སྤྲོ་གསེང་ཞོར་ཟས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྲོ་གསེང་ཞོར་ཟས།
སྤྲོ་གསེང་ཞོར་ཟས་ནི་མི་རྣམས་ཀྱིས་བར་གསེང་གི་དུས་དང་ངལ་གསོའི་དུས་སུ་བཟའ་བའི་ཟས་རིགས་ཤིག་ཡིན་པ་དང་། དེའི་ཁོངས་ལ་ཤུན་མཁྲེགས་ཤིང་ཏོག་དང་ཀ་ར་གོ་སྲབ། ཏན་ཞིམ། ཙོ་རིལ་རིགས་ཀྱི་ཟས་རིགས། བྱེ་རིལ། ཞོ། སྲན་མའི་རིགས། མངར་སྦངས་ཁ་ཟས། སིལ་སྐམ། ཉའི་རིགས། ཤ་རྒྱུའི་ཟས་རིགས་སོགས་དང་། གཞན་ཇ་འཐུང་བ་སོགས་ཚང་མ་སྤྲོ་གསེང་ཞོར་ཟས་ཀྱི་ཁོངས་སུ་གཏོགས། དེ་ཡང་འཚོ་བའི་ཆུ་ཚད་ཇེ་མཐོར་ཕྱིན་པ་དང་བསྟུན། སྤྲོ་གསེང་ཞོར་ཟས་ལའང་མི་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ་པ་ཡིན་ལ། དཔལ་འབྱོར་འཕེལ་རྒྱས་དང་མཛད་སྤྱོད་ཆུ་ཚད་ཇེ་མཐོར་སོང་བ་དང་བསྟུན། སྤྲོ་གསེང་ཞོར་ཟས་ཏེ་མི་དམངས་མང་ཚོགས་ཀྱི་དགོས་ངེས་ཀྱི་མཛད་སྤྱོད་བྱ་ཡུལ་དུ་གྱུར་བ་དང་། མཛད་སྤྱོད་པས་སྤྲོ་གསེང་ཞོར་ཟས་ཀྱི་ཁ་གྲངས་དང་སྤུས་ཀའི་ཐད་ཀྱི་དགོས་མཁོ་འང་ཇེ་མང་དུ་འགྲོ་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
休闲零食
རིགས་དབྱེ།
ཤུན་མཁྲེགས་ཤིང་ཏོག་དང་ཙོ་རིལ་གྱི་རིགས། མངར་སྦངས་ཁ་ཟས། སིལ་སྐམ། ཉའི་རིགས་སོགས་ཀྱི་ཟས་རིགས།
གྲས།
བཟའ་ཆས།
རྣམ་པ།
སྤྲོ་གསེང་།
1 ངོ་སྤྲོད།

སྤྲོ་གསེང་ཞོར་ཟས་ནི་མི་རྣམས་ཀྱིས་བར་གསེང་གི་དུས་དང་ངལ་གསོའི་དུས་སུ་བཟའ་བའི་ཟས་རིགས་ཤིག་ཡིན་པ་དང་།    དེའི་ཁོངས་ལ་ཤུན་མཁྲེགས་ཤིང་ཏོག་དང་ཀ་ར་གོ་སྲབ།    ཏན་ཞིམ།    ཙོ་རིལ་རིགས་ཀྱི་ཟས་རིགས།    བྱེ་རིལ།   ཞོ།   སྲན་མའི་རིགས།   མངར་སྦངས་ཁ་ཟས།    སིལ་སྐམ།    ཉའི་རིགས།    ཤ་རྒྱུའི་ཟས་རིགས་སོགས་དང་།   གཞན་ཇ་འཐུང་བ་སོགས་ཚང་མ་སྤྲོ་གསེང་ཞོར་ཟས་ཀྱི་ཁོངས་སུ་གཏོགས།    དེ་ཡང་འཚོ་བའི་ཆུ་ཚད་ཇེ་མཐོར་ཕྱིན་པ་དང་བསྟུན།    སྤྲོ་གསེང་ཞོར་ཟས་ལའང་མི་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ་པ་ཡིན་ལ།   དཔལ་འབྱོར་འཕེལ་རྒྱས་དང་མཛད་སྤྱོད་ཆུ་ཚད་ཇེ་མཐོར་སོང་བ་དང་བསྟུན།    སྤྲོ་གསེང་ཞོར་ཟས་ཏེ་མི་དམངས་མང་ཚོགས་ཀྱི་དགོས་ངེས་ཀྱི་མཛད་སྤྱོད་བྱ་ཡུལ་དུ་གྱུར་བ་དང་།    མཛད་སྤྱོད་པས་སྤྲོ་གསེང་ཞོར་ཟས་ཀྱི་ཁ་གྲངས་དང་སྤུས་ཀའི་ཐད་ཀྱི་དགོས་མཁོ་འང་ཇེ་མང་དུ་འགྲོ་བ་ཡིན།

2 འཕེལ་རྒྱས།

མི་རྣམས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་ཕྱིན་པ་དང་བསྟུན།    སྔོན་ལྟོ་གོས་གཉིས་འཛོམས་རིགས་ཀྱི་སྤྲོ་གསེང་ཞོར་ཟས་ཀྱི་མཛད་སྤྱོད་རྣམ་པ་དེ།    རིམ་གྱིས་བྲོ་བ་རང་བཞིན་དང་འཚོ་བཅུད་རང་བཞིན།    ལོངས་སྤྱོད་རང་བཞིན།    ཕན་ནུས་རང་བཞིན་བཅས་ཁྱད་ཆོས་རང་བཞིན་ལྡན་པའི་ཁ་ཕྱོགས་ལ་འགྱུར་བཞིན་ཡོད།   ཚོང་རའི་རྒྱ་ཇེ་ཆེར་སོང་བ་དང་བསྟུན།    སྤྲོ་གསེང་ཞོར་ཟས་ཀྱི་ཚོང་ར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་ཕྱིན་ནས་སྔར་བྱུང་མ་མྱོང་བའི་བྲེལ་ཟིང་ཆེ་བའི་རྣམ་པ་འབྱུང་བ་ཡིན།

སྤྲོ་གསེང་ཞོར་ཟས་མཛད་སྤྱོད་དར་རྒྱས་སུ་སོང་བ་དང་བསྟུན།    མི་མང་ཤོས་ཤིག་གིས་རྩ་གནད་བདེ་ཐང་དང་འཚོ་བཅུད་ཕྱོགས་སུ་བཞག་པ་དང་།   དེང་རབས་ཀྱི་སྤྲོ་གསེང་ཞོར་ཟས་ཐོན་སྐྱེད་ཚོང་ར་ཡིས་སྤྲོ་གསེང་ཞོར་ཟས་ཏེ་བདེ་ཐང་སྙོམ་སྒྲིག་གི་བཟའ་བཅའི་ཆ་ཤས་སུ་འགྱུར་སྲིད་ལ།    ཚ་ཤུགས་དམའ་བ་དང་།   ཚིར་སྣ་དམའ་བ།    མངར་ཆ་ཉུང་བ་བཅས་ཀྱི་སྤྲོ་གསེང་ཞོར་ཟས་ནི་རྗེས་ཕྱོགས་ཀྱི་རིགས་གསར་བ་སྤེལ་བའི་གཙོ་རྒྱུག་ཡིན་ཞིང་།     སྤྲོ་གསེང་ཞོར་ཟས་ལས་རིགས་ཀྱི་འཕེལ་རྒྱས་དང་མི་རྣམས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་ཕྱིན་པ་དང་བསྟུན།    སྤྲོ་གསེང་ཞོར་ཟས་ཏེ་མི་རྣམས་ཀྱི་འཚོ་བ་དང་ཐག་ཉེ་སར་འགྲོ་འགོ་བརྩམས་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-23

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།