ཕྱི་རོལ་ལྗོངས་རྒྱུ་ནི་རྩལ་སྦྱོང་གི་རིགས་ཤིག་ཡིན་ཏེ། དེའི་ནང་དོན་གཙོ་བོ་ལག་སྟོང་འགྲུལ་བསྐྱོད་དང་ཉེན་བརྒྱུད་རི་འཛེག གཙང་ཆུར་བསྐྱོད་པ། རླབས་ལ་གཟན་པ། རི་ཐང་དུ་གཉིད་པ་སོགས་ཡོད།
སྟོང་རི་བླ་མཚོ་ནི་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཞིན་ཧྭ་རྫོང་གི་ཤར་རྒྱུད་དུ་གནས་ཤིང་། སྟོང་རི་བླ་མཚོ་རང་བྱུང་སྲུང་སྐྱོང་ཁུལ་ནི་སྤྱི་ལོ1980ལོར་བཙུགས། སྤྱི་ལོ2000ལོའི་ཟླ4པར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཆོག་མཆན་བཀོད་དེ། “མཚོ་བོད་མཐོ་སྒང་སྟེང་གི་ཞི་ཧྲོང་པན་ནཱ”ཞེས་པའི་མཚན་སྙན་གནང་པ་དང་། དེ་ནི་མཚོ་སྔོན་ཞིང་ཆེན་གྱི་ཚ་གཡོལ་དང་ལུས་གསོ། ཡུལ་སྐོར་སོགས་བྱེད་སའི་གནས་འགངས་ཆེན་ཞིག་ཡིན།
བློ་མཐུན་མའོ་ཙེ་ཏུང་གི་གཞིས་རྙིང་ནི་ཧུའུ་ནན་ཞིང་ཆེན་གྱི་ཧྲའོ་ཧྲན་གྲོང་ཁྱེར་ཧྲའོ་ཧྲན་ཞང་ཧྲའོ་ཧྲན་སྡེ་བར་གནས་ཀྱང་ཁང་སྒོ་་བྱང་ལ་འཁོར་ཡོད། ས་ཤིང་གི་གྲུབ་ཆའི་ཁོངས་སུ་གཏོགས་པའི“凹”དབྱིབས་ཅན་གྱི་བཟོ་བཀོད་ཡིན་ཞིང་། ཤར་ངོས་ནི་བློ་མཐུན་མའོ་ཙེ་ཏུང་གི་ཁྱིམ་དང་ནུབ་ངོས་ནི་ཁྱིམ་མཚེས་ཡིན་ཞིང་། དཀྱིལ་གྱི་ཁང་པ་དེ་ཁྱིམ་ཚང་གཉིས་ཀས་སྤྱོད་པ་རེད། སྤྱིའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ472.92ཡོད་ལ། མཛེས་ལྗོངས་ཁུལ་གཙོ་བོར་མའོ་ཙེ་ཏུང་གི་གཞིས་རྙིང་དང་ཟངས་སྐུ་ཐང་ཆེན། ཆུ་ཐིགས་བྲག་ཕུག་བཅས་ཡོད།
ཡེ་ཏེ་པའོ(Jedbhgh)ནི་སུའུ་ཀེ་ལན་མཐའ་མཚམས་ཀྱི་གྲོང་རྡལ་ཆུང་ཆུང་ཞིག་ཡིན་པ་དང་། དབྱིན་ཀེ་ལན་མཐའ་མཚམས་དང་བར་ཐག་དབྱིན་ལེ10ལས་མེད་ཅིང་། གནས་འདིའི་ཆེས་ཆེ་བའི་མཛེས་ལྗོངས་ནི་གཏོར་སྐྱོན་ཚབས་ཆེན་ཐེབས་པའི་ཡེ་ཏེ་པའོ་དགེ་སྒྲུབ་ཁང(Jedburgh Abbey)ཡིན།
ཁྲི་ཀྲུའུ་ཁྲོམ་ཆེན་ནི་ཤང་ཀང་གླིང་ཕྲན་གྱི་ཤར་ལྷོའི་ཕྱོགས་ཀྱི་ཁྲི་ཀྲུའུ་དང་ཁྲི་ཀྲུའུ་མཚོ་ཁུག་གི་ཤར་ངོས་ཀྱི་སྲང་ལམ་ཞིག་ཡིན་པར་མ་ཟད། དེའི་ཉེ་འདབས་ཀྱི“ཁྲི་ཀྲུའུ་ཚོང་འདུས”ས་ཁོངས་ཀྱི་སྤྱི་མིང་ལ་ཟེར། གུང་གསེང་སྐབས་ཀྱི་ཁྲི་ཀྲུའུ་ཁྲོམ་ཆེན་དུ་ཡུལ་སྐོར་བས་ཁེངས་ཡོད།
ཆི་ཅི་ཀོང་སྤྱི་གླིང་ལ“ཞི་ཧྲན་རི་བོ”ཞེས་ཀྱང་བརྗོད་ལ། ཉིང་ཏེ་གྲོང་ཁྱེར་གྱི་ནུབ་རྒྱུད་དུ་གནས་ཤིང་། མི་རིགས་ཀྱི་དཔའ་བོ་ཆི་ཅི་ཀོང་གིས་འཇའ་ཇག་ལ་ངོ་རྒོལ་བྱས་པའི་རླབས་ཆེན་གྱི་བྱ་གཞག་ལ་དྲན་གསོ་ཞུ་ཆེད། ཅི་ཀོང་གྲོང་ཚོའི་ཞིང་པ་རྣམས་ཀྱིས་མ་སྐུལ་དང་བླངས་སྒོས་མ་དངུལ་བསྡུས་ཏེ་འཛུགས་སྐྲུན་བྱས་པ་རེད། སྤྱི་གླིང་ནི་ཁྲུང་ཁྲུང་དཀར་མོའི་རི་རྩེས་བསྒྲིབས་ཤིང་། ལིང་ཞི་དགོན་ལྟེ་བར་བྱས་ནས། ཅིན་ལིང་དགོན་དང་ཅུས་ཧྲི་གླིང་གཉིས་གཡས་གཡོན་གཞོགས་གཉིས་སུ་གནས་ཡོད།
སྤྱི་ལོ1947ལོའི་ཟླ11པའི་ཚེས22ཉིན། མའོ་ཙེ་ཏུང་དང་ཀྲོའུ་ཨེན་ལའེ། རེན་པི་ཧྲི་བཅས་ཀྱིས་མིང་ཚབ་ལ“ཡ་གླིང་པུའུ”ཞེས་པའི་ཀྲུང་གུང་ཀྲུང་དབྱང་ལས་ཁུངས་དང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་སྤྱི་ཁྱབ་པུའུ་ཡིས་ཧྲའན་པེ་ནས་དབྱང་ཅ་ཀོའུ་རུ་བསྐྱོད་དེ། དཔོན་དམག600ལྷག་ཙམ་དང་མཉམ་དུ་གསར་བརྗེའི་བྱེད་སྒོ་གལ་ཆེན་སྤེལ་བ་དང་། དུས་རབས་གསར་བའི་སྒོ་འབྱེད་པའི་དོན་སྙིང་ལྡན་པའི“ཀྲུང་གུང་ཀྲུང་དབྱང་གི་ཟླ་བཅུ་གཉིས་པའི་གྲོས་ཚོགས”འཚོགས་པ་རེད། ད་ལྟ་སྲུང་སྐྱོང་བྱས་པའི་གསར་བརྗེའི་གནས་རྙིང་ཅུང་ལེགས་པའི་གྲས་སུ་མའོ་ཙེ་ཏུང་དང་། ཀྲོའུ་ཨེན་ལའེ། ཀྲང་ཝུན་ཐེན། རེན་པི་ཧྲི། ཧུའུ་ཆའོ་མུའུ། ལུའུ་ཏིན་དབྱི། ཡེ་ཅན་ཡིན། ཕེང་ཏེ་ཧོའེ། དབྱང་ཧྲང་ཁུན། ཞི་ཀྲུང་ཞུན་སོགས་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་རྒན་རབས་ཚོའི་བཞུགས་གནས་རྙིང་པ་ཉར་ཚགས་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་གི་ཟླ་བཅུ་གཉིས་པའི་གྲོས་ཚོགས་ཀྱི་བཞུགས་གནས་རྙིང་པ་དང་། ནུབ་བྱང་བྱེས་འཐབ་དམག་སྡེའི་མཐོ་རིམ་ལས་བྱེད་པའི་དམག་དོན་གྲོས་ཚོགས་ཀྱི་བཞུགས་གནས་རྙིང་པ། ཤར་ཕྱོགས་རྨ་ཆུར་བརྒལ་བའི་སྐུལ་སློང་ཚོགས་ཆེན་གྱི་བཞུགས་གནས་རྙིང་པ། ངལ་རྩོལ་མི་དམངས་ཡར་ལངས་ཡོང་བའི་དྲན་གསོའི་ཚོགས་ཆེན་གྱི་བཞུགས་གནས་རྙིང་པ་སོགས་ཡོད་པར་མ་ཟད། གཞན་ད་དུང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་པུའུ་དང་གསང་འཕྲིན་ཅུས། ཞིན་ཧྭ་གསར་འགྱུར་ཁང་། ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། བཅིངས་འགྲོལ་ཉིན་རེའི་ཚགས་པར། ནུབ་བྱང་ཅུས། ཧྲའན་ཞི་ཞིང་ཆེན་ཏང་ཨུ། འཕྲིན་སྐྱེལ་འཛིན་གྲྭ། གཡུལ་སའི་སྨན་ཁང་། མཁོ་སྤྲོད་ཚན་ཁག སྲུང་སྐྱོབ་ཚན་ཁགམཁོ་སྒྲུབ་ཁྲུའུ། དྲག་ཇུས་པུའུ་སོགས་གསར་བརྗེའི་གནས་ཡུལ་རྙིང་པ་གལ་ཆེ་རིགས་རྣམས་ཀྱང་ཡོད།
མིའི་རིགས་ཀྱི་དམངས་སྲོལ་ཁང(Museum of Ethnology)ཤང་ཀང་ཤིན་ཅེ་ཏ་ཕུའུ་ཅའོ་ཧུང་ལིན་ལམ་སྒོ་རྟགས2པའི་ཅ་ལི་པའེ་ལུའུ་མཚེའུ་མཉམ་འགུལ་ལྟེ་གནས་སུ་གནས་ཤིང་སྤྱི་ལོ2000ལོར་སྒོ་འབྱེད་ཅིང་། དེ་ནི་ཤང་ཀང་གི་འཛམ་གླིང་མི་རིགས་བརྗོད་དོན་གཙོ་བོར་བྱས་པའི་རྟེན་རྫས་བཤམས་སྟོན་ཁང་ཐོག་མ་ཡིན། འཛམ་གླིང་གི་ས་ཁུལ་ཁག་ནས་ཐོན་པའི་འཚོ་བའི་རིག་གནས་ཀྱི་ཉིང་བཅུད་བསྡུས་པའི་ཉར་ཚགས་དངོས་རྫས་མང་པོ་འགྲེམས་སྟོན་བྱས་པ་དེས་མིའི་རིགས་ཀྱིས་ས་ཁམས་ཁོར་ཡུག་མི་འདྲ་བའི་འོག་རང་བྱུང་ཁམས་ཀྱི་རྩྭ་དང་རྩི་ཤིང་རེ་རེ་ཇི་ལྟར་སྤྱོད་པ་དང་། དེའི་སྟེང་གསར་གཏོད་དང་བློ་བཀོད་གསར་བས་འཚོ་བའི་སྤུས་ཚད་ཇེ་ལེགས་སུ་བཏང་བའི་གོ་རིམ་ཁྲོད་འདུས་པའི་བློ་ཡུལ་ལས་འགོངས་པའི་བློ་གྲོས་དང་སྐྱེ་སྟོབས། “མཐུན་འཕྲོད”དང“ལེགས་བཅོས”ཀྱི་སྙིང་སྟོབས་བཅས་ནི་དེང་རབས་གྲོང་ཁྱེར་གྱི་མིའི་རིགས་ཀྱིས་ཉིན་རེ་བཞིན་བརྗེད་འགྲོ་བའི་ནང་དོན་ཡིན་ནོ།།
ཁྲག་རྫིང་ཆུ་ཚན(དབྱིན་སྐད་དུBlood Pond Hot Springདང་འཇར་པན་གྱི་སྐད་ལjigokuཟེར་ཞིང་། དོན་ནི་དམྱལ་ཁམས་བཅོ་བརྒྱད་ཡིན)ནི་འཇར་པན་གྱི་པེ་ཧྥུ་གྲོང་ཁྱེར་གྱི“དམྱལ་ཁམས”ལྟ་བུའི་རང་བྱུང་ཆུ་ཚན་ཆེན་པོ་དགུའི་གྲས་ཤིག་ཡིན་པ་དང་། དེ་རྫིང་བུ་ཧྲིལ་བོ་ཧ་ཅང་ཚ་ལམ་ཞིང་ཆུ་ནི་ཁྲག་ལྟར་དམར་བས་མིང་དུ་གྲགས་པ་རེད། བརྗིད་ཉམས་ལྡན་པའི་མཛེས་ལྗོངས་དེས་གནས་འདིར་ཡིད་སྨོན་འཆོར་བའི་མི་རྣམས་བཅའ་སྡོད་བྱས་ཏེ། ཡིད་དབང་འཕྲོག་པའི་མཛེས་རྣམ་ལ་རོལ་མྱོང་བྱེད་དུ་བཅུག་ནས། གནས་འདི་ནི་ལུས་བཀྲུ་ལྟེ་གནས་ཞིག་ཡིན་པའང་བརྗེད་སོང་བ་རེད། དེའང་བལྟས་མ་ཐག་ཏུ་ཁྲག་དམར་གྱི་ཁ་མདོག་བཀྲ་བའི་ཆུ་མིག་ནི་དམྱལ་ཁམས་ཀྱི་སྣང་ཚུལ་དང་འདྲ་ནའང་། ཕྱིར་མངོན་པའི་ཁ་མདོག་དམར་པོ་དེ་རིགས་ནི་ཆུ་ནང་དུ་འདུས་པའི་གཞི་རྒྱུ་ལས་བྱུང་བ་འབའ་ཞིག་གོ།
ཝུའུ་ཞོན་རྫོང་གི་སྔོན་གཤེགས་དཔའ་བོའི་དྲན་གསོའི་བང་སོ་སྐྱེད་ཚལ་ནི་ཀོང་ཞི་ཞིང་ཆེན་ཝུའུ་ཞོན་རྫོང་གི་འོད་སྟོང་ལྡན་པའི་གསར་བརྗེའི་ལོ་རྒྱུས་མངོན་པར་བྱེད་པ་དང་དྲན་གསོ་ཞུ་ཆེད་བསྐྲུན་པའི་དྲན་གསོའི་བང་སོ་ཞིག་ཡིན་ལ། དེའི་དམིགས་ཡུལ་ནི་མི་རྣམས་ལ་གསར་བརྗེའི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་གསར་བརྗེའི་སྙིང་སྟོབས་དར་སྤེལ་གཏོང་ཆེད་ཡིན། བང་སོ་དེ་སྤྱི་ལོ1991ལོའི་ཟླ9པར་བསྐྲུན་པ་དང་ཀོང་ཞི་ཞིང་ཆེན་ལའེ་པིན་གྲོང་ཁྱེར་ཝུའུ་ཞོན་རྫོང་མཱ་ཨན་ཧྲན་སྤྱི་གླིང་དུ་གནས་ཡོད། དེའི་ནང་ཡུལ་སྐོར་བས་གསར་བརྗེའི་བྱ་གཞག་གི་དཀའ་ཚེགས་མྱོང་ཚོར་བྱ་ཐུབ་པར་མ་ཟད། ད་ལྟའི་འཚོ་བར་གཅེས་སྤྲས་བྱས་ཏེ་འབྱུང་འགྱུར་གྱི་འཚོ་བའི་ཆེད་དུ་འབད་འཐབ་བྱེད་པའི་དམིགས་ཚད་གཏན་འཁེལ་བྱེད་ཐུབ།
ཞ་མོན་ཀྲུང་ཧྲན་སྤྱི་གླིང་ནི་ཞ་མོན་གྲོང་ཁྱེར་ལྟེ་གནས་སུ་ཡོད་ཅིང་། མི་སེར་རྒྱལ་ཁབ16ལོར(སྤྱི་ལོ1927ལོ)བཙུགས་པ་དང་མི་སེར་རྒྱལ་ཁབ་ཀྱི་ལོ22ནང་གཞི་རྩའི་ཆ་ནས་བསྐྲུན་ཚར་བ་དང་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི16ཙམ་ཟིན་ཡོད། སྐུ་ཞབས་སུན་ཀྲུང་ཧྲན་ལ་དྲན་གསོ་ཞུས་པས་མིང་དེ་ལྟར་ཐོགས་པ་དང་། ལྡུམ་རའི་ནང་གི་རྣམ་གྲངས་མང་པོ་ཞིག་ནི་ཕྱིར་སྡོད་ཀྲུང་གོ་བས་ཞལ་འདེབས་ཕུལ་ནས་བསྐྲུན་པ་རེད།
གླང་ཆེན་མཆེ་བ་ལྗོངས་ཁུལ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་གི་རྒྱལ་ལམ109འགྲམ་གྱི་མཛེས་ལྗོངས་ཁུལ་ཞིག་ཡིན། གླང་ཆེན་མཆེ་བ་ལྗོངས་ཁུལ་དེ་ཀྱག་ཀྱོག་ངང་མཚོ་སྔོན་པོའི་དམིགས་བསལ་གྱི་ས་ཁམས་གནས་བབ་ལ་བརྟེན་པ་དང་། རྩྭ་ཐང་དང་། བྱེ་ཐང་། སྲོག་ཆགས་བཅས་གཙོར་བྱས་པའི་སྣོད་བཅུད་རང་བྱུང་ཐོན་ཁུངས་དང་དམངས་ཁྲོད་རིག་གནས་བྱེད་སྒོའི་ནང་དོན་གཙོར་བྱས་པའི་མཚོ་སྔོན་པོའི་ཡུལ་སྐོར་ཁུལ་གྱི་བཀྲག་མདངས་འཚེར་བའི་མུ་ཏིག་ལྟ་བུར་གྱུར་ཡོད།
ཁྲི་ཀའི་རྨ་ཆུ་དྭངས་འདམ་རའི་སྤྱི་གླིང་ནི་རྨ་ཆུའི་ནགས་ཚལ་སྤྱི་གླིང་དང་འདམ་རར་བརྟེན་ནས་བསྐྲུན་པ་དང་། ཤར་ཕྱོགས་ཀ་རིང་ཞང་ཨ་སྐོང་སྡེ་བ་ནས་ནུབ་ལ་ཟེ་ཝ་ཆུ་གློག་ས་ཚུགས་བར་སྤྱིའི་རིང་ཚད་ལ་སྨི28000ཡོད་པ་དང་། ལྷོ་ནས་ནུབ་ཆུ་བར་གྱི་གཞུང་ལམ་དང་། བྱང་ནས་ཡོན་ཉིང་སྒོ་གཞུང་ལམ་བཅས་ཀྱི་ཞེང་ཚད་ལ་སྨི2100དང་། སྤྱིའི་རྒྱ་ཁྱོན་མུའུ་ཁྲི8.32ཡོད་པའི་ནང་རྨ་ཆུའི་གྲམ་ཐང་དང་འདམ་རའི་རྒྱ་ཁྱོན་མུའུ་ཁྲི3.98(རྨ་ཆུའི་གྲམ་ཐང་མུའུ་ཁྲི0.57ཚུད)ཡོད། མཚེའུ་ཡི་འདམ་རའི་རྒྱ་ཁྱོན་མུའུ་ཁྲི0.24ཡོད་ལ། འདམ་རྫབ་འདམ་རའི་རྒྱ་ཁྱོན་མུའུ་ཁྲི1ཡོད། རྨ་ཆུའི་འགྲམ་གཉིས་ཀྱི་ནགས་ཚལ་དང་སྡོང་ཕྲན་ནགས་ཚལ་གྱི་རྒྱ་ཁྱོན་མུའུ་ཁྲི3.1ཡོད།
ཧའོ་མོན་གནའ་མཁར་ནི་མུན་ཡོན་རྫོང་གི་ཤར་ལྷོའི་སན་ཧྭ་ལི་རུ་གནས་ཡོད། གནའ་མཁར་དེ་ཧའོ་མོན་ཆུ་བོའི་བྱང་རྒྱུད་ཀྱི་གླེ་ཐང་དུ་གནས་པ་དང་། ལྷོ་ངོས་གཡང་གཟར་དང་། བྱང་ངོས་ཁྲེ་རྒོད་ལ་གཏུགས་ཡོད། ཤར་ནུབ་ཚང་མ་གྲོག་རོང་དུ་གནས་ཤིང་། ཤར་དང་ནུབ་གནའ་མཁར་གྱི་ཤར་ལམ་དང་ནུབ་ལམ་ལ་སླེབས་ཡོད། བྱང་ནི་དེང་གི་ཁང་བའི་འཛུགས་སྐྲུན་ཡིན་ལ། ཏུང་ཀོན་སྲང་ལམ་དང་བར་ཐག་སྨི་ཉིས་བརྒྱ་ཡོད། གནའ་མཁར་ཞེས་འབོད་སྲོལ་ཆགས་ཡོད།
ཡུལ་སྐོར་སྣེ་ཤན་པའི་ཐོབ་ཐང་ལག་ཁྱེར(《ཡུལ་སྐོར་སྣེ་ཤན་པའི་ཐོབ་ཐང་ལག་ཁྱེར》)ནི་མི་ཞིག་ལ་ཡུལ་སྐོར་སྣེ་ཤན་པའི་ལས་རིགས་ཐོབ་ཐང་ལྡན་པའི་དཔང་ཡིག་ཅིག་ཡིན་ལ། དཔང་ཡིག་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡུལ་སྐོར་སྲིད་འཛིན་སྡེ་ཁག་གམ་ཡང་ན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡུལ་སྐོར་སྲིད་འཛིན་སྡེ་ཁག་གིས་མངགས་བཅོལ་བྱས་པའི་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཡུལ་སྐོར་སྡེ་ཁག་གིས་སྤྲོད་པ་སྟེ། སྣེ་ཤན་པའི་ཐོབ་ཐང་གི་རྒྱུགས་ལ་ཞུགས་ནས་ཚད་ལོན་རྗེས་ཡུལ་སྐོར་སྲིད་འཛིན་སྡེ་ཁག་ནས་ལེན་དགོས། སྤྱི་ལོ2016ལོའི་ཟླ1པོར་རྒྱལ་ཁབ་ཡུལ་སྐོར་ཅུའུ་ཡིས་ཡུལ་སྐོར་སྣེ་ཤན་པའི་ཐོབ་ཐང་ལག་ཁྱེར་དེ་ཚེ་གང་གོ་ཆོད་པ་དང་ཡུལ་སྐོར་སྣེ་ཤན་པའི་ལག་ཁྱེར་རྒྱལ་ཡོངས་སུ་སྤྱོད་ཆོག་པའི་བརྡ་ཐོ་བཏང་ཡོད།
གནས་སྐོར། བརྡ་འགྲེལ 15 ཡོད། |