ཁྲི་པི་གཡུལ་འགྱེད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁྲི་པི་གཡུལ་འགྱེད།
ཁྲི་པི་གཡུལ་འགྱེད་ནི་ཀྲུའུ་ཧའེ་ཆན་ཡིའུ་ཚན་རྩལ་ཚད་ཡོད་ཀུང་ཟིས་ཞིབ་འཇུག་དང་གསར་སྤེལ་བྱས་པའི་གཟུགས་བརྙན2.5Dཅན་གྱི་སྐབས་འཕྲལ་འཐབ་འཛིང་དངMMORPGརིགས་ཀྱི་དྲ་རྒྱའི་རོལ་རྩེད་ཅིག་ཡིན་ལ། རོལ་རྩེད་འདིའི་རྒྱབ་ལྗོངས་ནི་ཀྲུང་གོའི་ལོ་རྒྱུས་ཐོག་ཉུང་བས་མང་བ་ཕམ་པར་བྱས་པའི་གཡུལ་འགྱེད་ཆེན་མོ་ཁྲི་པི་གཡུལ་འགྱེད་ཡིན་ཞིང་། རོལ་རྩེད་ཁྲོད་ཀྱི་ལས་རིགས་སྒྲིག་བཀོད་ནི་རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད་ནང་གི་དམག་དཔོན་དག་དྲངས་ཡོད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
赤壁之战
རོལ་རྩེད་ཀྱི་རིགས།
སྐབས་འཕྲལ་འཐབ་འཛིང་དངMMORPG
གསར་སྤེལ་ཀུང་ཟི།
ཀྲུའུ་ཧའེ་ཆན་ཡིའུ་ཚན་རྩལ་ཚད་ཡོད་ཀུང་ཟི།
འགྲེམ་སྤེལ་ཀུང་ཟི།
ཀྲུའུ་ཧའེ་ཆན་ཡིའུ་ཚན་རྩལ་ཚད་ཡོད་ཀུང་ཟི།
འགྲེམ་སྤེལ་གྱི་དུས།
སྤྱི་ལོ2014ལོའི་ཟླ5བའི་ཚེས9ཉིན།
རོལ་རྩེད་ཀྱི་གཟུགས་བརྙན།
2.5D
1 ངོ་སྤྲོད།

ཁྲི་པི་གཡུལ་འགྱེད་ནི་ཀྲུའུ་ཧའེ་ཆན་ཡིའུ་ཚན་རྩལ་ཚད་ཡོད་ཀུང་ཟིས་ཞིབ་འཇུག་དང་གསར་སྤེལ་བྱས་པའི་གཟུགས་བརྙན2.5Dཅན་གྱི་སྐབས་འཕྲལ་འཐབ་འཛིང་དངMMORPGརིགས་ཀྱི་དྲ་རྒྱའི་རོལ་རྩེད་ཅིག་ཡིན་ལ།    རོལ་རྩེད་འདིའི་རྒྱབ་ལྗོངས་ནི་ཀྲུང་གོའི་ལོ་རྒྱུས་ཐོག་ཉུང་བས་མང་བ་ཕམ་པར་བྱས་པའི་གཡུལ་འགྱེད་ཆེན་མོ་ཁྲི་པི་གཡུལ་འགྱེད་ཡིན་ཞིང་།    རོལ་རྩེད་ཁྲོད་ཀྱི་ལས་རིགས་སྒྲིག་བཀོད་ནི་རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད་ནང་གི་དམག་དཔོན་དག་དྲངས་ཡོད་པ་ཡིན།

2 རོལ་རྩེད་ཀྱི་མ་ལག

1.དམག་ཆས་ཀྱི་མ་ལག    ཁྲི་པི་གཡུལ་འགྱེད་ཁྲོད་དམག་ཆས་རིགས་ལ་གནས་ས་གཙོ་བོ་དང་གནས་ས་ཕལ་བ།    རང་དབང་གནས་ས།    རིན་པོ་ཆེའི་གནས་ས་བཅས་རིགས་བཞི་ཡོད་ལ།    གནས་ས་གཙོ་བོའི་ནང་མཚོན་ཆ་དང་གོན་པ།   རྐང་སྣམ།   སྐ་རགས་བཅས་ཡོད་པ་དང་།    གནས་ས་ཕལ་བའི་ནང་ཞྭ་མོ་དང་ལག་ཤུབས།    དཔུང་ཤུབས།    ལྷམ་བཅས་དང་།    རང་དབང་གནས་སའི་ནང་སོར་གདུབ་དང་སྐེ་རྒྱན།    བེར་ཆེན་བཅས།    རིན་པོ་ཆེའི་གནས་སའི་ནང་གཤོག་པ་དང་རལ་གྲི་བཅས་ཡོད་པ་ཡིན།

2.བཅིབས་པའི་མ་ལག     རོལ་རྩེད་ཁྲོད་རི་ལས་མར་བབས་པའི་ལས་འགན་ལེགས་འགྲུབ་བྱས་ན་རྟེའུ་ཞིག་གི་བྱ་དགའ་སྟེར་བ་དང་།    ལེ་བར་སྟོང་ཆོད་ཀྱི་རྟེའུ་ལས་འགན་ལེགས་འགྲུབ་བྱས་ན་དཔུང་ཚོགས་ཀྱི་དམག་རྟ་ཞིག་གི་བྱ་དགའ་ཐོབ་པ་ཡིན།

3.དཔུང་ཚོགས་ཀྱི་མ་ལག    རོལ་རྩེད་ཁྲོད་རྩེད་མོ་བའི་རིམ་གྲངས་སུམ་ཅུ་ལ་ཐོན་ན།    སྲིད་འཛིན་དཔོན་པོ་ཡོད་སར་སོང་ནས་དཔུང་ཚོགས་འཛུགས་པའི་རེ་ཞུ་ཞུས་ཆོག་པ་ཡིན།

4.དམག་དཔོན་གཞོན་པའི་མ་ལག    རོལ་རྩེད་ཁྲོད་རྩེད་མོ་བས་ཐོག་མར་འགོ་བརྩམས་དུས་དམག་དཔོན་གཞོན་པ་བརྒྱ་ཡི་ཤོག་བྱང་བཟུང་ཆོག་པ་ཡིན།

5.རྒྱལ་ཁབ་ཀྱི་མ་ལག     རོལ་རྩེད་ཁྲོད་རྒྱལ་ཁབ་ཀྱི་མ་ལག་ལ་བསྡོམས་པས་རྒྱལ་ཁབ་གསུམ་ཡོད་ལ།   དེ་དག་ནི་ཝེ་རྒྱལ་ཁབ་དང་ཧྲུའུ་རྒྱལ་ཁབ།    ཝུའུ་རྒྱལ་ཁབ་བཅས་ཡིན་ཞིང་།   རྩེད་མོ་བ་ཐོག་དང་པོར་རོལ་རྩེད་ཁྲོད་ཞུགས་ནས་རང་ཉིད་ཀྱི་འཁྲབ་བྱའི་མི་སྣ་བདམས་དུས་དེའི་སྐྱེས་གནས་ཀྱི་རྒྱལ་ཁབ་འདེམས་དགོས་པ་མ་ཟད།    རྒྱལ་ཁབ་དེའི་ཆེད་དམག་འཁྲུག་རྒྱག་དགོས་པ་ཡིན།

6.ཚོགས་པ་བསྒྲིགས་པའི་མ་ལག    རོལ་རྩེད་ཁྲོད་ལས་འགན་དཀའ་མོ་ལ་འཕྲད་ཚེ།   རང་གིས་ཚོགས་པ་བཙུགས་ཏེ་རྩེད་གྲོགས་དང་མཉམ་དུ་ལས་འགན་བསྒྲུབ་དུ་སོང་ཆོག་པ་ཡིན།

7.ཉོ་ཚོང་གི་མ་ལག     རོལ་རྩེད་ཁྲོད་ཉོ་ཚོང་གི་རིགས་ལ་རྣམ་པ་གཉིས་ཡོད་དེ།    རིགས་གཅིག་ནི་གདོང་དང་གདོང་གཏུག་ཏེ་ཡུལ་དངོས་སུ་ཉོ་ཚོང་བྱ་བ་ཡིན་པ་དང་།   རིགས་གཅིག་ནི་ཚོང་སྡེམ་བཤམས་ནས་ཉོ་ཚོང་བྱ་བ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-15

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།