གྱོན་གོས་ཆེད་འཚོང་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གྱོན་གོས་ཆེད་འཚོང་ཁང་།
གྱོན་གོས་ཆེད་འཚོང་ཁང་ནི་ཆེད་དུ་གྱོན་གོས་ཕྱིར་འཚོང་གི་ལས་ཀ་གཉེར་བའི་གྱོན་གོས་ཚོང་ཁང་ལ་ཟེར་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
服装专业店
ཕྱི་ཡིག་གི་མིང་།
Clothing specialty store
1 ​ཁྱད་ཆོས།

གྱོན་གོས་ཆེད་འཚོང་ཁང་ནི་སྤྱིར་བཏང་དུ་གཞི་ཁྱོན་ཆེ་རྒྱུ་མེད་པ་དང་། ལས་གཉེར་གྱི་ཁྱབ་རྒྱ་ལ་ཚད་ཡོད་པ་ཞིག་ཡིན། རྒྱུན་པར་གྲངས་འབོར་མང་བོ་མེད་པའི་ཚད་མཐོའི་ཚོང་རྟགས་ཅན་གྱི་གྱོན་གོས་སྣ་འཛོམས་ཕྱིར་འཚོང་བྱེད་པ་ཞིག་ཡིན། ཆེད་གཉེར་ཁང་གི་རྒྱུགས་ཆེ་བའི་ཤན་ཤུགས་ཀྱི་ཚད་ནི་སྣ་བརྒྱའི་ཚོང་ར་དང་འདྲ་མཉམ་ཡོང་དཀའ་བ་ཞིག་ཡིན་པ་དང་། དེ་གཉིས་ཀྱི་རིམ་པར་བར་ཐག་ཆེན་པོ་ཡོད་ཅིང་། དེའི་ཁྲོད་དུ་རིམ་པ་རྩེར་སོན་གྱི་ཚོང་རྟགས་ཅན་གྱིས་ནང་འདྲེན་བྱས་ཡོད་སྲིད། ཆེད་གཉེར་ཁང་དང་སྣ་བརྒྱའི་ཚོང་ར་གཉིས་ཀྱི་སྐྱེལ་འདྲེན་ལ་འདྲ་ས་ཡོད་ལ་མི་འདྲ་ས་ཡང་ཡོད།

2 གྱོན་གོས་ཆེད་འཚོང་ཁང་དང་ཚོང་ཁང་གཉིས་ཀྱི་ཁྱད་པར།

གྱོན་གོས་ཆེད་འཚོང་ཁང་དང་ཆེད་གཉེར་ཁང་གཉིས་ལ་ཁྱད་པར་ཆེན་པོ་ཡོད་དེ། ཁྱད་པར་གཙོ་བོ་ནི་དེ་གཉིས་ཀྱི་བདག་དབང་འབྲེལ་བ་མི་གཅིག་ལ། ཕྱིར་འཚོང་གྱོན་གོས་ཀྱི་ཚོང་རྟགས་ཀྱང་འདྲ་བ་མིན། དེ་བས་གྱོན་གོས་སྣ་འཛོམས་ཡིན་མིན་གྱི་ཚད་ཐིག་ལ་བར་ཁྱད་ཡོད་དེ།

(1) ཆེད་གཉེར་ཁང་ནི་ཆེད་ལས་ཀྱི་རྣམ་པའི་ཚད་རིམ་ཅུང་མཐོ་བའི་སིལ་འཚོང་ཁང་ཡིན་པ་དང་། དེ་ནི་སྒེར་གཉེར་ཚོང་ལས་བདག་གཉེར་གྱི་ལས་རིགས་སུ་གཏོགས་ཤིང་། ཁོ་ཚོའི་ལས་གཉེར་གྱི་དམིགས་ཡུལ་གཙོ་བོ་ནི་ཁེ་ཕན་རག་རྒྱུ་དེ་ཁོ་ན་ཡིན། ཆེད་འཚོང་ཁང་ནི་རྒྱུན་པར་ཚོང་ཟོང་ཐོན་སྐྱེད་དང་ཡང་ན་ཚོང་ཟོང་ཐོན་སྐྱེད་དང་འབྲེལ་བ་དམ་པོ་ཡོད་པའི་ཀུང་སིའི་གསར་སྤེལ་གྱི་ལས་གཉེར་ལ་བརྟེན་ནས་བྱུང་པ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་ཁེ་ཕན་ཁོ་ན་རག་རྒྱུ་དེ་མ་ཡིན་པར། རང་ཉིད་ཀྱི་གྱོན་གོས་ཚོང་རྟགས་ཀྱི་དགེ་མཚན་ཁྱབ་སྒྲོག་བྱ་རྒྱུ་དེ་ཡང་ཡིན།

(2) ཆེད་གཉེར་ཁང་ནི་རྒྱུན་པར་ཚོང་ཟོང་གི་རིགས་དང་ཚོང་ཟོང་གི་ཚོང་རྟགས་བསྡུ་གཉེར་གྱི་ཁ་གཏད་ཡུལ་ཡིན་པ་དང་། ཆེད་གཉེར་ཁང་ནི་ཚོང་རྟགས་གྲགས་ཅན་གྱི་རིགས་ལ་དབྱེ་འཛིན་མེད་པ་ཞིག་ཡིན། དེ་བས་ས་རྒྱ་ཆེན་པོ་བཟུང་ཆོག་ལ་གྱོན་གོས་སྣ་འཛོམས་གཉེར་ཆོག་ཅིང་། གྱོན་གོས་གང་རུང་ཞིག་གི་བཟོ་དབྱིབས་དང་ཚོས་གཞི། ཟོང་རིགས་ཧ་ཅང་འཛོམས་པོ་བསྡུས་ཆོག་པ་ཞིག་ཡིན་པས། ཚོང་མགྲོན་མང་པོ་ཞིག་གི་དགོས་མཁོ་སྐོང་ཐུབ་པ་ཞིག་ཡིན། ཆེད་འཚོང་ཁང་གིས་རང་ཉིད་ཀྱི་ཚོང་རྟགས་གྲགས་ཅན་གྱི་གྱོན་གོས་ཁོ་ན་འཚོང་བ་ཞིག་ཡིན་པས། དེའི་ཚོས་གཞི་དང་ཨང་རྟགས་སོགས་ཚང་མར་ཚད་ཡོད་པ་ཞིག་ཡིན་ཞིང་། མགྲོན་འགུག་གི་ནུས་པ་ཡང་ཆེད་གཉེར་ཁང་ལས་ཞན་པ་ཡིན། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-05

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།