ཉོ་ཆ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།
  • དཔལ་འབྱོར་དང་ཁོམ་སྐབས་ཀྱི་བྱ་འགུལ།
  • དག་ཡིག

ཉོ་ཆ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(དཔལ་འབྱོར་དང་ཁོམ་སྐབས་ཀྱི་བྱ་འགུལ།)

ཉོ་ཆ།
དེ་ནི་དཔལ་འབྱོར་དང་ངལ་རྩོལ་ལྷག་མའི་བྱ་འགུལ་གཉིས་མཐོང་ཐུབ་པ་ཞིག་ཡིན་ཏེ། ཉོ་བ་ནི་འཛད་སྤྱོད་པས་ཚུར་ཉོ་བ་ཞིག་དང་། ཉོ་ཆ་ནི་ཚོང་བདག་གིས་ཕྱིར་འཚོང་བའི་དངོས་ཟོང་ལ་ཟེར་བ་ཡིན། དེ་ལ་ཕོ་མོ་རྒན་གཞོན་སོགས་ཀྱི་དབྱེ་བ་མེད་པར། ཁྱིམ་ཚང་དང་འཚོ་བའི་ཁྲོད་དུ་ངེས་པར་དུ་གྲ་སྒྲིག་བྱ་དགོས་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
购物
ཕྱི་ཡིག་གི་མིང་།
Shopping
རིགས་དབྱེ།
དཔལ་འབྱོར་དང་ཁོམ་སྐབས་ཀྱི་བྱ་འགུལ།
1 གོ་དོན། 

ཉོ་ཆ་ཞེས་པར་དབྱིན་སྐད་དུ(Shopping)ཞེས་ཟེར་བ་དང་། ཐེ་ཝན་གྱི་མིས་ནི་མིང་བརྡ་དེའི་སྒྲ་གདངས་དང་ཉེ་བར“ཞེ་ཕིང”ཞེས་སུ་འབོད། དེའི་གོ་དོན་ནི་སིལ་འཚོང་ཁང་ལས་མཁོ་དངོས་འདེམ་པའམ་ཡང་ན་ཚོང་ཟོང་ཉོ་བ་དང་ཞབས་ཞུ་བྱེད་པའི་སྦྱོར་བ་ཞིག་ལ་ཟེར་བ་དང་། དེ་ནི་དཔལ་འབྱོར་དང་ངལ་རྩོལ་ལྷག་མའི་བྱ་འགུལ་གཉིས་མཐོང་ཐུབ་པ་ཞིག་ཡིན་ཏེ། ཉོ་བ་ནི་འཛད་སྤྱོད་པས་ཚུར་ཉོ་བ་ཞིག་དང་། ཉོ་ཆ་ནི་ཚོང་བདག་གིས་ཕྱིར་འཚོང་བའི་དངོས་ཟོང་ལ་ཟེར་བ་ཡིན། དེ་ལ་ཕོ་མོ་རྒན་གཞོན་སོགས་ཀྱི་དབྱེ་བ་མེད་པར། ཁྱིམ་ཚང་དང་འཚོ་བའི་ཁྲོད་དུ་ངེས་པར་དུ་གྲ་སྒྲིག་བྱ་དགོས་པ་ཞིག་ཡིན། ཉོ་ཆ་ཞེས་པའི་མིང་བརྡ་དེ་གནའ་སྔ་མོའི་དུས་ཀྱི་ཤེས་རིག་མི་འདྲ་བ་དག་ནས་བྱུང་ཡོད་པ་དང་། གནའ་བོའི་རོ་མ་རྒྱལ་ཁབ་ཀྱི་ཐུའུ་རཱ་ཀྲིན་སུ་ཁྲོམ་ར་(Trajan's Market) ཞེས་པ་ལས taberna ནི་སིལ་འཚོང་ཁང་ཞིག་ཡིན་པ་མ་ཟད། ཧྭ་དིག་ལའང་ལྕག་རི་རིང་པོའི་སྟེང་རོ་མའི་མིས་དམག་མི་དག་ལ་བྲིས་པའི་ཉོ་ཆའི་རྩིས་ཐོ་ཞིག་འདུག་པ་དེ་ལས། མིང་བརྡ་འདི་བྱུང་བའི་ལོ་རྒྱུས་ནི་སྤྱི་ལོ 75 — 125 ཙམ་དུ་འདེད་ཐུབ་བོ། །

2 མི་སྒེར་གྱི་སྦྱོར་བ།

ཉོ་ཆ་ནི་སྤྲོ་སྣང་ལྡན་པའི་དོན་དག་ཅིག་ཡིན་ཏེ། ཉོ་ཆའི[Shopping]དོན་སྙིང་ནི། དངོས་ཟོང་ཉོ་ཆ་རྒྱག་པ་དེ་ཡིན་ལ། སྟབས་བདེ་སྒོས་འགྲེལ་ན་མི་རྣམས་ཀྱིས་དངོས་ཟོང་སྣམ་པ་སྣ་ཚོགས་ཀྱི་ཉོ་ཆ་རྒྱག་པའི་སྦྱོར་བ་ཞིག་དང་བྱེད་ཐབས་ཤིག་ཡིན་པ་དང་། དངོས་ཟོང་ལ་མ་བཅོས་པའི་དངོས་པོ་དང་བརྫུས་བཟོས་དངོས་པོ་གཉིས་སུ་འདུ་ལ། མི་མང་ཆེ་བར་བལྟས་ཏེ་བརྗོད་ན་ཉོ་ཆ་ནི་ཚོང་ཁང་མི་འདྲ་བ་མང་པོར་སོང་ནས་དངོས་ཟོང་གདམས་ཉོ་བྱས་ཆོག་པ་ཞིག་ཡིན་པས། དེ་ནི་སྤྲོ་གསེང་བྱ་འགུལ་ཞིག་ཏུ་བརྩིས་ཆོག་ལ། དེ་དང་མཉམ་དུ་དར་ཆེ་བའི་ཤེལ་སྒྲོམ་ཉོ་ཆ་དར་བ་དང་། དེ་ནི་ཚོང་ཁང་གི་ཤེལ་སྒྲོམ་ཚོང་ཟོང་དག་ལ་བལྟ་བར་དམིགས་པ་ཞིག་ཡིན་པ་དང་། ངེས་པར་དུ་ཉོ་ཆ་རྒྱག་དགོས་པའི་ངེས་པ་མེད་མོད། འོན་ཀྱང་མི་ལ་ལར་ཉོ་ཆ་རྒྱག་པ་ནི་དཀའ་ཁག་ལྡན་པ་ཞིག་ཡིན་ཡང་སྲིད་དེ། དཔེར་ན། ཉོས་ཟིན་པའི་ཐོན་རྫས་ཀྱི་ཟོང་སྤུས་མི་བཟང་བ་དང་། ཐ་ན་མགོ་སྐོར་ཐེབས་པ། ཚོང་ཟོང་ཕྱིར་སློག་དགོས་པའི་གནད་དོན་འབྱུང་སྲིད་པ་དང་། ད་དུང་མི་ལ་ལ་ཉོ་ཆ་རྒྱག་པའི་བསླུ་བྲིད་དུ་བྱིངས་ཏེ། ཉོ་ཆ་རྒྱག་པའི་སྨྱོ་ཞད་ཅན་ཏུ་འགྱུར་ངེས། ཉོ་ཆ་རྒྱག་མཁན་དེ་དག་ལ་ཉོ་ཆ་རྒྱག་པའི་ཚད་གཟུང་གི་བཀག་རྒྱ་མི་ཐེབས་པས། མི་སྒེར་དང་སྤྱི་ཚོགས་སྟེང་གནད་དོན་སློང་ངེས་པ་ཡིན།

3 ཁྲོམ་རའི་ཁྱད་ཆོས།

(1) ཕྱིར་འཚོང་གི་རྣམ་པ །

ཉོ་ཆའི་གནས་གཞི་གཙོ་བོ་ལ་ཉོ་ཆའི་དཀྱིལ་སྙིང་དང་། སྤྱི་གླིང་། འགྲམ་སྟེགས་ཁྲོམ་ར་བཅས་ཡོད་པ་དང་། གཅིག་འདུས་ཚོང་རར་ཚོང་ཁང་དང་སྟབས་བདེ་ཚོང་ཁང་སོགས་ཕྱོགས་འཛོམས་ཀྱིས། ཐོན་རྫས་སྣ་ཚོགས་ཉོ་ཚོང་བྱེད་བཞིན་ཡོད། ཉོ་ཆའི་དཀྱིལ་སྙིང་ནི་སྤྱིར་བཏང་དུ་གྲོང་ཁྱེར་གྱི་གཞི་རྒྱ་ཆེ་བའི་ཚོང་ལས་གནས་གཞི་རུ་ཆགས་ཡོད་པ་དང་། ཚོང་ཁང་ནི་ཕྱིར་འཚོང་ཚོང་ཟོང་གི་རིག་དབྱེ་ལྟར། དཔེ་ཁང་དང་། སྨན་ཁང་། སྤུས་ལེགས་གྱོན་ཆས་ཚོང་ཁང་། སྲོག་ཆགས་ཀྱི་སྨན་རྫས། ཚད་མཐོའི་ཁྲོམ་ར་སོགས་ཡོད་ལ། གནས་སྐོར་ཁུལ་དུ་ཕན་ཚུན་ཞབས་ཞུའི་ཚོང་ལས་དང་། དུས་བསྟུན་ཚད་ལྡན་གྱི་འཛད་སྤྱོད་དངོས་རྫས། ད་དུང་ཚོང་ཁང་ནི་འཛད་སྤྱོད་པའི་ཡོང་སྒོ་དང་བསྟུན་ནས་དབྱེ་བ་རིགས་མི་འདྲ་བ་ཡོད་དེ། འགའ་ཞིག་གིས་དངོས་ཟོང་རྙིང་པ་དང་ལེན་བྱེད་ཀྱི་ཡོད་པས། ཚོང་ཁང་ལ་ལས་ཚོང་རྫས་རྙིང་པ་འཚོང་བ་དང་། ལ་ལ་ནི་ཁེ་སྤོགས་མེད་པའི་རང་བཞིན་ཅན་གྱི་ཚོང་ཁང་ཡིན་ཏེ། དེ་ནི་འགའ་ཞིག་གིས་སྤྱི་དམངས་ཀྱིས་གནང་སྦྱིན་བྱས་པའི་བྱམས་བརྩེའི་སྒྲིག་གཞི་ཅན་གྱི་ལས་གཉེར་ལོངས་སུ་སྤྱོད་ཀྱི་ཡོད་པ་ཞིག་ཡིན།

ཚོང་རྟགས་དང་ཚོང་བྱང་གཅིག་མཚུངས་ཡིན་ཞིང་། ལས་སྣོན་དང་ཕྱིར་འཚོང་གི་ཚོང་ཟོང་གཅིག་མཚུངས་ཡིན་པའི་ཚོང་ཁང་མི་ཉུང་པ་ཞིག་ནི་མཉམ་འབྲེལ་རང་བཞིན་གྱི་ཚོང་གཉེར་ཡིན་པ་ཡང་ཡོད།

(2) ནང་འཚོང་རང་བཞིན།

ཁྱིམ་ནང་གི་ཉོ་ཆ་ནི་བརྙན་འཕྲིན་དང་། ཁ་པར། སྦྲེལ་མཐུད་དྲ་རྒྱའི་ཁྱབ་རྒྱ་ལྟར། འཚད་སྤྱོད་པས་གློག་རྡུལ་ཚོང་ལས་དངB2Cམ་ལག་གི་སྟེང་དུ་སྦྲགས་ལམ་ཞབས་ཞུ་སོགས་ཀྱི་ཐབས་ལམ་བརྒྱུད་ནས། འཛད་སྤྱོད་པ་ཁྱིམ་དུ་བསྡད་ནས་ཉོ་ཆ་བརྒྱབ་ཆོག་པ་དང་།Home shoppingཁྱིམ་དུ་བསྡད་ནས་ཉོ་ཆ་བརྒྱབ་པ་ཕྱི་རུ་བསྐུར་ཀྱང་ཆོག་པ་དང་དེ་རྗེས་ཚོང་སྒོར་ཡོང་ནས་ཚོང་ཟོང་བླངས་ཆོག པའི་ཉོ་ཆའི་ཚོང་ལམ་ལ་དྲ་ལམ་དང་། ཁ་པར། སྦྲག་སྲིད་སྐུར་ལམ་སོགས་ཡོད།

(3) དྲ་ལམ་རང་བཞིན།

སྟབས་བདེ་སྒོས་འགྲེལ་ན། དྲ་ལམ་ཉོ་ཆ་ནི་སྲོལ་རྒྱུན་གྱི་ཚོང་ཁང་ཐད་ཀར་ཁྱིམ་དུ་གནས“སྤར”བ་ཞིག་ཡིན་ཞིང་། དེས Internet སྤྱད་དེ་ཐད་ཀར་རང་ཉིད་ལ་མཁོ་བའི་ཚོང་ཟོང་དང་ཡང་ན་རང་ཉིད་ཀྱིས་སྤྱོད་དགོས་པའི་ཞབས་ཞུའི་ཉོ་ཆ་རྒྱག་པ་ཞིག་ཡིན། ཆེད་ལས་རང་བཞིན་གྱིས་བཤད་ན། དེ་ནི་ཚོང་ཟོང་བརྗེ་རེས་བྱེད་མཁན་གྱིས་ཕན་ཚུན་ལ་ཚོང་གཏམ་པ་དང་གན་རྒྱའི་ཆོད་ཡིག་འཇོག་པ། རིན་གོང་འཇལ་བ། ཚོང་བརྗེའི་བརྡ་གཏོང་སོགས་བརྗེ་རེས་ཀྱི་གོ་རིམ་ཧྲིལ་བོར་ཟེར་བ་ཡིན་ནོ། །

4 དགེ་མཚན། 

ཉོ་ཆ་རྒྱག་པ་ནི་སྤྱི་ཚོགས་སྟེང་གི་ཕོ་མོ་རྒན་གཞོན་སུ་ཞིག་ཡིན་རུང་རྒྱུན་ལྡན་གྱི་འཚོ་བའི་སྤྱོད་སྟངས་དང་འབྲལ་ཐབས་མེད་པ་ཞིག་ཡིན་ཞིང་། ལྷག་པར་དུ་ཕོ་མོ་གཉིས་སོ་སོས་རང་རང་ལ་འཚམ་པའི་ཉོ་ཆ་རྒྱག་སྐབས་མི་འདྲ་བའི་ཁྱད་པར་ཡོད་དེ།

བུད་མེད་དག་ལ་ཉོ་ཆ་རྒྱག་པའི་གོ་རིམ་གལ་ཆེ་བ་དང་། སྐྱེས་པ་དག་ལ་ཉོ་ཆ་རྒྱག་པའི་མཇུག་འབྲས་གལ་ཆེ་བ་ཡིན། སྐྱེས་པ་མང་པོ་ཞིག་བུད་མེད་དག་ལ་འགྲོགས་ཏེ་སྲང་ཉུལ་རྒྱག་པ་དེ་སྡུག་བསྔལ་ཅིག་མིན་ལ། སྲང་ཉུལ་ཡང་ཚོང་ཟོང་མི་ཉོ་བ་ནི་ཁོ་ཚོའི་སྡུག་བསྔལ་ཆེས་ཆེ་བ་དེ་ཡིན། སྐྱེས་པ་ཞིག་ལ་མཚོན་ན་ཉོ་ཆ་རྒྱག་སྐབས་རང་ཉིད་ཀྱི་བློ་དང་འཚམ་པ་ཞིག་དེ་མ་ཐག་ཉོ་བ་གོམས་གཤིས་ཡིན། འོན་ཀྱང་བུད་མེད་དག་ནི་དེ་འདྲ་ཞིག་མ་ཡིན་པར། ནམ་རྒྱུན་ཅ་ལག་གང་ཞིག་ཉོ་ཡང་ལྟ་ཡག་བརྟག་ཡག་བྱེད་ཅིང་། རིན་གོང་ཡང་ཡང་གཏམ་ཏེ་འོས་འཚམ་སྟབས་བདེ་ཞིག་ཡོང་བ་ལ་བརྩོན་པར་བྱེད། འདི་ནི་གང་སྒྲུབ་ཐད་སོར་ཡིན་པའི་སྐྱེས་པ་དག་ལ་མཚོན་ན་སེམས་ནས་ཅུང་བཟོད་པར་དཀའ་བ་ཞིག་ཡིན།

དོན་དངོས་སུ་འདི་ལྟ་བུའི་ཉོ་ཚོང་གི་རྣམ་པས་བུད་མེད་དག་གི་སེམས་ཁམས་བདེ་ཐང་ལ་དགེ་མཚན་ཀྱི་ནུས་པ་ཆེན་པོ་ཐོན་ཡོད་དེ། སེམས་ཁམས་རིག་པའི་གཞུང་ལུགས་སུ་ཁྲོམ་ར་ཉུལ་ཡང་ཚོང་ཟོང་མི་ཉོ་བའི་སེམས་གཤིས་ལ། “སེམས་གཤིས་ངོས་ཟིན” ཞེས་ཟེར་བ་དང་། ཡང་ན་བུད་མེད་ཀྱིས་རང་གི་འདོད་བློ་ཚིམ་རྒྱུ་ནི་ཉོ་ཆ་རྒྱག་པའི་གོ་རིམ་འདིའི་ཁྲོད་ནས་མངོན་འགྱུར་བྱ་དགོས་པ་ཞིག་མིན་པས། ཚོང་ཟོང་གི་རིན་གོང་དང་རྒྱུ་སྤུས་གང་གི་ཐད་ནས་ཀྱང་རྒྱས་ལོན་ཟབ་མོ་བྱུང་ན་ད་གཟོད་བུད་མེད་ཀྱི་འདོད་བློ་སྐོང་ཐུབ་ངེས་ཡིན།

ཚོང་རའི་ནང་གི་ཚོང་ཟོང་རིན་ཆེན་མུ་ཏིག་དང་གྱོན་ཆས་ལྟ་བུ་ནི་གློག་འོད་ཀྱི་སྡེབ་འཕྲོ་འགྲིག་སྤྱོར་གྱིས་ཚང་མ་མཛེས་པར་བྱ་ནུས་པ་ཞིག་ཡིན་པས། གཉུག་མ་ནས་མཛེས་པར་དགའ་བའི་བུད་མེད་དག་ལ་མཚོན་ན་འདི་ནི་སེམས་ཁམས་ཀྱི་མྱོང་བྱ་ཞིག་དང་འདོད་བློ་ཚིམ་བྱེད་ཆེས་ལེགས་པ་ཞིག་ཡིན་ནོ། །

སྤྱིར་ཕོ་མོ་སུ་ཞིག་ཡིན་རུང་སྲང་ལམ་དུ་འཁོར་བསྐྱོད་བྱ་དགོས་པས། གོང་སྨྲས་སྲང་ཉུལ་སྟངས་སོ་སོའི་དགེ་མཚན་ནི་སྐྱེས་པས་ཀྱང་དེ་ལ་དེ་འཚམ་གྱི་ཐབས་ཤེས་སྤྱད་ན་དགེ་མཚན་ཆེན་པོ་ཐོན་ངེས་པ་སྟེ། ཕོ་མོ་སུ་ཞིག་ཡིན་རུང་སྲང་ཉུལ་རྒྱག་རྒྱུ་ནི་སེམས་ཁམས་ལྷོད་གཡེང་བྱེད་པའི་ཐབས་ཤེས་གལ་ཆེན་ཞིག་ཡིན་པས། རྣམ་པ་སྣ་ཚོགས་ཀྱི་ཚོང་ཁང་དག་གིས་ཀྱང་ཕོ་མོའི་དམིགས་བསལ་གྱི་སེམས་པའི་གཤིས་ཀ་དང་འདོད་བློའི་དགོས་མཁོ་ལྟར་ཚོང་ལས་ཀྱི་ཕྱོགས་ནས་གྲ་སྒྲིག་བྱ་རྒྱུ་ནི་གལ་ཆེའོ། །


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

འཚོ་བ། སྤྲོ་གསེང་། ཉོ་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-08

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།