེལ་བྱས་པ་ཡིན་ཞིང་། རོལ་རྩེད་ཁྲོད་ཕྱོགས་ཁག་ཆེན་པོ་བཅུ་དང་ལྷའི་བཅིབས་པ་བཅུ་གཉིས་ཡོད་པ་ཡིན།

རིགས་དབྱེ།  

སྐར་མཚམས་གོ་ཁྲབ།

སྐར་མཚམས་གོ་ཁྲབ་ནི་སྒྱུ་འཕྲུལ་བརྗོད་བྱར་བཟུང་སྟེ་འབོད་པའི་ཐ་སྙད་གསུམ་པས་མེ་མདའ་སོགས་འཕེན་པའི་རིགས་ཀྱི་དྲ་རྒྱའི་རོལ་རྩེད་ཅིག་ཡིན་ལ། རོལ་རྩེད་འདིDigital ExtremesཡིསWindowsལས་སྟེགས་འོག་གསར་སྤེལ་དང་འཁོར་སྐྱོད་ཚོང་གཉེར་བྱ་བ་མ་ཟད། སྤྱི་ལོ2013ལོརSteam,PlayStation4,XboxOneབཅས་ཀྱི་ལས་སྟེགས་ཐོག་ཐོ་འགོད་བྱས།

རིགས་དབྱེ།  

གཡུལ་བཟློག

གཡུལ་བཟློག་ནི་ཐེང་ཞུན་ཀུང་ཟིའི་ལིན་ལང་ཐེན་ཧྲང་རོལ་རྩེད་ལས་སྒྲུབ་ཁང་གིས་གསར་སྤེལ་བྱས་པ་དང་། ཐེང་ཞུན་རོལ་རྩེད་ཀྱིས་འགྲེམ་སྤེལ་བྱས་པའི་འབོད་པའི་ཐ་སྙད་དང་པོས་མེ་མདའ་སོགས་འཕེན་པའི་རིགས་ཀྱི་དྲ་རྒྱའི་རོལ་རྩེད་ཅིག་ཡིན་ཞིང་། རོལ་རྩེད་འདི་ལ་སྒྱུ་འཕྲུལ་གསུམ་པའི་སྒུལ་བྱེད་འཕྲུལ་ཆས་བཀོལ་ནས་གསར་སྤེལ་བྱས་པ་མ་ཟད། ལྕགས་ཁྲབ་ཀྱི་རྣམ་པ་སྲོག་ཤིང་དུ་བཟུང་ནས་མ་འོངས་པའི་ཁྱད་ཆོས་ལྡན་པའི་རོལ་རྩེད་ཅིག་ཡིན།

རིགས་དབྱེ།  

གཡུལ་འཁོར་གློག་ཞགས་ཅན།

ཆེས་ཐོག་མའི་སྐར་མའི་བར་གྱི་མཁའ་འཐབ་སྟེ་ཁ་པར་རོལ་རྩེད་གཡུལ་འཁོར་གློག་ཞགས་ཅན་ནི་པེ་ཅིང་ཨའེ་ལེ་ཡིའུ་ཡིས་གསར་སྤེལ་བྱས་པ་དང་། ཐེང་ཞུན་རོལ་རྩེད་ཀྱིས་ལས་ཚབ་འགྲེམ་སྤེལ་བྱ་བའི་ཁ་པར་རོལ་རྩེད་ཅིག་ཡིན།

རིགས་དབྱེ།  

གཡུལ་ས་བརྒལ་བ།

གཡུལ་ས་བརྒལ་བ་ནི་ཁོ་རེ་ཡའིSmile Gateཡིས་གསར་སྤེལ་དང་། ཁོ་རེ་ཡ་ནསNeowizཡིས་འགྲེམ་སྤེལ། ཀྲུང་གོའི་སྐམ་ས་ཆེན་པོའི་ཐེང་ཞུན་ཀུང་ཟིས་འཁོར་སྐྱོད་ཚོང་གཉེར་བྱ་བ་ཡིན། གཡུལ་ས་བརྒལ་བ་ནི་འབོད་པའི་ཐ་སྙད་དང་པོས་མེ་མདའ་སོགས་འཕེན་པའི་རིགས་ཀྱི་དྲ་རྒྱའི་རོལ་རྩེད་ཅིག་ཡིན་ལ། རྩེད་མོ་བས་མེ་མདའ་བཟུང་བའི་འཐབ་མོ་བ་ཞིག་འཁྲབ་ནས་རྩེད་མོ་བ་གཞན་པ་དང་མཚོན་ཐོགས་རུབ་འཛིང་བྱ་བ་ཞིག་ཡིན།

རིགས་དབྱེ།  

གས་པའི་ནམ་མཁའ།

གས་པའི་ནམ་མཁའ་ནི་ཝང་དབྱི་རོལ་རྩེད་ཀྱིས་གསར་སྤེལ་བྱས་པའི་ནམ་མཁའི་འཐབ་འཁྲུག་བརྗོད་གཞིར་བཟུང་བའི་དྲ་རྒྱའི་རོལ་རྩེད་ཀྱི་རིགས་ཤིག་ཡིན་ལ། རོལ་རྩེད་ཁྲོད་ཁྱད་ཆོས་ལྡན་པའི་འཐབ་འཁྲུག་གི་མ་ལག་དང་ལས་ཚོགས་ཀྱི་སྤྱི་ཚོགས་འབྲེལ་བའི་མ་ལག འགག་སྒོ་བརྒལ་བའི་མ་ལག ནུས་རྩལ་འཚར་ལོངས་ཀྱི་མ་ལག་སོགས་ཡོད་པས། རྩེད་མོ་བ་ལ་འབོད་པའི་ཐ་སྙད་གསུམ་པས་མེ་མདའ་སོགས་འཕེན་པའི་འོག་རོལ་རྩེད་ཁྲོད་ཀྱི་སྤྲོ་སྣང་གཞན་ཞིག་སྟེར་བ་ཡིན།

རིགས་དབྱེ།  

གྲི་རྩལ་མཁས་པའི་བརྩེ་བ3

གྲི་རྩལ་མཁས་པའི་བརྩེ་བ3ནི་ཅིན་ཧྲན་མཉེན་ཆས་ཞི་ཧྲན་ཅུས་ལས་སྒྲུབ་ཁང་གིས་གསར་སྤེལ་བྱས་པ་དང་། ཅིན་ཧྲན་གྱིས་འཁོར་སྐྱོད་ཚོང་གཉེར་བྱས་པའི་གཟུགས་བརྙན3Dལྡན་པའི་བདེན་འཛིན་དཔའ་བོའི་འཁྲབ་བྱའི་མི་སྣ་ཅན་གྱི་དྲ་རྒྱའི་རོལ་རྩེད་ཅིག་ཡིན། རོལ་རྩེད་འདིར་ཁྱབ་རྒྱ་ཆེ་བའི་ས་དབྱིབས་སྔོ་ཁེབས་ལ་ཚོན་དབྱུག་པའི་ལག་རྩལ་དངSpeedTreeསྒུལ་བྱེད་འཕྲུལ་ཆས་ཀྱི་ཁྱད་ནུས་བཀོལ་ནས། ཀྲུང་གོའི་སྲོལ་རྒྱུན་གྱི་བདེན་འཛིན་དཔའ་བོའི་འཇིག་རྟེན་ཞིག་མངོན་ཞིང་། སྙན་ངག་དང་གླུ་གར། དར་གོས། གནའ་བོའི་སྒྲ་སྙན། ཆང་འཐུང་བའི་རིག་གནས། གླུ་དབྱངས་སོགས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་རིག་གནས་རོལ་རྩེད་ཁྲོད་བཀོལ་ནས། རྩེད་མོ་བ་ལ་ཧ་ཅང་མཚར་སྡུག་བཀྲ་བའི་ཐང་ཆེན་མོའི་འཇིག་རྟེན་ཞིག་མངོན་པ་ཡིན།

རིགས་དབྱེ།  

གླག་རྒོད་དཔའ་བོའི་བརྩེ་བ།

གླག་རྒོད་དཔའ་བོའི་བརྩེ་བ་ནི་ཕུན་སུམ་ཚོགས་པའི་འཇིག་རྟེན་གྱིས་གསར་སྤེལ་བྱས་པའི་གཟུགས་བརྙན2Dཅན་གྱི་དྲ་རྒྱའི་རོལ་རྩེད་ཅིག་ཡིན། གླག་རྒོད་དཔའ་བོའི་བརྩེ་བ་ནི་སྐུ་ཞབས་ཅིན་ཡུང་གི་བརྩམས་སྒྲུང་དང་མིང་འདྲ་ཞིང་། སྐུ་ཞབས་ཅིན་ཡུང་གི་དངོས་སུ་དབང་ཆ་གནང་ཡོད་པ་ཡིན། རོལ་རྩེད་འདི་ལ་ཕུན་སུམ་ཚོགས་པའི་འཇིག་རྟེན་གྱིས་ཞིབ་འཇུག་དང་གསར་སྤེལ་བྱས་པའིValhallaསྒུལ་བྱེད་འཕྲུལ་ཆས་ཀྱིས་སྒྲིག་བཟོ་བྱས་པ་དང་། ཧ་ཅང་གསལ་བའི་གཟུགས་བརྙན་དང་། བདེ་ལྕག་འཁྱུག་པོའི་རྩལ། སྣང་བ་སྐྱིད་པའི་འཐབ་འཛིང་། འགྱུར་བ་མང་བའི་གཅེས་ནོར་སྲོག་ཆགས། གྲུང་ཤ་དོད་པའི་བཅིབས་པ། སྐྱེས་མའི་གཞིས་ཁྱིམ་གྱི་མ་ལག་སོགས་ནང་དོན་མང་པོ་ལྡན་པ་ཡིན།

རིགས་དབྱེ།  

ངོ་མཚར་བའི་འཇིག་རྟེན།

ངོ་མཚར་བའི་འཇིག་རྟེན་ནི་ཧྲེང་ཆུས་ལག་རྩལ་ཚད་ཡོད་ཀུང་ཟིས་གསར་སྤེལ་བྱས་པ་དང་། གཟབ་རྒྱས་ཀུང་ཟིས་འཁོར་སྐྱོད་ཚོང་གཉེར་བྱ་བའི་འཕྲུལ་སྣང་དྲག་རྩལ་ཅན་གྱིMMORPGདྲ་རྒྱའི་རོལ་རྩེད་ཅིག་ཡིན། ངོ་མཚར་བའི་འཇིག་རྟེན་གྱིས་འཕྲུལ་སྣང་གི་སྤྱི་ཚོགས་མ་ལག་ཧྲིལ་བོ་ཞིག་བཙུགས་ཡོད་ཅིང་། རྩེད་མོ་བ་ཚང་མས་རོལ་རྩེད་ཁྲོད་མི་ཚེ་གསར་བ་ཞིག་རོལ་མྱོང་བྱ་ཐུབ་པ་ཡིན། དགེ་སློབ་དང་བཟའ་ཟླ། ལས་ཚོགས་སོགས་སྤྱི་ཚོགས་ཀྱི་འབྲེལ་བས་རྩེད་མོ་བ་རྣམས་ལ། ནུས་པ་ཐོན་པའི་སྒོ་ནས་མཁར་རྒོལ་ས་འཕྲོག་དང་ལས་ཚོགས་འཐབ་འཁྲུག ཤེས་ཡོན་འཕེལ་རྒྱས། བྱེ་བྲག་པའི་འབྲེལ་འདྲིས་སོགས་འཕྲུལ་སྣང་གི་སྤྱི་ཚོགས་བྱ་འགུལ་ནང་དུ་ཞུགས་སུ་འཇུག་པ་ཡིན།

རིགས་དབྱེ།  

ངོ་མཚར་འཕུར་གྲུ།

ངོ་མཚར་འཕུར་གྲུ་ནི་ཐེང་ཞུན་རོལ་རྩེདQQའགྲན་འཁོར་གྱི་ཐོག་མའི་སྒྲིག་བཟོའི་ཚོགས་པ་ཐེན་མེ་དབྱི་ཡིའུ་ལས་སྒྲུབ་ཁང་གིས་གསར་སྤེལ་བྱས་པ་དང་། 4399ཁ་པར་རོལ་རྩེད་ཀྱི་དྲ་རྒྱ་སོགས་ལས་སྟེགས་གང་མང་གིས་མཉམ་དུ་འཁོར་སྐྱོད་ཚོང་གཉེར་བྱ་བའི་གཟུགས་བརྙན3Dལྡན་པའི་འགྲན་བྱེད་འཁོར་ལོའི་རིགས་ཀྱི་ཁ་པར་རོལ་རྩེད་ཅིག་ཡིན།

རིགས་དབྱེ།  

ཉེན་མཆོང་གླིང་ཕྲན།

ཉེན་མཆོང་གླིང་ཕྲན་ནི་རི་མོའི་ཐང་ག་འཕྲེད་དུ་ཡོད་པའི་དེང་རབས་རིས་འགུལ2Dཅན་གྱི་དྲ་རྒྱའི་རོལ་རྩེད་རིགས་ཤིག་ཡིན་ལ། རོལ་རྩེད་དེ་རོལ་རྩེད་ཀུང་ཟིWIZETདངNEXONབཟོས་པའི་ཐོན་རྫས་ཡིན་པ་དང་། རྒྱལ་སྤྱིའི་ཐུན་མོང་དུ་སྤྱོད་པའི་མིང་ནིMapleStoryཡིན་ཞིང་། ཀྲུང་གོའི་སྐམ་ས་ཆེན་པོ་ནས་གཟབ་རྒྱས་དྲ་རྒྱས་ལས་ཚབ་བྱས་ནས། མིང་ལ་ཉེན་མཆོང་གླིང་ཕྲན་ཞེས་བཏགས་ཡོད། ཉེན་མཆོང་གླིང་ཕྲན་གྱི་བསྐྱར་འགྱུར་བརྩམས་ཆོས་འགའ་ཡོད་ལ། འགུལ་རིས་བརྩམས་ཆོས་ལ《ཇ་སྡོང་སེར་པོ་ལོ་མའི་སྐད་ཆ》དང་། བཅོས་སྒྲིག་བྱས་པའི་དྲ་རྒྱའི་རོལ་རྩེད་ལས་བཀོལ་བའི་ཟུར་ཟའི་རི་མོ་ལ《ཇ་སྡོང་སེར་པོ་ལོ་མའི་མཚན་རྟགས》 གཞན་ཉེན་མཆོང་གླིང་ཕྲན་རིགས་ལ་དྲ་ངོས་རོལ་རྩེད་དང་ཁ་པར་རོལ་རྩེད་སོགས་རོལ་རྩེད་ཆུང་བ་ཁ་ཤས་ཡོད། ཉེན་མཆོང་གླིང་ཕྲན་གྱི་གཞུང་ཕྱོགས་ཀྱིས་ཉེན་མཆོང་གླིང་ཕྲན་གྱི་བརྩམས་ཆོས་མཐུད་མ་ཉེན་མཆོང་གླིང་ཕྲན་གཉིས་པ་ཡང་བཟོས་ཡོད།

རིགས་དབྱེ།  

ཉེན་མཆོང་དཔའ་རྟུལ།

ཉེན་མཆོང་དཔའ་རྟུལ་ནི་འདི་པེ་ཅིང་ཞང་སུའུ་མཉེན་ཆས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་ཟིས་ཞིབ་འཇུག་དང་གསར་སྤེལ་བྱས་ཤིང་། ཐེང་ཞུན་རོལ་རྩེད་ཀྱིས་ལས་ཚབ་འཁོར་སྐྱོད་ཚོང་གཉེར་བྱ་བའི་གོ་ལ་ཧྲིལ་བོའི་ཉེན་མཆོང་གི་དྲ་རྒྱའི་རོལ་རྩེད་ཅིག་ཡིན་ལ། རོལ་རྩེད་འདི་གོ་ལ་ཧྲིལ་བོའི་ཉེན་མཆོང་བརྗོད་གཞི་ཡིན་པའི་རྨང་གཞི་སྟེང་། དྲག་རྩལ་དང་འབོད་པའི་ཐ་སྙད་གསུམ་པས་མེ་མདའ་སོགས་འཕེན་པ། འཁྲབ་བྱའི་མི་སྣ་སོགས་འདུས་པའི་སྣ་མང་གི་རྩེད་ཐབས་དང་རྒྱུ་ལྡན་པའི་རོལ་རྩེད་ཅིག་ཡིན་པས། རྩེད་མོ་བ་ལ་ཉེན་མཆོང་གསར་བའི་དྲ་རྒྱའི་རོལ་རྩེད་ཀྱི་འགུག་ཤུགས་མངོན་པ་ཡིན།

རིགས་དབྱེ།  

ཐན་ཁེའི་འཇིག་རྟེན།

ཐན་ཁེའི་འཇིག་རྟེན་ནི་སྤྱི་ལོ2010ལོརWargamingཀུང་ཟི་ཡིས་གསར་སྤེལ་བྱས་པའི་འཐབ་འཁྲུག་རང་བཞིན་གྱི་རོལ་རྩེད་རིགས་ཤིག་ཡིན་ལ། རྩེད་མོ་བས་སྤྱི་ལོ1930ལོ་ནས་སྤྱི་ལོ1960ལོའི་བར་གྱི་འཐབ་འཁོར་བསྐོར་ནས་ཕན་ཚུན་འཐབ་འཁྲུག་བྱ་བ་དང་། འདི་ལ་ཚད་མཐོན་པོའི་དམག་ཐབས་དང་མཉམ་འབྲེལ་རང་བཞིན་ལྡན་དགོས། མིག་སྔར་སུའུ་ལིན་དང་འཇར་མན། ཨ་མེ་རི་ཁ། དབྱིན་ཇི། ཧྥ་རན་སི། ཀྲུང་གོ འཇར་པན་བཅས་ཀྱི་འཐབ་འཁོར་སོགས་རྩེད་མོ་བས་གང་འདོད་དུ་འདེམས་ཆོག་པ་དང་། མི་འགྱངས་པར་ཡོ་རོབ་གླིང་གི་མཉམ་འབྲེལ་ཚོགས་པ་དང་། དབྱི་ཐ་ལི། དབྱི་སེ་རལ་རྒྱལ་ཁབ་སོགས་ཀྱི་འཐབ་འཁོར་ཀྱང་རྩེད་མོའི་ཁྲོད་དུ་དྲངས་ནས་རྩེད་མོ་བས་རང་འདེམས་བྱས་ཆོག་ལ། འདི་ལྟར་རྩིས་བརྒྱབ་ན་འཐབ་འཁོར་ལྔ་བརྒྱ་ལྷག་ལ་སླེབས་ཐེབས་པ་ཡིན། རོལ་རྩེད་འདི་ནི་སྤྱི་ལོ2010ལོའི་ཟླ10བའི་ཚེས30ཉིན་ཨུ་རུ་སུ་ནས་ཐོག་མར་སྤེལ་བ་དང་། སྤྱི་ལོ2011ལོའི་ཟླ4བའི་ཚེས12ཉིན་མེ་གླིང་བྱང་མ་དང་ཡོ་རོབ་གླིང་ནས་སྤེལ་བ་ཡིན་ལ། རང་རྒྱལ་ནས་ཁུང་ཀྲུང་དྲ་རྒྱས་ལས་ཚབ་བྱས་ནས། སྤྱི་ལོ2011ལོའི་ཟླ3པའི་ཚེས15ཉིན་སྤེལ་བ་ཡིན་ཞིང་། མིག་སྔར་འཛམ་གླིང་སྟེང་རྩེད་མོ་བ་བྱེ་བ་དྲུག་ལྷག་ཙམ་ཡོད།

རིགས་དབྱེ།  

ཐབ་རྡོའི་ངག་རྒྱུན།

ཐབ་རྡོའི་ངག་རྒྱུན་ནི་པའོ་ཞུའེ་རོལ་རྩེད་ཀུང་ཟིས་གསར་སྤེལ་བྱས་པའི་འཐབ་ཇུས་རིགས་ཀྱི་དྲ་རྒྱའི་རོལ་རྩེད་ཅིག་ཡིན་ལ། ཀྲུང་གོའི་སྐམ་ས་ཆེན་པོ་རུ་འཁོར་སྐྱོད་ཚོང་གཉེར་བྱ་བའི་དབང་ཆ་ཝང་དབྱི་ཀུང་ཟི་ལ་གནང་ཡོད།

རིགས་དབྱེ།  

དགྲ་ལྷའི་གཡུལ་འགྱེད།

དགྲ་ལྷའི་གཡུལ་འགྱེད་ནི་ཐེང་ཞུན་རོལ་རྩེད་ཀྱི་ལིའང་ཙི་ལས་སྒྲུབ་ཁང་གིས་གསར་སྤེལ་བྱས་པ་དང་། ཐེང་ཞུན་རོལ་རྩེད་ཀྱིས་འཁོར་སྐྱོད་ཚོང་གཉེར་བྱ་བའི་མི་མང་པོས་དྲ་ཐོག་ནས་འཁྲབ་བྱའི་མི་སྣ་འཁྲབ་ཆོག་པའི་དྲ་རྒྱའི་རོལ་རྩེད་ཅིག་ཡིན། རོལ་རྩེད་འདི་མུན་ནག་རིགས་ལ་གཏོགས་པའི་དྲ་རྒྱའི་རོལ་རྩེད་ཡིན་ལ། ཐེང་ཞུན་རང་ཉིད་ཀྱིས་བཟོས་པའིAGEསྒུལ་བྱེད་འཕྲུལ་ཆས་བཀོལ་ནས་སྒྲིག་བཟོ་བྱས་པས། རྩེད་མོ་བ་ལ་ཤིན་ཏུ་ལེགས་པའི་འཐབ་འཁྲུག་གི་མྱོར་ཚོར་བསྐྲུན་པ་ཡིན།

རིགས་དབྱེ།  

དཔའ་རྟུལ་སུམ་བརྒྱ།

དཔའ་བོ་སུམ་བརྒྱ་ནི་ཧྲང་ཧའེ་ཐིའོ་ཡུའེ་དྲ་རྒྱ་ཚན་རྩལ་ཚད་ཡོད་ཀུང་ཟིས་ཞིབ་འཇུག་དང་གསར་སྤེལ་བྱས་ནས། ཧྲེན་ཀྲེན་ཀྲུང་ཆིང་པའོ་དྲ་རྒྱ་མ་རྐང་ཚད་ཡོད་ཀུང་ཟིས་འཁོར་སྐྱོད་ཚོང་གཉེར་བྱས་པའིDOTAརིགས་ཀྱི་དྲ་རྒྱའི་རོལ་རྩེད་ཅིག་ཡིན། རོལ་རྩེད་འདི7V7རུ་ཁག་བསྒྲིགས་ནས་ཕན་ཚུན་འཐབ་པ་གཙོར་བྱས་ནས། འགྱུར་མེད་ཀྱི་འཐབ་ར་དང་འགྱུར་མེད་ཀྱི་རྩལ་འགྲན་ར་བ་གཉིས་རྩེད་མོ་བ་རྣམས་ལ་རང་འདེམས་བྱ་རུ་བཅུག་ཆོག་པ་དང་། གཞན་སྤྲོ་གསེང་རྩེད་འཇོའི་རྩེད་ཐབས་ཀྱང་ཡོད་པ་ཡིན།

རིགས་དབྱེ།  

དཔའ་བོའི་མནའ་འབྲེལ།

དཔའ་བོའི་མནའ་འབྲེལ་ནི་ཨ་མེ་རི་ཁའིRiot Gamesཀུང་ཟི་ཡིས་བཟོས་པའི་རོལ་རྩེད་ཀྱི་ཐོན་རྫས་རིགས་ཤིག་ཡིན་ལ། ཐེང་ཞུན་རོལ་རྩེད་ཀྱིས་འགྲེམ་སྤེལ་བྱས་པའི་དཔའ་བོ་ཕན་ཚུན་འཐབ་པའི་དྲ་རྒྱའི་རོལ་རྩེད་རིགས་ཤིག་ཡིན། དཔའ་བོའི་མནའ་འབྲེལ་ལ་སྐབས་འཕྲལ་གྱི་འཐབ་ཇུས་དང་། ཚོགས་པས་དམག་འཐབ་ལས་གཞན། ད་དུང་ཁྱད་ཆོས་ལྡན་པའི་དཔའ་བོ་དང་། རང་འགུལ་གྱིས་སྙོམ་སྒྲིག་བྱ་བའི་དྲ་ཐོག་གི་དམག་འཐབ་བྱེད་པའི་སྟེགས་བུ་བཅས་ཡོད་ལ། དེའི་ཁོངས་སུ་བློ་གྲོས་ཀྱི་སྡོང་བོ་དང་། འགུག་འབོད་པའི་མ་ལག མཐུ་ཡིག་སོགས་མ་རྒྱུ་འདུ་བ་ཡིན།

རིགས་དབྱེ།  

དཔའ་བོའི་རྣོ་ངར།

དཔའ་བོའི་རྣོ་ངར་ནི་ཝང་ལུང་ཀུང་ཟིས་གསར་སྤེལ་དང་། ཐེང་ཞུན་ཀུང་ཟིས་ལས་ཚབ་བྱས་པའིMOBAརིགས་ཀྱི་དྲ་རྒྱའི་རོལ་རྩེད་ཅིག་ཡིན་ལ། རོལ་རྩེད་འདིDOTAརོལ་རྩེད་ཀྱི་ཁྱད་ཆོས་རྨང་གཞི་བྱས་པ་དང་། ཝང་ལུང་ཀུང་ཟིས་ཞིབ་འཇུག་དང་གསར་སྤེལ་བྱས་པའིS3སྒུལ་བྱེད་འཕྲུལ་ཆས་བཀོལ་ནས། ཀྲུང་གོའི་ཁྱད་ཆོས་དང་གནའ་དེང་གི་དཔའ་བོའི་འཐབ་འཛིང་འཛོམས་པའི་དྲ་རྒྱའི་རོལ་རྩེད་ཅིག་ཡིན།

རིགས་དབྱེ།