ཉོ་ཚོང་དྲ་ཚིགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཉོ་ཚོང་དྲ་ཚིགས།
ཉོ་ཚོང་དྲ་ཚིགས་ནི་དྲ་ལམ་བརྒྱུད་ནས་ཉོ་ཆ་རྒྱག་པའི་ཆ་རྐྱེན་འདོན་སྤེལ་སའི་དྲ་ཚིགས་ལ་ཟེར་བ་ཡིན་ཞིང་། དེ་ནི་རང་ཉིད་དངོས་སུ་ཚོང་རར་འགྲོ་མི་དགོས་པར་ཁྱིམ་དུ་བསྡད་ནས་རང་ཉིད་ལ་དགོས་པའི་ཚོང་ཟོང་ཉོ་ཐུབ་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
购物网站
ཕྱི་ཡིག་གི་མིང་།
Shopping website
1 མཚམས་སྦྱོར། 

ཉོ་ཚོང་དྲ་ཚིགས་ནི་དྲ་ལམ་བརྒྱུད་ནས་ཉོ་ཆ་རྒྱག་པའི་ཆ་རྐྱེན་འདོན་སྤེལ་སའི་དྲ་ཚིགས་ལ་ཟེར་བ་ཡིན་ཞིང་། དེ་ནི་རང་ཉིད་དངོས་སུ་ཚོང་རར་འགྲོ་མི་དགོས་པར་ཁྱིམ་དུ་བསྡད་ནས་རང་ཉིད་ལ་དགོས་པའི་ཚོང་ཟོང་ཉོ་ཐུབ་པ་ཞིག་ཡིན། མིག་སྔར་རྒྱལ་ནང་དུ་ཅུང་མིང་དུ་གྲགས་པའི་ཆེད་གཉེར་ཉོ་ཚོང་དྲ་ཚིགས་ལ་ཀྲའོ་ཡེ་དྲ་ཚིགས(卓越)དང་། ཏིང་ཏིང (当当)དྲ་ཚིགས་སོགས་ཡོད་པ་དང་། མི་སྒེར་གྱིས་མི་སྒེར་ལ་ཉོ་ཚོང་འདོན་སྤེལ་བྱེད་པའི་སྒེར་གཉེར་དྲ་ཚིགས་ལ་ཐོའོ་པོ་དྲ་ཚིགས་དང་ཡི་ཆིས(易趣)དྲ་ཚིགས། ཕའེ་ཕེའེ(拍拍)དྲ་ཚིགས་ཡོད་ཅིང་། ད་དུང་གཞན་པའི་ཚོང་ཟོང་རྣམ་པ་སྣ་ཚོགས་ཉོ་ཚོང་བྱེད་སའི་དྲ་ཚིགས་མང་པོ་ཡོད། ཉོ་ཚོང་དྲ་ཚིགས་ནི་ཉོ་ཚོང་རྒྱག་མཁན་ཕན་ཚུན་ཚོང་ཟོང་བརྗེ་རེས་བྱེད་པའི་སྦྲེལ་མཐུད་དྲ་སྟེགས་ཤིག་ཡིན་ཞིང་། ཉོ་མཁན་གྱིས་རང་གིས་ཉོ་འདོད་པའི་ཚོང་ཟོང་གི་བརྡ་འཕྲིན་དྲ་ཚིགས་སུ་འཚོལ་ཞིབ་བྱས་ཏེ། ཚོང་ཟོང་དག་ལས་གདམ་གསེས་བརྒྱུད་ནས་རང་ལ་དགོས་མཁོ་ཡོད་པའི་དངོས་རྫས་ཉོས་ཆོག་པ་ཞིག་ཡིན།

2 རིགས་དབྱེ། 

(1) B2C  འདི་ནི་ཚོང་ཁང་གིས་སྐུ་མགྲོན་ལ་ཁ་གཏད་པའི་རྣམ་པ་ཅན་ཞིག་ཡིན།

(2) C2C འདི་ནི་ཚོང་མགྲོན་གྱིས་ཚོང་མགྲོན་ལ་ཁ་གཏད་པ་ཞིག་ཡིན། འོན་ཀྱང་ཁྱབ་ཁོངས་ལ་ཤས་ཀྱིས B2C བེད་སྤྱོད་གཏོང་བའི་མགོ་ཡང་བརྩམས་འདུག

(3) B2B འདི་ནི་ཁེ་ལས་ཕན་ཚུན་བར་གྱི་ཉོ་ཚོང་བརྗེ་རེས་བྱེད་པ་ཞིག་ཡིན།

(4) B2F འདི་ནི་བརྗེ་རེས་བྱེད་ཡུལ་གྱི་རིགས་དབྱེ་ལྟར་ཕྱེས་པའི་གློག་རྡུལ་ཚོང་ལས་ཀྱི་རིགས་ཤིག་ཡིན། འདི་ལྟ་བུའི་ཚོང་གཉེར་གྱི་རྣམ་པ་ནི་སྤྱིར་བཏང་དུ་ཚོང་རྟགས + དཀར་ཆགས + སྣེ་སྟོན + ཚོང་སྟེགས + དྲ་ཐོག་ཉོ་ཚོང + ཟོང་སྐྱེལ་སོགས་གཙོ་བོ་ཡིན་པའི་རྣམ་པ་ཞིག་ཡིན།

(5) O2O འདི་ནི Online To Offline ཞེས་པ་དེ་ཡིན་ལ། འདི་ནི་དྲ་ལམ་ཚོང་ལས་ཀྱི་མ་ལག་དེ་སྦྲེལ་མཐུད་དྲ་རྒྱ་དང་འབྲེལ་བ་ཞིག་ཡིན་པ་དང་། སྦྲེལ་མཐུད་དྲ་རྒྱ་ནི་སྐུད་ལམ་བརྗེ་རེས་སྟེགས་བུ་སྔོན་མ་རུ་འགྱུར་དུ་འཇུག་པ་ཞིག་ཡིན།

3 དགེ་མཚན། 

(1) མ་འོངས་པར་གློག་རྡུལ་ཚོང་ལས་དེ་སྲོལ་རྒྱུན་གྱི་འཁོར་ལམ་རྣམ་པ་དེ་གློག་རྡུལ་དང་། རྩིས་ཆས་ཀྱི་རྣམ་པར་འགྱུར་ངེས་པ་དང་། དེས་སྔར་ལས་ལྷག་པའི་ཕན་ཁེ་མང་པོ་བསྐྲུན་ཐུབ།

(2) གློག་རྡུལ་ཚོང་ལས་ལ་མངའ་བའི་སྒོ་དབྱེ་རང་བཞིན་དང་འཛམ་གླིང་རང་བཞིན་གྱི་ཁྱད་ཆོས་དེས། ཁེ་ལས་ལ་དངོས་ཟོང་གསར་སྐྲུན་བྱེད་པའི་གོ་སྐབས་བསྐྲུན་ཡོད།

(3) གློག་རྡུལ་ཚོང་ལས་ཀྱིས་ཁེ་ལས་ལ་རང་ཉིད་དང་ཉེ་བའི་མ་རྩ་དག་འཛམ་གླིང་གི་གློག་རྡུལ་ཁྲོམ་རར་དགྲམ་ཐུབ་ཅིང་། ཁེ་ལས་ཆུང་འབྲིང་དག་གི་འགྲན་རྩོད་ནུས་པ་མཐོ་རུ་གཏོང་ཐུབ།

(4) གློག་རྡུལ་ཚོང་ལས་ཀྱིས་སྲོལ་རྒྱུན་གྱི་འཁོར་རྒྱུག་རྣམ་པ་ལ་ནང་དོན་གསར་བ་ཞིག་བསྣན་ཏེ། ཐོན་སྐྱེད་བྱེད་མཁན་དང་འཛད་སྤྱོད་པའི་བར་ཐག་ཐད་ཀར་བརྗེ་རེས་བྱེད་ཐུབ་པར་བྱས་ཡོད།

(5) གློག་རྡུལ་ཚོང་ལས་ཀྱིས་ཕྱོགས་གཅིག་ནས་དུས་ཚོད་ཀྱི་བར་ཐག་ཐུང་དུ་བཏང་ཡོད་ལ། ཕྱོགས་གཞན་ཞིག་ནས་བརྡ་འཕྲིན་གྱི་ནུས་ཁུངས་མང་པོ་མཁོ་སྤྲོད་བྱས་ཡོད། འདིས་མ་འོངས་པར་སྤྱི་ཚོགས་གྱི་དཔལ་འབྱོར་གྱི་ལམ་ཕྱོགས་དང་སྒྲིག་གཞི་ལ་ཤན་ཤུགས་ཐེབ་ངེས་ཡིན།

4 ཆད་སྐྱོན།

(1) དྲ་ལམ་རང་སྟེང་དུ་ཚད་བཀག་ཐེབ་ཡོད་པ།

(2) འཚོལ་ཞིབ་མ་ལག་སྐྱོན་ཀུན་སེལ་ཅིག་མ་ཡིན་པ།

(3) བརྗེ་རེས་ཀྱི་བདེ་འཇགས་རང་བཞིན་ལ་ཁག་ཐེག་བྱེད་དཀའ་བ།

(4) ཉོ་ཆ་བརྒྱབ་རྗེས་ཀྱི་ཞབས་ཞུ་ཀུན་མཐུན་ཞིག་ཡོང་མི་ཐུབ་པ།

(5)  ཚོང་ཟོང་འཁོར་སྡེབ་དངོས་སྐྱེལ་དེ་འདྲའི་བཟང་པོ་མིན་པ་སོགས་དེ་མཐུན་གྱི་ཆད་སྐྱོན་མང་པོ་ལྡན་པ་ནི་གློག་རྡུལ་ཚོང་ལས་ཀྱི་ལས་རིགས་ཁྲོད་དུ་གནས་པའི་གནད་དོན་ཡིན། 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

འཚོ་བ། ཉོ་ཆ། ཉོ་ཚོང་དྲ་ཚིགས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-05

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།