ཡོངས་འཛིན་རིག་མཛོད། >འཚོ་བ། >སྤྲོ་གསེང་། >སྤྲོ་གསེང་།

སྤྲོ་གསེང་ཞོར་ཟས།

སྤྲོ་གསེང་ཞོར་ཟས་ནི་མི་རྣམས་ཀྱིས་བར་གསེང་གི་དུས་དང་ངལ་གསོའི་དུས་སུ་བཟའ་བའི་ཟས་རིགས་ཤིག་ཡིན་པ་དང་། དེའི་ཁོངས་ལ་ཤུན་མཁྲེགས་ཤིང་ཏོག་དང་ཀ་ར་གོ་སྲབ། ཏན་ཞིམ། ཙོ་རིལ་རིགས་ཀྱི་ཟས་རིགས། བྱེ་རིལ། ཞོ། སྲན་མའི་རིགས། མངར་སྦངས་ཁ་ཟས། སིལ་སྐམ། ཉའི་རིགས། ཤ་རྒྱུའི་ཟས་རིགས་སོགས་དང་། གཞན་ཇ་འཐུང་བ་སོགས་ཚང་མ་སྤྲོ་གསེང་ཞོར་ཟས་ཀྱི་ཁོངས་སུ་གཏོགས། དེ་ཡང་འཚོ་བའི་ཆུ་ཚད་ཇེ་མཐོར་ཕྱིན་པ་དང་བསྟུན། སྤྲོ་གསེང་ཞོར་ཟས་ལའང་མི་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ་པ་ཡིན་ལ། དཔལ་འབྱོར་འཕེལ་རྒྱས་དང་མཛད་སྤྱོད་ཆུ་ཚད་ཇེ་མཐོར་སོང་བ་དང་བསྟུན། སྤྲོ་གསེང་ཞོར་ཟས་ཏེ་མི་དམངས་མང་ཚོགས་ཀྱི་དགོས་ངེས་ཀྱི་མཛད་སྤྱོད་བྱ་ཡུལ་དུ་གྱུར་བ་དང་།

རིགས་དབྱེ།   འཚོ་བ།སྤྲོ་གསེང་།

སྤྲོ་གསེང་དཔལ་འབྱོར།

སྤྲོ་གསེང་དཔལ་འབྱོར་ནི་མི་རྣམས་ཀྱིས་སྤྲོ་གསེང་ཁྲོད་ཀྱི་འཛད་སྤྱོད་དང་། སྤྲོ་གསེང་སྐབས་ཀྱི་སེམས་ཁམས། སྤྲོ་གསེང་སྐབས་ཀྱི་བྱ་སྤྱོད། སྤྲོ་གསེང་གི་དགོས་མཁོ་སོགས་རྟོག་ཞིབ་དམིགས་བྱ་རུ་བཟུང་ནས། མིའི་རང་གཤིས་དང་། སྣ་མང་རང་བཞིན། རྒྱུ་མང་རང་བཞིན་འཕེལ་རྒྱས་ཀྱི་དགོས་མཁོ་བསྐང་བ་དམིགས་ཡུལ་དུ་འཛིན་པ་དང་། ཐོན་སྐྱེད་མ་ལག་དང་འཇིག་རྟེན་འཚོ་བའི་གཉིས་ཀྱི་ཁྲོད་མཚམས་སྦྱོར་དངོས་པོ་བརྒྱུད་ལམ་བྱས་ཏེ། མིའི་རིགས་ཀྱི་སྤྲོ་གསེང་བྱ་སྤྱོད་དང་དཔལ་འབྱོར་སྣང་ཚུལ་གཉིས་བར་ཡོད་པའི་ཕན་ཚུན་ཆོས་ཉིད་ལ་ཞིབ་འཇུག་བྱེད་པའི་མི་ཚུལ་སྤྱི་ཚོགས་ཚན་རིག་གི་རིགས་ཤིག་ཡིན། རྒྱ་ཡིག་གི་མིང་།

རིགས་དབྱེ།   འཚོ་བ།སྤྲོ་གསེང་།

པེ་ཏའེ་ཧུ་ཆེད་མཁས་པའི་དབྱར་གསེང་ངལ་གསོ།

ཀྲུང་དབྱང་གིས་ཆེད་མཁས་པར་འབྲེལ་གཏུགས་དང་ཞུབས་ཞུ་སྒྲུབ་པའི་ལམ་ལུགས་ལྡན་པའི་བཀོད་སྒྲིག་ཅིག་ཡིན། རྒྱ་ཡིག་གི་མིང་། 北戴河暑期专家休假 དུས་ཚོད། སྤྱི་ལོ1987ལོའི་ཟླ7པ་ནས་འགོ་ཚུགས། ངོ་སྤྲོད།  སྤྱི་ལོ1987ལོའི་ཟླ7པར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་ཚན་རིག་དང་རྩལ་ཁྱབ་ཁོངས་ཀྱི་ཆེད་མཁས་མི་སྣ14གདན་དྲངས་ཏེ་པེ་ཏའེ་ཧུ་རུ་གུང་གསེང་རོལ་དུ་བཅུག དེ་ནས་བཟུང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད་པེ་ཏའེ་ཧུ་ཆེད་མཁས་པའི་དབྱར་གསེང་ངལ་གསོའི་ལམ་ལུགས་དངོས་སུ་ཚུགས། ལོ་རེའི་དབྱར་ཁའི་དུས་སུ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆེད་མཁས་པ་ཕུལ་དུ་བྱུང་བ་སྐོར་ཞིག་གདན་དྲངས་ཏེ་པེ་ཏའེ་ཧུ་གཙང་བོའི་ཉེ་འགྲམ་ནས་ངལ་གསོ་དང་གུང་གསེང་ལ་རོལ་བ་ཡིན།

རིགས་དབྱེ།   འཚོ་བ།སྤྲོ་གསེང་།

གླང་ཆེན་མཆེ་བ(ཆེ)།

གླང་ཆེན་མཆེ་བ(ཆེ)ཞེས་པ་ནི་མཚོ་སྔོན་པོའི་ལྷོ་ངོགས་ཀྱི་ཁམས་བསང་བྱེད་ས་ཞིག་ཡིན་ལ། མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཅང་སི་ཡུལ་ཚོ་སྲིད་གཞུང་གི་ཤར་ཕྱོགས་སུ་ཧ་ལམ་སྤྱི་ལེ11.4ཡིས་ཆོད་པའི་མཚམས་ཀྱི་མཚོ་སྔོན་པོའི་ལྷོ་ངོས་སུ་འབྲེལ་ཡོད། འདིའི་སྲིད་ལ་སྤྱི་ལེ1.5ཙམ་དང་ཞེང་ལ་སྨི200ཙམ་ཡོད། རྒྱ་ཡིག་གི་མིང་། 郎千切哇 ལ་ཏིང་གི་མིང་། glang chen mche ba སྲིད་འཛིན་ཁོངས་གཏོགས། མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཅང་སི་ཡུལ་ཚོ། སྲིད་ཀྱི་རིང་ཚད། སྤྱི་ལེ1.5 ཞེང་གི་རིང་ཚད།

རིགས་དབྱེ།   འཚོ་བ།སྤྲོ་གསེང་།