ཚོང་ར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཚོང་ར།
ཚོང་ར་ནི་རྣམ་པ་སྣ་ཚོགས་ཀྱི་ཚོང་ཁང་གིས་གྲུབ་པའི་ཁྲོམ་རར་ཟེར་ཞིང་། རྒྱ་ཁྱོན་ཅུང་ཆེ་བ་དང་ཚོང་ཟོང་ཅུང་སྣ་འཛོམས་ཡིན་པའི་ཚོང་ཁང་ཆེ་བའི་རིགས་ལ་བརྗོད་པ་དང་། ཡང་ན་ཚོང་ལས་ཀྱི་ཁམས་དང་ཡང་ན་དཔལ་འབྱོར་གྱི་ཁམས་ཞེས་ཀྱང་བརྗོད་ཀྱི་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
商场
ཕྱི་ཡིག་གི་མིང་།
mall
1 མཚམས་སྦྱོར་མདོར་བསྡུས།

(1) གཞི་ཁྱོན་ཅུང་ཆེ་བའི་ཚོང་ཁང་། དཔེར་ན་སྣ་བརྒྱའི་ཚོང་ཁང་དང་། རང་འདེམ་ཚོང་ར་ལྟ་བུ།

(2) ཚོང་ལས་ཀྱི་ཁམས་དང་། དཔལ་འབྱོར་ཀྱི་ཁམས། དཔེར་ན། “ཚོང་ར་ནི་གཡུལ་ས”དང་འདྲ་བ་ཡིན།

(3) ཆིག་སྦྲེལ་བྱས་པའི་འཛུགས་སྐྲུན་གཅིག་གམ་ཡང་ན་འགའ་ཞིག་གི་ནང་དུ་ཚོང་ཁང་སྣ་ཚོགས་ཀྱིས་གྲུབ་པའི་ཁྲོམ་ར་མཉམ་བསྡུས་བྱས་ཡོད་པར་ཟེར།

(4) གཞི་ཁྱོན་ཅུང་ཆེ་བ་དང་ཚོང་ཟོང་ཆུང་ཕུན་ཚོགས་ཕྱོགས་བསྡུས་ཀྱི་ཚོང་ཁང་ཡིན།

2 མཚོན་རྟགས།

ཚོང་ལས་དཔལ་འབྱོར་གྱི་འཕེལ་རྒྱས་མགྱོགས་ཤིང་། མི་མང་གི་འཚོ་བའི་ཆུ་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས། གྲོང་ཁྱེར་གྱི་ཚོང་རྟགས་རྣམ་པ་ཡང་འཛོམས་པོ་ཡིན་ལ། དེས་ཚོང་ལས་མཚོན་རྟགས་མ་ལག་མགྱོགས་མྱུར་གྱིས་འཕེལ་རྒྱས་འགྲོ་བ་ལ་སྐུལ་འདེད་ཐེབས་ཏེ། རང་འདེམ་ཚོང་ར་དང་ཁྲོམ་ར། མིག་དབང་འཕྲོག་པའི་ཆང་ཁང་། གར་ཁང་། རྣམ་པ་ཡིད་དུ་འོང་བའི་མཚོན་རྟགས་སྣ་ཚོགས་ཀྱིས་རང་འདོད་ལྟར་ཉོ་འདོད་པའི་ཁ་ཕྱོགས་སྟོན་གྱི་ཡོད་པ་སོགས། ཁེ་ལས་ཚོང་ལས་རྣམ་པའི་ཤུགས་རྐྱེན་ལ་མེད་དུ་མི་རུང་བའི་ཆ་རྐྱེན་བསྐྲུན་ཡོད་དེ།

1ཕྱིའི་མཚོན་རྟགས་ཀྱི་བྱང་བུ།

(1) ཕྱིའི་འཛུགས་སྐྲུན་མིང་གཙོ་བོར་མཚོན་པའི་བྱང་བུ།

(2) ཁུལ་གྱི་དབྱེ་སྟངས་གཞིར་བཟུང་བའི་མཚོན་རིས་ཀྱི་བྱང་བུ།

(3) འགྲིམ་འགྲུལ་གྱིས་མཚོན་པའི་བྱང་བུ།

2 ཚོང་ཁང་ནང་གི་མཚོན་བྱང་།

(1) ཚོང་ཟོང་གི་རིགས་དབྱེ་ལྟར་གྱི་མཚོན་བྱང་། 

(2) ལས་གཉེར་དུས་ཚོད་ཀྱི་ལྟར་གྱི་མིང་བྱང་། སྤྱི་བོའི་བདེ་འཇགས་གཞིར་བཟུང་གི་མིང་བྱང་སོགས་རིགས་མང་པོ་ཡོད།

3 གནད་ཀྱི་སྙིང་བོ། 

(1) སྡོད་གནས་གདམ་གསེས། དེ་ནི་ཉོ་ཆའི་གཙོ་གནད་ཀྱི་ཚུར་འགུག་གི་ནུས་པའི་ཡ་གྱལ་ཞིག་ཡིན་ཞིང་། འགྲིམ་འགྲུལ་བདེ་འཇགས་ཀྱི་རེ་འདུན་དང་། མགྲོན་འགུག་དམིགས་ཡུལ་གཙོ་བོ་ཡིན་པ། རོགས་རེས་བྱེད་ཐུབ་པའི་ཁྲོམ་ར་དང་ཉེ་བར་བཏུད་དགོས།

(2) གཙོ་གནས་གཏན་འཁེལ་ཁོར་ཡུག་གི་སྒྲིག་གཞི། བརྗོད་གཞི་གསར་བ་སྒྲིག་འགོད་བྱེད་པ། རིམ་པ་མི་འདྲ་བ་དང་ལོ་ཚོད་མི་འདྲ་བའི་མི་རྣམས་ཀྱིས་སྤྲོ་སྐྱིད་འཛད་སྤྱོད་བྱེད་པར་ཚུར་འགུག་གི་ནུས་པ་ལྡན་པ་སོགས་དེ་མཐུན་གྱི་སྒྲིག་འགོད་ཚགས་སུ་ཆུད་དགོས། 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

འཚོ་བ། ཉོ་ཆ། ཚོང་ར།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-05

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།