གནམ་འོག3
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གནམ་འོག3
གནམ་འོག3ནི་ཝང་དབྱི་ཀུང་ཟིས་ཞིབ་འཇུག་དང་གསར་སྤེལ་བྱས་པའི་རང་རྒྱལ་གྱི་ཁྱད་ཆོས་ལྡན་པའི་འཕྲུལ་སྣང3Dཅན་གྱི་དྲ་རྒྱའི་རོལ་རྩེད་ཅིག་ཡིན་ལ། ཧྥེང་ཞའོ་ཀང་གིས་སྣེ་ཁྲིད་པའི་རང་རྒྱལ་གྱི་ཁྱད་ཆོས་ལྡན་པའི་མཁས་པའི་དབང་བོ་ཚོགས་པས་ཞང་ཀོ་ལི་ལ་ལས་སྒྲུབ་ཁང་ལ་མཉམ་འབྲེལ་བྱས་པ་ཡིན་ཞིང་། རོལ་རྩེད་ཁྲོད་ཕྱོགས་ཁག་ཆེན་པོ་བཅུ་དང་ལྷའི་བཅིབས་པ་བཅུ་གཉིས་ཡོད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
天下3
རོལ་རྩེད་ཀྱི་རིགས།
MMORPG
གསར་སྤེལ་ཀུང་ཟི།
ཝང་དབྱི་རོལ་རྩེད།
འགྲེམ་སྤེལ་ཀུང་ཟི།
ཝང་དབྱི་རོལ་རྩེད།
འགྲེམ་སྤེལ་གྱི་དུས།
སྤྱི་ལོ2013ལོའི་ཟླ12བའི་ཚེས5ཉིན་དང་སྤྱི་ལོ2014ལོའི་ཟླ12བའི་ཚེས4ཉིན།
རོལ་རྩེད་ཀྱི་གཟུགས་བརྙན།
3D
1 ངོ་སྤྲོད།

གནམ་འོག3ནི་ཝང་དབྱི་ཀུང་ཟིས་ཞིབ་འཇུག་དང་གསར་སྤེལ་བྱས་པའི་རང་རྒྱལ་གྱི་ཁྱད་ཆོས་ལྡན་པའི་འཕྲུལ་སྣང3Dཅན་གྱི་དྲ་རྒྱའི་རོལ་རྩེད་ཅིག་ཡིན་ལ།   ཧྥེང་ཞའོ་ཀང་གིས་སྣེ་ཁྲིད་པའི་རང་རྒྱལ་གྱི་ཁྱད་ཆོས་ལྡན་པའི་མཁས་པའི་དབང་བོ་ཚོགས་པས་ཞང་ཀོ་ལི་ལ་ལས་སྒྲུབ་ཁང་ལ་མཉམ་འབྲེལ་བྱས་པ་ཡིན་ཞིང་།    རོལ་རྩེད་ཁྲོད་ཕྱོགས་ཁག་ཆེན་པོ་བཅུ་དང་ལྷའི་བཅིབས་པ་བཅུ་གཉིས་ཡོད་པ་ཡིན།

2 རོལ་རྩེད་ཀྱི་རྩེད་ཐབས།

1.PVPརྩེད་ཐབས།

⑴.མཁར་གྲོང་གི་དམག་འཐབ།

⑵.པ་ཧྲུའུ་དམག་སྦྱོང་ར་བ།

⑶.རྩལ་འགྲན་ར་བ།

2.སྟོབས་ཤུགས་ཆེ་བའི་རྩེད་ཐབས།

⑴.སྟོབས་ཤུགས་ཆེ་བའི་དམག་འཐབ་ལ་ཞུགས་པར་རེ་ཞུ་བྱ་བ།

⑵.སྟོབས་ཤུགས་ཆེ་བའི་དམག་བརྡ་གཏོང་བ་དང་དམག་འཚམས་འཇོག་པ།

⑶.གནམ་ལ་མཆོད་པའི་སྟེགས་བུ་བཙན་བཟུང་བྱ་བ།

⑷.གནམ་ལ་མཆོད་པའི་དར་ཆ་བཙན་བཟུང་བྱ་བ།

⑸.དཀྱིལ་གྱི་རྒྱལ་ཁ།

⑹.སྟོབས་ཤུགས་ཆེ་བའི་དམག་འཐབ་མཇུག་རྫོགས་པ།

3.རྩེད་ཐབས་གཞན་པ།     འདི་ལ་ཕྱོགས་ཁག་ཆེན་པོ་བཅུར་འགྲན་སློང་བ་དང་ཤིང་གི་འཐབ་ར་འཛུགས་པ་སོགས་མང་པོ་ཡོད་པ་ཡིན།

3 སྤྱི་ཚོགས་ཀྱི་འབྲེལ་བའི་མ་ལག

1.གཉེན་སྒྲིག་གི་མ་ལག      རྩེད་མོ་བ་ཕོ་མོ་གཉིས་ཀའི་རིམ་གྲངས་སུམ་བཅུ་ལ་ཐོན་པ་དང་།    གཉིས་ཀའི་མཛའ་བརྩེ་ཡི་ཚད་ངེས་ཅན་ལ་སླེབས་རྗེས།    གཉེན་སློང་བ་དང་གཉེན་སྒྲིག་པ་བཅས་བྱས་ཆོག་པ་ཡིན།  

2.མནའ་བོར་སྤུན་སྒྲིག་གི་མ་ལག     རོལ་རྩེད་ཁྲོད།    རྩེད་མོ་བས་དམག་འཐབ་དང་ཁ་བརྡ་སོགས་བརྒྱུད་ནས་མཛའ་བརྩེ་ཡི་ཚད་ཐོབ་པ་ཡིན་ཞིང་།    མཛའ་བརྩེ་ཡི་ཚད་གྲངས་ངེས་ཅན་ཞིག་ལ་ཐོན་ན།    གཉེན་སྒྲིག་པའམ་མནའ་བོར་སྤུན་སྒྲིག་བྱས་ཆོག་པ་ཡིན།    མནའ་བོར་སྤུན་སྒྲིག་བྱས་པ་རྗེས་ཀྱི་རྩེད་མོ་བ་ལ་མིང་གསར་བ་དང་དམག་འཐབ་ཀྱི་བྱ་དགའ་ཐོབ་པ་ཡིན།

4 ལས་འགན་དབྱེ་སྟངས།

1.སྣ་མང་གི་ལས་འགན།     ལས་འགན་འདིའི་ནང་གསེར་མདོག་གི་ལས་འགན་དང་ཁ་དོག་སྔོན་པོའི་ལས་འགན།    སྨུག་པོའི་ལས་འགན།   ལྗང་ཁུའི་ལས་འགན།     སྐྱ་བོའི་ལས་འགན།    དམར་པོའི་ལས་འགན་བཅས་ཡོད་པ་ཡིན།

2.གཟའ་རྒྱུན་གྱི་ལས་འགན།     ལས་འགན་འདིའི་ནང་ལྷ་གསུམ་བདུད་དྲུག་དང་ཏ་ཧོང་དམག་སྦྱོང་ར་བ།     སྐྱབས་འཇུག་ཞུས་ནས་གནམ་གྱི་ཁུང་བུར་ཞིག་གསོ་བྱ་བ་སོགས་མང་པོ་ཡོད་པ་ཡིན།

3.ཉིན་རྒྱུན་གྱི་ལས་འགན།     ལས་འགན་འདིའི་ནང་སྙན་ངག་དང་ཆང་།   སྐྱིད་སྣང་བག་ཡངས་ཀྱི་ལས་འགན།    ཏ་ཧོང་ཟས་མཆོག་ཟས་ཐོ།    ཕྱོགས་ཁག་གཅིག་གི་དགེ་ཕྲུག་བརྩེ་བ།    རྟ་མཆོག་ལྕག་གིས་སྐུལ་བ་སོགས་ལས་འགན་མང་པོ་ཡོད་པ་ཡིན།

གོང་གི་ལས་འགན་འདི་དག་ལས་གཞན་ད་དུང་ཁྱད་ཆོས་ཅན་གྱི་ལས་འགན་དང་གཟའ་མཇུག་གི་ལས་འགན་བཅས་ཡོད་པ་ཡིན།    


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-15

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།