ཚོང་ལས་ཁུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཚོང་ལས་ཁུལ།
ཚོང་ལས་ཁུལ་ནི་སིལ་འཚོང་ཚོང་ལས་བསྡུ་རུབ་བྱས་ཡོད་སར་ཟེར་བ་དང་། བརྗེ་རེས་མང་པོ་ཡོད་སའི་སྤྱི་བོའི་ལས་གནས་ཁུལ་དུ་ཡོད་ཅིང་། ཚོང་ལས་ཁུལ་ནི་སྤྱིར་བཏང་གྲོང་ཁྱེར་ཆེན་པོའི་དཀྱིལ་དབུས་སུ་ཆགས་ཡོད་དེ། འགྲིམ་འགྲུལ་ལམ་སྣེ་དང་། འདུ་ཆ་རྒོད་པའི་སྲང་འགྲམ་གཡས་གཡོན། གཞི་རྒྱ་ཆེ་བའི་སྤྱི་བོའི་སྒྲིག་བཀོད་གྱི་མཐའ་འཁོར་སོགས་སུ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
商业区
ཕྱི་ཡིག་གི་མིང་།
business zone
1 མཚམས་སྦྱོར། 

ཚོང་ལས་ཁུལ་ནི་སིལ་འཚོང་ཚོང་ལས་བསྡུ་རུབ་བྱས་ཡོད་སར་ཟེར་བ་དང་། བརྗེ་རེས་མང་པོ་ཡོད་སའི་སྤྱི་བོའི་ལས་གནས་ཁུལ་དུ་ཡོད་ཅིང་། ཚོང་ལས་ཁུལ་ནི་སྤྱིར་བཏང་གྲོང་ཁྱེར་ཆེན་པོའི་དཀྱིལ་དབུས་སུ་ཆགས་ཡོད་དེ། འགྲིམ་འགྲུལ་ལམ་སྣེ་དང་། འདུ་ཆ་རྒོད་པའི་སྲང་འགྲམ་གཡས་གཡོན། གཞི་རྒྱ་ཆེ་བའི་སྤྱི་བོའི་སྒྲིག་བཀོད་གྱི་མཐའ་འཁོར་སོགས་སུ་ཡོད། གྲོང་ཁྱེར་ཆེན་པོ་དང་ཆེས་ཆེ་བའི་གྲོང་ཁྱེར་གྱི་ཚོང་ལས་ཁུལ་ལ་དཀྱིལ་དབུས་དང་། ཁུལ། སྲང་སོགས་རིམ་པ་མི་འདྲ་བ་དང་གཞི་ཁྱོན་ཆེ་ཆུང་མི་འདྲ་བའི་ཚོང་ལས་ཁུལ་བཅས་ཀྱི་དབྱེ་བ་ཡང་ཡོད་ཅིང་། དཀྱིལ་དབུས་ཚོང་ལས་ཁུལ་དེ་ཡང་རིམ་བཞིན་དཀྱིལ་དབུས་ཚོང་དོན་ཁུལ་དུ་གྲུབ་པ་དང་། དཀྱིལ་སྙིང་གཙོ་བོ་དེ་ཡང་གཞི་ཁྱོན་ཅུང་ཆེ་བའི་དངུལ་ཁང་དང་། ཉེན་སེལ་འགན་ལེན་ཀུང་སི། ནོར་དོན་ཀུང་སི་བཅས་ཀྱིས་དངུལ་རྩའི་གཙོ་སྙིང་དང་ཡང་ན་དངུལ་རྩའི་དཀྱིལ་སྙིང་གྲུབ་ལ། དེ་ལས་གཞན་ཕྱི་ཕྱོགས་སུ་གཞི་ཁྱོན་ཅུང་ཆེ་བའི་བཟོ་ལས་དང་ཚོང་ལས་ཁེ་ལས་གྱི་སྤྱི་ཁྱབ་པུའུ་ཡི་སྒྲིག་གཞི་གྲུབ་པ་དང་། ད་དུང་དེའི་ཕྱི་ལོགས་སུ་འདི་དག་གཙོ་སྙིང་ཡིན་པའི་ཀུང་སི་དང་གཞུང་ལས་སྒྲིག་གཞི་ལ་རྩིས་གཉེར་བ་དང་གཟུ་བ། བློ་འདྲི་བ། ཁྱབ་སྒྲོག་པ། བདག་གཉེར་བ། ཁྲོམ་རའི་བློ་འདོན་པ་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་པའི་ཀུང་སི་གྲུབ་ཡོད། 

2 རིག་དབྱེ།

ས་ཁུལ་གཅིག་དུ་ཚོང་ལས་ཁུལ་རྣམ་པ་མི་འདྲ་བ་ཆེན་པོ་གཤམ་གསལ་རིགས་འགའ་ཡོད་དེ།

(1) གཙོ་སྙིང་ཚོང་ལས་། 

དེ་ནི་གཅིག་སྡུད་སིལ་འཚོང་གི་དཀྱིལ་སྙིང་ཡིན་ལ། གྲོང་ཁྱེར་ཞིག་གི་གྲུབ་ཆ་གཙོ་ཤོས་དེ་ཡང་ཡིན། དཀྱིལ་སྙིང་ཚོང་ལས་ཁུལ་ནི་ཚོང་ཁང་གི་གྲངས་ཀ་མང་བ་ཙམ་མ་ཡིན་པར། ཚོང་ཁང་གི་རིགས་དང་སིལ་འཚོང་ལས་རིགས་ཀྱང་མང་པོ་ཡོད་པས། ཚོང་ཟོང་གྲ་རྒྱས་དང་ཞབས་ཞུ་སྣ་མང་མཁོ་སྤྲོད་བྱེད་ཀྱི་ཡོད། ཚོང་མགྲོན་གཙོ་སྙིང་ཚོང་ལས་ཁུལ་དུ་སོང་ནས་ཉོ་ཆ་བརྒྱབ་ན་གཞན་ལས་མང་པའི་གདམ་གསེས་ཀྱི་གོ་སྐབས་འཐོབ་ཐུབ་པ་མ་ཟད། སྣ་མང་རང་བཞིན་གྱི་ཞབས་ཞུ་ཡང་འཐོབ་ཐུབ། དེ་བས་གཙོ་སྙིང་ཚོང་ལས་ཁུལ་ནི་ས་ཁུལ་ཞིག་གི་སིལ་འཚོང་འགུག་ཤུགས་ལྡན་པའི་ས་ཁུལ་ཞིག་ཡིན། འོན་ཀྱང་། རླངས་འཁོར་སྡོད་ཡུལ་འཚུབ་ཆ་ཆེ་བ་དང་། མི་ཚོགས་མང་བ། ཚོང་ཟོང་སྐྱེལ་འདྲེན་ལ་དཀའ་ཁག་ཆེ་བ། ས་རིན་ཧ་ཅང་མཐོ་བ་བཅས་ནི་གཙོ་སྙིང་ཚོང་ལས་ཁུལ་གྱི་མི་འདང་ས་གཙོ་བོ་ཡིན། གཙོ་སྙིང་ཚོང་ལས་ཁུལ་མང་ཆེ་བ་ནི་ལོ་རྒྱུས་རང་བཞིན་གྱིས་གྲུབ་པ་ཡིན་པས། གྲོང་ཁྱེར་གྱི་མེ་འཁོར་འབབ་ཚིགས་ཀྱི་ཉེ་འཁོར་དུ་མང་པོ་ཡོད།

(2) ཚོང་ལས་ཁུལ་ཕལ་བ།

དེ་ནི་གྲོང་ཁྱེར་ཞིག་གི་རིམ་པ་གཉིས་པའི་ཚོང་ལས་ཁུལ་ཡིན་ལ། དེའི་གཞི་ཁྱོན་ནི་གཙོ་སྙིང་ཚོང་ལས་ཁུལ་ཆུང་བ་ཡིན་དགོས། གྲོང་ཁྱེར་ཞིག་དུ་སྤྱིར་བཏང་ཚོང་ལས་ཁུལ་ཕལ་བ་འགའ་རེ་ཡོད་པ་དང་། ཚོང་ལས་ཁུལ་རེ་རེར་མ་མཐར་ཡང་གཞི་ཁྱོན་ཅུང་ཆེ་བའི་སྣམ་འཛོམས་ཚོང་ཁང་དང་གྲངས་ཀ་ཅུང་མང་པའི་ཆེད་འཚོང་ཁང་རེ་ཡོད་ཅིང་། ཚོང་ཁང་གི་ཁ་གྲངས་ཅུང་ཉུང་བ་དང་། ཚོང་ཟོང་ལས་གཉེར་གྱི་སྣ་ཁ་ཡང་ཅུང་ཉུང་བ་མ་གཏོགས། ཚོང་ལས་ཁུལ་ཕལ་བའི་དཀྱིལ་སྙིང་ཚོང་ལས་ཁུལ་གྱི་ཚོང་ཁང་གི་རིགས་དང་ཉོ་ཚོང་ཡོད་ཚད་ཀྱི་ཚོང་ཟོང་ནི་ཕལ་ཆེ་བ་དཀྱིལ་སྙིང་ཚོང་ལས་ཁུལ་དང་འདྲ་བ་ཡིན།

དཀྱིལ་སྙིང་ཚོང་ལས་ཁུལ་ཕལ་བ་ནི་གཙོ་བོ་ཕྱོགས་བསྡུས་རྣམ་པ་གཙོ་བོ་ཡིན་མོད། འོན་ཀྱང་ཆེད་ལས་རང་བཞིན་གྱི་དཀྱིལ་སྙིང་ཚོང་ལས་ཁུལ་ཕལ་བ་ཡང་ཡོད། དེ་བཞིན་ཁུལ་དེའི་སིལ་འཚོང་ཁང་རེ་རེས་ཚོང་ཟོང་རིགས་མི་འདྲ་བ་རེ་གཉེར་གྱི་ཡོད་པ་དང་། དེ་ནི་དཀྱིལ་སྙིང་ཚོང་ལས་ཁུལ་དང་བསྡུར་ན། དཀྱིལ་སྙིང་ཚོང་ལས་ཁུལ་ཕལ་བའི་ཁུལ་གྱི་ཚོང་མགྲོན་ཅུང་ཉུང་བ་དང་། སའི་རིན་གོང་ཀྱང་དེ་བས་མཐོ་རྒྱུ་མེད།

(3) ཚོང་ལས་ཁུལ་ཆུང་བ།

ཚོང་ལས་ཁུལ་ཆུང་བར་རིགས་མི་འདྲ་བ་གཉིས་ཡོད་དེ། རིགས་གཅིག་ནི་ཚོང་མགྲོན་འདུ་འཛོམས་རྒོད་པའི་ཉེ་འཁོར་གྱི་ཚོང་ལས་ཁུལ་ཆུང་བ་ཡིན་ཏེ། དཔེར་ན། རླངས་འཁོར་ས་ཚིགས་དང་། ལས་རྩལ་ར་བ། སློབ་ཆེན་སོགས་ཀྱི་ཉེ་འཁོར་དུ་གནས་པའི་རྣམ་པ་ཆུང་བའི་སྟེགས་བཤམས་ཚོང་ལས་བཅས་ཡིན། རིགས་ཅིག་ཤོས་ནི་སྡོད་དམངས་ཁུལ་ཉེ་འགྲམ་གྱི་ཚོང་ལས་ཁུལ་ཆུང་བའི་རིགས་ཡིན།

ཁུལ་དེ་གཉིས་སོ་སོའི་ཚོང་ཁང་གི་རིགས་དང་ལས་གཉེར་བའི་ཚོང་ཟོང་གི་རིགས་ཀྱང་མང་ཆེ་བ་མི་འདྲ་ཞིང་། ཚོང་མགྲོན་འདུ་འཛོམས་རྒོད་སའི་ཉེ་འཁོར་གྱི་ཚོང་ལས་ཁུལ་ཆུང་བའི་ཚོང་ཟོང་ནི་ཁུལ་དེའི་བྱ་འགུལ་དང་འབྲེལ་བ་ཡོད་པའི་ཚོང་ཟོང་ཡིན་ཏེ། དཔེར་ན། ལུས་རྩལ་ར་བའི་ཉེ་འཁོར་གྱི་ཚོང་ལས་ཁུལ་དུ་ལས་སྦྱོང་ཡོ་ཆས་གཙོ་བོར་འཚོང་ལ། ཚོང་ཁང་གི་རིགས་ནི་རྣམ་པ་ཆུང་བའི་ཆེད་ཚོང་ཁང་གཙོ་བོ་ཡིན། དེར་མ་ཟད་སྡོད་དམངས་ཁུལ་ཉེ་འཁོར་གྱི་ཚོང་ལས་ཁུལ་ཆུང་བའི་རིགས་ཀྱིས་གཙོ་བོ་སྡོད་དམངས་ཀྱིས་རྒྱུན་ལྡན་འཚོབ་བའི་ཁྲོད་སྤྱོད་པའི་ཕོག་ཆུང་ཚོང་ཟོང་འཚོང་བ་དང་། ཚོང་ཁང་གི་རིགས་ནི་ཆུང་འབྲིང་རྣམ་པའི་སྒོ་རྩིས་ཚོང་ཁང་དང་ཕོག་ཉུང་ཚོང་ཁང་གཙོ་བོ་ཡིན།

སྤྱིར་བཏང་དུ། ཚོང་ལས་ཁུལ་ཆུང་བའི་ཚོང་ཁང་གི་ཁ་གྲངས་མང་རྒྱུ་མེད་ལ། ཚོང་ཁང་རེ་རེའི་གཞི་ཁྱོན་ཀྱང་ཆེ་རྒྱུ་མེད། འོན་ཀྱང་ཚོང་ལས་ཁུལ་ཆུང་བ་འདི་དག་གི་ཁོར་ཡུག་ཅུང་ལྷིང་འཇགས་ཡིན་ལ། རླངས་འཁོར་སྡོད་སྟབས་བདེ་བ་དང་། ས་རིན་ཀྱང་མཐོ་རྒྱུ་མེད་པ་ཞིག་ཡིན།

(4) ཉོ་ཆའི་ལྟེ་གནས།

ཉོ་ཆའི་ལྟེ་གནས་ཀྱིས་ཚོང་ཁང་རིགས་མི་འདྲ་བ་དག་ལ་སྒྲིག་བཀོད་ཆ་སྙོམས་ཡོང་བར་རེ་བ་ནན་མོ་འདོན་པ་དང་། དོ་མཉམ་རྣམ་པ་སྲུང་འཛིན་བྱེད་ཆེད། ཉོ་ཆའི་དཀྱིལ་སྙིང་གིས་རིགས་སོ་སོའི་སིལ་ཚོང་ཁང་གི་ཚོང་གཉེར་རྒྱ་ཁྱོན་དང་། འཚོང་བྱའི་དངོས་རིགས། ཉོ་ཆའི་དཀྱིལ་སྙིང་གི་ཞིབ་ཕྲའི་སྡོད་གནས་བཅས་གཏན་ཁེལ་བྱེད་ཀྱི་ཡོད་པས།གལ་ཏེ་སིལ་ཚོང་ཁང་གིས་གནས་དེར་ཚོང་ཁང་ཕྱེ་ན་ངེས་པར་དུ་གོང་གི་རེ་འདུན་དེ་དག་ལ་བསམ་གཞིག་གཏོང་དགོས། ཉོ་ཆའི་དཀྱིལ་སྙིང་ཚོང་ཁང་གི་རིགས་དང་ཡང་ན་ལས་གཞིའི་རྣམ་པ་ལ་གཙོ་བོ་སྣ་འཛོམས་ཚོང་ཁང་དང་། ཆེད་འཚོང་ཁང་། སྒོ་རྩིས་ཚོང་ཁང་བཅས་ཡོད། དེ་བས་སིལ་འཚོང་ཁང་ཉོ་ཆའི་དཀྱིལ་སྙིང་དུ་ཞུགས་སྐབས། བདམས་གསེས་བྱས་པའི་ལས་གཞིའི་རྣམ་པ་དེ་ཉོ་ཆའི་དཀྱིལ་སྙིང་གསར་འཛུགས་གནང་མཁན་གྱི་རེ་འདུན་དང་མཐུན་མིན་ལ་ཡང་བསམ་བློ་ཡག་པོ་གཏོང་དགོས།

(5) སྒེར་གཉེར་ཚོང་ལས་ཁུལ།

སྒེར་གཉེར་ཚོང་ལས་ཁུལ་དུ་ཚོང་ཁང་ཕྱེ་བ་ལ་ལེགས་ཆ་མང་པོ་ཡོད་དེ། དཔེར་ན། འགྲན་རྩོད་བྱེད་མཁན་མེད་པ་དང་། ས་རིན་དམའ་བ། བབ་བསྟུན་གྱི་རང་བཞིན་མཐོ་བ། འགྲུལ་ལམ་སྟབས་བདེ་བ། རླངས་འཁོར་འཇོག་བདེ་ལ། ཚོང་ཁང་གི་སྤྱིའི་སྡོད་གནས་ལ་ཡང་གདམ་གསེས་བྱས་ཆོག་པའི་ས་ལྷག་ཀྱང་ཡོད་པ་སོགས་སོ། ། འོན་ཀྱང་སྒེར་གཉེར་ཁུལ་ལ་ཞན་ཆ་ཡང་མང་པོ་ཡོད་དེ། དཔེར་ན་ཚོང་མགྲོན་ཚུར་འགུག་དཀའ་བ་དང་། ཁྱབ་བསྒྲགས་རིན་གོང་ཆུང་མཐོ་བ། སྤྱི་བོའི་འགྲོ་གྲོན་གྱི་འགན་ཁུར་ལྕི་བ་སོགས་ཡོད། རྣམ་པ་ཆུང་བའི་སིལ་འཚོང་ཁང་ཞིག་ལ་བལྟས་ཏེ་བརྗོད་ན། མཁོ་སྤྲོད་བྱེད་པའི་ཚོང་ཟོང་གི་རིགས་དང་ཞབས་ཞུ་ལ་ཚད་བཀག་ཧ་ཅང་ཆེ་བས། སྒེར་གཉེར་ཁུལ་དུ་ཚོང་ཁང་ཕྱེ་བ་ལ་ཉེན་ཁ་ཧ་ཅང་ཆེ། དེ་ལས་ལྡོག་སྟེ། རྣམ་པ་ཆེ་བའི་སིལ་འཚོང་ཁང་ལ་མཚོན་ན། གལ་ཏེ་དམིགས་ཡུལ་གཏད་སོ་ཡང་དག་ཡིན་ན། སྒེར་གཉེར་ཁུལ་དུ་ཚོང་ཁང་ཕྱེ་བ་དེ་ཡང་ཡང་དག་གི་ལམ་ཞིག་ཡིན། 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

འཚོ་བ། ཉོ་ཆ། ཚོང་ལས་ཁུལ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-05

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།