རང་འདེམ་ཚོང་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རང་འདེམ་ཚོང་ཁང་།
དེ་ནི་སྤྱིར་བཏང་ཚོང་ཟོང་སྟེགས་བུར་ཚོང་ཟོང་བཤམས་བསྒྲིགས་བྱས་པའི་ཚོང་ཁང་ལ་ཟེར་བ་དང་། དེར་ཚོང་མགྲོན་རང་ཉིད་ཀྱིས་ཚོང་ཟོང་བདམས་གསེས་བྱས་ཏེ། རིན་གོང་མཉམ་དུ་རྩིས་སྤྲོད་བྱ་བ་ཞིག་ཡིན། འཚོང་བའི་ཅ་ལག་གསར་བ་ཡིན་ཞིང་། འཚོ་བར་རྒྱུན་ལྡན་དུ་སྤྱོད་པའི་ཚོང་ཟོང་གིས་གཙོ་བོར་བྱས་ཡོད་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
自选商店
ཚོང་ཟོང་གཙོ་བོ།
བཟའ་བཏུང་གསར་བ།
1 མཚམས་སྦྱོར།

དེ་ནི་སྤྱིར་བཏང་ཚོང་ཟོང་སྟེགས་བུར་ཚོང་ཟོང་བཤམས་བསྒྲིགས་བྱས་པའི་ཚོང་ཁང་ལ་ཟེར་བ་དང་། དེར་ཚོང་མགྲོན་རང་ཉིད་ཀྱིས་ཚོང་ཟོང་བདམས་གསེས་བྱས་ཏེ། རིན་གོང་མཉམ་དུ་རྩིས་སྤྲོད་བྱ་བ་ཞིག་ཡིན། འཚོང་བའི་ཅ་ལག་གསར་བ་ཡིན་ཞིང་། འཚོ་བར་རྒྱུན་ལྡན་དུ་སྤྱོད་པའི་ཚོང་ཟོང་གིས་གཙོ་བོར་བྱས་ཡོད་པ་ཞིག་ཡིན། དེ་ནི་འཛད་སྤྱོད་པས་རང་ཉིད་ལ་ཞབས་ཞུ་བསྒྲུབ་པ་དང་། གང་འདོད་རང་གིས་གདམ་ཆོག་པའི་རང་བཞིན་ཅན་གྱི་སིལ་འཚོང་ཁེ་ལས་ཤིག་ཡིན། དེ་ནི་འཛམ་གླིང་འཁྲུགས་ཆེན་གཉིས་པའི་རྗེས་སུ་ཡོབ་མེའི་གླིང་དུ་ཐོག་མར་གཞི་ཚུགས་པ་ཞིག་ཡིན།

2 ཁྱད་ཆོས།

(1) ཁེ་ཉུང་མང་འཚོང་། སྤྱིར་བཏང་ལས་གཉེར་བས་གོང་འོག་ཏུ་སྒྲིག་བཀོད་བྱས་པའི་ཚོང་ཟོང་ཚང་མ་ཚད་དམའ་བའི་ཚོང་ཟོང་ཡིན་པ།

(2) ཚོང་ཟོང་གི་ཕྱི་ཐུམ་དང་གསལ་བཤད་ཀྱི་ཚད་གཞི། སྒྲིག་གཞི་རིན་གོང་སོགས་ཀྱི་འགྲོ་གྲོན་ཉུང་བ།

(3) ཟོང་སྐྱེལ་འཁོར་ལོ་ཆུང་བ་དང་ཚོང་མགྲོན་རང་གིས་ཚོང་ཟོང་གདམ་པ།

(4) སྒོ་ཁར་རིན་གོང་མཉམ་གཅིག་ཏུ་རྩིས་སྤྲོད་བྱེད་པ།

(5) དང་ཐོག་ཚོང་ཟོང་གཙོ་བོ་ནི་ཟས་རིགས་ཡིན་མོད། དེང་སྐབས་དེ་ལས་སྣ་ཁ་མང་པོའི་ཕྱོགས་སུ་འཕེལ་རྒྱས་སོང་ཡོད།

3 ལེགས་ཆ།

(1) མི་ཤུགས་མང་པོ་མི་དགོས་པ། (ངལ་རྩོལ་ནུས་ཤུགས་དང་ལས་ཀའི་འགྲོ་སོང་གྲོན་ཆུང་བྱ་ཐུབ་པ)

(2) ས་ཁུལ་སྤྱོད་བདེ་བ། (ལས་གཉེར་ས་ཁྱོན་བཀོལ་སྤྱོད་ལེགས་པོ་བྱེད་ཐུབ)

(3) དངུལ་གྲོན་ཆུང་། (མ་དངུལ་སྤྱོད་བདེ་བ)

(4) དུས་ཚོད་དམ་འཛིན་བྱ་ཐུབ་པ། (གྲལ་བསྒྲིག་མི་དགོས་ལ། འགྲོ་ལུགས་སྟབས་བདེ་བ)

(5) གཙང་དག་ཡིན་པ། (ལྷག་པར་དུ་ཟས་རིགས་ཕལ་བ་དང་སྔོ་ཚལ་གྱི་རིགས། ཇ་རིགས)

4 རིགས་དབྱེ།

ཀྲུང་གོའི་ཚོང་རའི་ཁྱབ་ཁོངས་གཞིར་བཟུང་ན། ཚོང་ར་ཆེ་འབྲིང་ཆུང་གསུམ་དུ་དབྱེ་ཆོག་པ་དང་། ཚོང་ལས་འཛུགས་སྐྲུན་དང་འབྲེལ་བའི་མིང་བརྡ་ནི་ཚོང་ལས་འཛུགས་སྐྲུན་འཆར་འགོད་ཀྱི་རྨང་གཞི་ཡིན་ཏེ།

(1) སྣ་བརྒྱའི་ཚོང་ར། ཉོ་ཚོང་གི་རིགས་མང་ཞིང་། ཚོང་ཟོང་རྣམ་པ་སྣ་ཚོགས་ཡོད། (བཟོ་ལས་ཐོན་དངོས་གཙོ་བོ་ཡིན)

(2) ཚོང་ར། དམངས་སྤྱོད་ཚོང་ཟོང་གི་ཚོང་ཁང་དང་ཚོང་ར་ཡིན།

(3) ཆེད་འཚོང་ཁང་། ཚོང་ཟོང་རིགས་ཤིག་ཆེད་དུ་གཉེར་ཡུལ་ཡིན་ཏེ་དཔེར་ན། གྱོན་པ་ཆེད་ཚོང་ཁང་དང་། གློག་ཆས་ཆེད་འཚོང་ཁང་། སྨན་རྫས་ཆེད་འཚོང་ཁང་ལྟ་བུ་སོགས་སོ། །

(4) སྔོ་ཚལ་ཚོང་རའི་རིགས། སྔོ་ཚལ་དང་ཤ་ཡི་རིགས། སྒོང་ངའི་རིགས། ཆུ་ཐོན་དང་ཟས་རིགས་ཕལ་བ་སོགས་ཀྱི་ཚོང་ར།

(5) རང་འདེམ་ཚོང་ར། དེར་ཚོང་མགྲོན་གྱིས་ཐད་ཀར་གདམ་གསེས་བྱས་ཆོག་པ་དང་། དཀར་ཆག་ལྟར་རིན་སྤྲོད་ལས་གཉེར་འདུ་ར་ཡིན།

(6) རང་བགྲོད་ཚོང་ར། མི་རྣམས་ཀྱིས་སྐོམ་ཆུ། སྤྲོ་སྐྱིད། མཛེས་བཟོ། ངལ་གསོ་སོགས་བྱ་ཡུལ་སྒྲིག་འགོད་བྱས་ཡོད།

5 འཛད་སྤྱོད། 

འཛད་སྤྱོད་ལོབས་ཕྱོགས་ལྟར། སྡོད་དམངས་བརྒྱ་ཆའི་དོན་དགུ་ཙམ་ནམ་རྒྱུན་རང་འདེམ་ཚོང་ཁང་དུ་འོང་ནས་འཛད་སྤྱོད་བྱེད་པ་དང་། རང་འདེམ་ཁྲོམ་དུ་འོང་མཁན་གཙོ་བོ་ནི་བུད་མེད་ཡིན་ལ། བརྒྱ་ཆའི་དྲུག་ཅུ་ཙམ་ཟིན་ཡོད། རང་འདེམ་ཚོང་ཁང་གི་ཚོང་མགྲོན་འདུ་འཛོམས་མང་ཞིང་། མི་མང་པོས་གིས་ཚོང་རྟགས་གྲགས་ཅན་ལ་མཐོང་ཆེན་བྱ་མོད། དེ་བས་ཀྱང་རིན་གོང་ལ་མཐོང་ཆེན་བྱེད་པ་ཡིན། ཚོང་རྟགས་གྲགས་ཅན་གྱི་ཚོང་ཟོང་ཉོ་སྐབས། མི་མང་ཆེ་བས་རང་ཉིད་ཀྱི་དགའ་ཕྱོགས་དང་སྤྱོད་ལོབས་སུ་སོང་བའི་ཚོང་ཟོང་ལ་ཉམས་འཇོག་བྱ་ངེས་པ་ཡིན་ལ། དེར་འགྱུར་ལྡོག་ཆེན་པོ་མེད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

འཚོ་བ། ཉོ་ཆ། རང་འདེམ་ཚོང་ཁང་།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-18

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།