གྲི་རྩལ་མཁས་པའི་བརྩེ་བ3
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གྲི་རྩལ་མཁས་པའི་བརྩེ་བ3
གྲི་རྩལ་མཁས་པའི་བརྩེ་བ3ནི་ཅིན་ཧྲན་མཉེན་ཆས་ཞི་ཧྲན་ཅུས་ལས་སྒྲུབ་ཁང་གིས་གསར་སྤེལ་བྱས་པ་དང་། ཅིན་ཧྲན་གྱིས་འཁོར་སྐྱོད་ཚོང་གཉེར་བྱས་པའི་གཟུགས་བརྙན3Dལྡན་པའི་བདེན་འཛིན་དཔའ་བོའི་འཁྲབ་བྱའི་མི་སྣ་ཅན་གྱི་དྲ་རྒྱའི་རོལ་རྩེད་ཅིག་ཡིན། རོལ་རྩེད་འདིར་ཁྱབ་རྒྱ་ཆེ་བའི་ས་དབྱིབས་སྔོ་ཁེབས་ལ་ཚོན་དབྱུག་པའི་ལག་རྩལ་དངSpeedTreeསྒུལ་བྱེད་འཕྲུལ་ཆས་ཀྱི་ཁྱད་ནུས་བཀོལ་ནས། ཀྲུང་གོའི་སྲོལ་རྒྱུན་གྱི་བདེན་འཛིན་དཔའ་བོའི་འཇིག་རྟེན་ཞིག་མངོན་ཞིང་། སྙན་ངག་དང་གླུ་གར། དར་གོས། གནའ་བོའི་སྒྲ་སྙན། ཆང་འཐུང་བའི་རིག་གནས། གླུ་དབྱངས་སོགས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་རིག་གནས་རོལ་རྩེད་ཁྲོད་བཀོལ་ནས། རྩེད་མོ་བ་ལ་ཧ་ཅང་མཚར་སྡུག་བཀྲ་བའི་ཐང་ཆེན་མོའི་འཇིག་རྟེན་ཞིག་མངོན་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
剑侠情缘网络版叁
རོལ་རྩེད་ཀྱི་རིགས།
MMORPG
གསར་སྤེལ་ཀུང་ཟི།
ཅིན་ཧྲན་ཞི་ཧྲན་ཅུས་ལས་སྒྲུབ་ཁང་།
འགྲེམ་སྤེལ་ཀུང་ཟི།
ཅིན་ཧྲན་མཉེན་ཆས།
འགྲེམ་སྤེལ་གྱི་དུས།
སྤྱི་ལོ2009ལོའི་ཟླ8པའི་ཚེས28ཉིན།
རོལ་རྩེད་ཀྱི་གཟུགས་བརྙན།
3D
1 ངོ་སྤྲོད།

གྲི་རྩལ་མཁས་པའི་བརྩེ་བ3ནི་ཅིན་ཧྲན་མཉེན་ཆས་ཞི་ཧྲན་ཅུས་ལས་སྒྲུབ་ཁང་གིས་གསར་སྤེལ་བྱས་པ་དང་།    ཅིན་ཧྲན་གྱིས་འཁོར་སྐྱོད་ཚོང་གཉེར་བྱས་པའི་གཟུགས་བརྙན3Dལྡན་པའི་བདེན་འཛིན་དཔའ་བོའི་འཁྲབ་བྱའི་མི་སྣ་ཅན་གྱི་དྲ་རྒྱའི་རོལ་རྩེད་ཅིག་ཡིན།     རོལ་རྩེད་འདིར་ཁྱབ་རྒྱ་ཆེ་བའི་ས་དབྱིབས་སྔོ་ཁེབས་ལ་ཚོན་དབྱུག་པའི་ལག་རྩལ་དངSpeedTreeསྒུལ་བྱེད་འཕྲུལ་ཆས་ཀྱི་ཁྱད་ནུས་བཀོལ་ནས།   ཀྲུང་གོའི་སྲོལ་རྒྱུན་གྱི་བདེན་འཛིན་དཔའ་བོའི་འཇིག་རྟེན་ཞིག་མངོན་ཞིང་།   སྙན་ངག་དང་གླུ་གར།    དར་གོས།    གནའ་བོའི་སྒྲ་སྙན།    ཆང་འཐུང་བའི་རིག་གནས།   གླུ་དབྱངས་སོགས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་རིག་གནས་རོལ་རྩེད་ཁྲོད་བཀོལ་ནས།    རྩེད་མོ་བ་ལ་ཧ་ཅང་མཚར་སྡུག་བཀྲ་བའི་ཐང་ཆེན་མོའི་འཇིག་རྟེན་ཞིག་མངོན་པ་ཡིན།

2 མ་ལག་གི་ཁྱད་ཆོས།

1.དྲག་རྩལ་གྱི་ངོ་སྤྲོད་མདོར་བསྡུས།

⑴.རྒྱལ་ཁམས་ཁྲོད་ཀྱི་དྲག་རྩལ།

⑵.ཕྱོགས་ཁག་གི་དྲག་རྩལ།

⑶.དྲག་རྩལ་གྱི་རྒྱག་ཐབས།

2.དངོས་པོའི་དམག་ཆས།     རོལ་རྩེད་ཁྲོད་ལས་འགན་སྒྲུབ་ནས་དམག་ཆས་ཐོབ་པ་ཡིན་ལ།    རང་གིས་དམག་ཆས་དེ་དག་ཤུགས་ཇེ་དྲག་ཏུ་བཏང་ནས་འཐབ་འཛིང་ཁྲོད་བཀོལ་ཆོག་པ་ཡིན།

3.སྤྱི་ཚོགས་ཀྱི་འབྲེལ་བ།    རོལ་རྩེད་ཁྲོད་རྩེད་མོ་བས་རྩེད་མོ་བ་གཞན་དང་ཁ་བརྡ་བྱ་ཆོག་པ་ཡིན།

4.ལས་འགན་གྱི་མ་ལག    སྣ་མང་ཕུན་སུམ་ཚོགས་པའི་ལས་འགན་གྱིས་རྩེད་མོ་བ་ལ་རོལ་རྩེད་ཁྲོད་གསོན་ཤུགས་རྒྱས་སུ་འཇུག་པ་ཡིན།

5.མཁར་རྒོལ་གྱི་མ་ལག      མཁར་གྲོང་འཕྲོག་རྩོད་དང་མཁར་གྲོང་ལ་ཕར་རྒོལ་བྱ་བ་འདིས་རྩེད་མོ་བ་ལ་རྩེད་ཐབས་རྣམ་པ་གསར་བ་ཞིག་སྟེར་བ་ཡིན་ལ།     འདིའི་ཁྲོད་རང་གི་ནུས་རྩལ་ལས་གཞན་ལག་ཆ་གཞན་པའང་བཀོལ་ཆོག་པ་ཡིན།

6.གཅེས་ནོར་སྲོག་ཆགས་ཀྱི་མ་ལག    རོལ་རྩེད་འདིའི་ཁྲོད་ཀྱི་གཅེས་ནོར་སྲོག་ཆགས་ནི་རྒྱལ་ཁམས་སྐྱེས་ཁམས་ཀྱི་གྲུབ་ཆ་གལ་ཆེན་ཡིན་ཞིང་།    འདི་དག་ལ་འདབ་ཆགས་རིགས་དང་གཅན་གཟན་རིགས།    ཉ་རིགས་སོགས་མང་པོ་ཡོད་པ་ཡིན།    གཅེས་ནོར་སྲོག་ཆགས་འདི་དག་འཐབ་འཛིང་ཁྲོད་དུ་བཀོལ་མི་ནུས་པ་ཡིན།

7.དགེ་སློབ་ཀྱི་མ་ལག       རྩེད་མོ་བའི་རིམ་གྲངས་དགུ་བཅུའི་ཡན་ཅན་ལ་སློབ་མ་བསྡུ་བའི་དབང་ཆ་ཡོད་པ་ཡིན།      འདི་དག་ལས་གཞན་བཙོན་ཁང་གི་མ་ལག་དང་རིན་པོ་ཆེ་བརྐོ་བའི་མ་ལག    རིན་པོ་ཆེ་བཙོ་སྦྱངས་ཀྱི་མ་ལག་སོགས་ཐུན་མོང་མ་ཡིན་པའི་མ་ལག་མང་པོ་ལྡན་པ་ཡིན།

གོང་གི་མ་ལག་འདི་དག་ལས་གཞན་ད་དུང་མ་ལག་མང་པོ་ཞིག་ཡོད་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-15

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།