དཔའ་བོའི་མནའ་འབྲེལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དཔའ་བོའི་མནའ་འབྲེལ།
དཔའ་བོའི་མནའ་འབྲེལ་ནི་ཨ་མེ་རི་ཁའིRiot Gamesཀུང་ཟི་ཡིས་བཟོས་པའི་རོལ་རྩེད་ཀྱི་ཐོན་རྫས་རིགས་ཤིག་ཡིན་ལ། ཐེང་ཞུན་རོལ་རྩེད་ཀྱིས་འགྲེམ་སྤེལ་བྱས་པའི་དཔའ་བོ་ཕན་ཚུན་འཐབ་པའི་དྲ་རྒྱའི་རོལ་རྩེད་རིགས་ཤིག་ཡིན། དཔའ་བོའི་མནའ་འབྲེལ་ལ་སྐབས་འཕྲལ་གྱི་འཐབ་ཇུས་དང་། ཚོགས་པས་དམག་འཐབ་ལས་གཞན། ད་དུང་ཁྱད་ཆོས་ལྡན་པའི་དཔའ་བོ་དང་། རང་འགུལ་གྱིས་སྙོམ་སྒྲིག་བྱ་བའི་དྲ་ཐོག་གི་དམག་འཐབ་བྱེད་པའི་སྟེགས་བུ་བཅས་ཡོད་ལ། དེའི་ཁོངས་སུ་བློ་གྲོས་ཀྱི་སྡོང་བོ་དང་། འགུག་འབོད་པའི་མ་ལག མཐུ་ཡིག་སོགས་མ་རྒྱུ་འདུ་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
英雄联盟
ཐོག་མའི་མིང་།
League of Legends
མིང་གཞན།
lol
རོལ་རྩེད་ཀྱི་རིགས།
ཐབས་ཇུས་དང་རྩལ་འགྲན།
གསར་སྤེལ་ཀུང་ཟི།
Riot Games
འགྲེམ་སྤེལ་ཀུང་ཟི།
ཐེང་ཞུན་རོལ་རྩེད།
འགྲེམ་སྤེལ་གྱི་དུས།
རང་རྒྱལ་དུ་སྤྱི་ལོ2011ལོའི་ཟླ9བའི་ཚེས22ཉིན། ཨ་རིར་སྤྱི་ལོ2009ལོའི་ཟླ4བའི་ཚེས10ཉིན།
རོལ་རྩེད་ཀྱི་གཟུགས་བརྙན།
3D
1 ངོ་སྤྲོད།

དཔའ་བོའི་མནའ་འབྲེལ་ནི་ཨ་མེ་རི་ཁའིRiot Gamesཀུང་ཟི་ཡིས་བཟོས་པའི་རོལ་རྩེད་ཀྱི་ཐོན་རྫས་རིགས་ཤིག་ཡིན་ལ།    ཐེང་ཞུན་རོལ་རྩེད་ཀྱིས་འགྲེམ་སྤེལ་བྱས་པའི་དཔའ་བོ་ཕན་ཚུན་འཐབ་པའི་དྲ་རྒྱའི་རོལ་རྩེད་རིགས་ཤིག་ཡིན།    དཔའ་བོའི་མནའ་འབྲེལ་ལ་སྐབས་འཕྲལ་གྱི་འཐབ་ཇུས་དང་།   ཚོགས་པས་དམག་འཐབ་ལས་གཞན།   ད་དུང་ཁྱད་ཆོས་ལྡན་པའི་དཔའ་བོ་དང་།    རང་འགུལ་གྱིས་སྙོམ་སྒྲིག་བྱ་བའི་དྲ་ཐོག་གི་དམག་འཐབ་བྱེད་པའི་སྟེགས་བུ་བཅས་ཡོད་ལ།    དེའི་ཁོངས་སུ་བློ་གྲོས་ཀྱི་སྡོང་བོ་དང་།  འགུག་འབོད་པའི་མ་ལག    མཐུ་ཡིག་སོགས་མ་རྒྱུ་འདུ་བ་ཡིན།

2 རོལ་རྩེད་ཀྱི་མ་ལག

1.སྙོམ་སྒྲིག་གི་མ་ལག

⑴.ལས་དང་པོ་བ་ལ་ལག་བྱང་མའི་ཐུབ་ཚོད་བྱ་མི་ཐུབ་པར་བྱེད་པ་དང་།   ལག་བྱང་མའི་འཐབ་རའི་ཁྲོད་དུ་ལས་དང་པོ་བ་མེད་པ།

⑵.འདྲ་མཉམ་དང་རྩལ་འགྲན་གྱི་རོལ་རྩེད་འཐབ་ར་འཛུགས་པ་དང་།   དེས་རྩེད་མོ་བ་ལ་རོལ་རྩེད་ཁྲོད་ཀྱི་སྤྲོ་སྣང་སྟེར་བ་ཡིན།

⑶.ཡུན་རིང་དུ་སྒུག་མི་དགོས་པར་མགྱོགས་མྱུར་ངང་འཐབ་གྲོགས་བཙལ་ཐུབ་པ་ཡིན།

2.བློ་གྲོས་ཀྱི་མ་ལག

བློ་གྲོས་ཀྱི་ནུས་རྩལ་ལ་ཕར་རྒོལ་གྱི་རིགས་དང་འགོག་སྲུང་གི་རིགས།   ཐུན་མོང་དུ་སྤྱོད་པའི་རིགས་སོགས་ཡོད།

3.མཐུ་ཡིག་གི་མ་ལག

མཐུ་ཡིག་གི་མ་ལག་གིས་འགུག་འབོད་པའི་ནུས་པ་རེ་རེ་ཤུགས་ཆེ་རུ་གཏོང་བར་བྱ་ལ།   མཐུ་ཡིག་གི་མདོག་ལ་དམར་པོ་དང་སྔོན་པོ།   སེར་པོ།    སྨུག་པོ་བཅས་ཡོད།

4.རྩེད་གྲོགས་ཀྱི་མ་ལག

རྩེད་གྲོགས་ཀྱི་མ་ལག་འདིའི་ནང་རང་གི་རྩེད་གྲོགས་གང་ཞིག་དྲ་ཐོག་ན་ཡོད་པའམ་གང་ཞིག་མེད་པ་མཐོང་ཐུབ་པར་མ་ཟད།  རོལ་རྩེད་ཁྲོད་རང་གི་རྩེད་གྲོགས་དང་མཉམ་དུ་རོལ་རྩེད་ལ་རོལ་བའམ་ཡང་ན་ཕན་ཚུན་ཁ་བརྡ་ཡང་བྱས་ཆོག   

5.དམག་འཐབ་ལ་ཟུར་ནས་ལྟ་བའི་རྣམ་པ།

མ་ལག་འདིས་རང་གི་རྩེད་གྲོགས་སམ་ཡང་ན་མི་གཞན་གྱི་དམག་འཐབ་བྱེད་པ་ལ་ལྟ་ཐུབ་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-15

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།