ཚོང་ཟོང་གསལ་བཤད་ཡི་གེ
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཚོང་ཟོང་གསལ་བཤད་ཡི་གེ་ནི་གསལ་བཤད་གཙོ་བོར་མཚོན་ཐབས་ཀྱི་རྣམ་པ་ཞིག་ཡིན་པ་དང་། དེར་ཚོང་ཟོང་གི་སྤྱོད་སྒོ་དང་ཕན་ནུས། ཁྱད་ཆོས། བཀོལ་སྤྱོད་དང་ཉར་ཚགས་བྱེད་སྟངས་སོགས་ཀྱི་ཤེས་བྱའི་ནང་དོན་འདུས་ཡོད་པ་ཞིག་ཡིན། ཚོང་ཟོང་གསལ་བཤད་ཡི་གེའི་མགོ་རྩོམ་པའི་ཁག་ནི་ནམ་ཡང་ནང་དོན་གནད་བསྡུས་ཀྱིས་ངོ་བོའི་ཁྱད་ཆོས་གསལ་སྟོན་བྱེད་པ་ཡིན་ལ། འབྲི་ཐབས་ལ་ལ་ནི་ཡི་གེའི་མགོ་ནས་མཇུག་བར་གསལ་བཤད་ཀྱི་འབྲི་ཐབས་སྤྱད་ཡོད་པ་ཡང་ཡོད། ཐོན་རྫས་རིགས་མི་འདྲ་བ་དག་གི་བྱེད་ནུས་དང་སྤྱོད་སྟངས་མི་འདྲ་བས། གསལ་བཤད་འབྲི་ཐབས་ལ་ཡང་ཁྱད་པར་ཆེན་པོ་ཡོད་པ་རེད། འོན་ཀྱང་འབྲི་ཐབས་གང་ཞིག་སྤྱད་ཀྱང་། དེའི་དམིགས་ཡུལ་གཙོ་བོ་ནི་ཀློག་མཁན་གྱིས་དོན་གོ་བའི་ཆེད་དུ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
商品说明书
ཕྱི་ཡིག་གི་མིང་།
Commercial Specifications
1 གོ་དོན།

གསལ་བཤད་ཡི་གེ་ནི་གསལ་བཤད་གཙོ་བོར་བྱས་པའི་མཚོན་ཐབས་ཀྱི་རྣམ་པ་ཞིག་ཡིན་པ་དང་། གོ་བདེ་བ་དང་། གསལ་སྟོན། གོ་སླ་བ་བཅས་ཀྱི་སྐད་ཆ་སྤྱད་ནས་སྤྱོད་མཁན་དང་འཛད་སྤྱོད་པར་གོ་བདེ་ངང་ཚོང་ཟོང་མཚམས་སྦྱོར་རང་བཞིན་གྱི་ནུས་པ་དང་ཁྱད་ཆོས། སྤྱོད་སྒོ། བཀོལ་སྤྱོད་དང་ཉར་ཚགས་བྱ་ཐབས་སོགས་ཀྱི་ཤེས་བྱའི་ཡིག་ངོས་རྒྱུ་ཆར་ཟེར་བ་ཡིན།

2 བྱེད་ནུས་གཙོ་བོ།

(1) གསལ་བཤད་མཛུབ་སྟོན་གྱི་ནུས་པ་ལྡན་པ།

(2) ཁྱབ་བསྒྲགས་ཚོང་སྐུལ་གྱི་བྱེད་ནུས་ལྡན་པ།

(3) བརྡ་འཕྲིན་སྤེལ་རེས་ཀྱི་བྱེད་ནུས་ལྡན་པ།

(4) བཙན་སྐུལ་གྱི་བྱེད་ནུས་ལྡན་པ།

3 ཁྱད་ཆོས།

(1) དོན་དངོས་རང་བཞིན་ལྡན་པ།

(2) དངོས་སྤྱོད་རང་བཞིན་ལྡན།

(3) གོ་རིམ་རང་བཞིན་ལྡན་པ། 

(4) གོ་བདེ་རང་བཞིན་ལྡན་པ།

4 རིགས་དབྱེ།

(1) ནང་དོན་ཚད་ལྡན་ཡིན་པར་གཞིག་ནས། གསལ་བཤད་ཡི་གེ་ལ་གསལ་འགྲེལ་ཡི་གེ་དང་མཚམས་སྦྱོར་སྟབས་བདེ་རང་བཞིན་ཅན་གཉིས་སུ་དབྱེ་ཆོག་པ་དང་།

(2) ནང་དོན་གྱི་མང་ཉུང་གཞིར་བཟུང་ནས། གསལ་བཤད་ཡི་གེ་དེ་ཡོངས་འདུ་རང་བཞིན་གྱི་གསལ་བཤད་ཡི་གེ་དང་མདོར་བསྟན་རང་བཞིན་གྱི་གསལ་བཤད་ཡི་གེ་གཉིས་སུ་དབྱེ་ཆོག

(3) མཚོན་སྟངས་ཀྱི་རྣམ་པ་གཞིར་བཟུང་ནས། གསལ་བཤད་ཡི་གེ་དེ་ཡིག་ངོས་གསལ་བཤད་ཡི་གེ་དང་། རེའུ་མིག་གསལ་བཤད་ཡི་གེ སྒྲ་གཟུགས་རྣམ་པའི་གསལ་བཤད་ཡི་གེ་བཅས་སུ་དབྱེ་ཆོག

5 བྱེད་ནུས།

མི་རྣམས་ཀྱིས་རྒྱུན་པར་ཉོ་ཆ་རྒྱག་སྐབས་ཚོང་ཟོང་ལ་ལར་གསལ་བཤད་ཡི་གེ་མེད་པའམ་ཡང་ན་གསལ་བཤད་ཡི་གེ་ཆ་ཚང་མིན་པ་སོགས་ཀྱི་གནས་ཚུལ་ལ་འཕྲད་ཀྱི་ཡོད། འོན་ཀྱང་དོན་གྱིས་ཚོང་ཟོང་གསལ་བཤད་ཡི་གེ་ནི་ཐོན་སྐྱེད་ལས་གཉེར་བའི་མངོན་གསལ་གྱི་ཁག་ཐེག་ལས་འགན་གྱི་ནང་གསེས་འགན་ལེན་ཞིག་ཡིན་ཞིང་། ཚོང་ཁང་གིས་འཛད་སྤྱོད་པར་བཞག་པའི་དམ་བཅའ་ཞིག་ཀྱང་ཡིན། ཚོང་ཟོང་ཐོན་སྐྱེད་ལས་གཉེར་བ་ཕུད་རྒྱལ་ཁབ་གྱི་བཙན་སྐུལ་རང་བཞིན་གྱི་ཚད་གཞི་ལས། ད་དུང་ཚོང་ཟོང་གསལ་བཤད་ཡི་གེ་ནི་འཛད་སྤྱོད་པར་ཚོང་ཟོང་ལ་ཡོད་པའི་རྒྱུ་སྤུས་དང་། ནུས་པ་ཐེག་བྱས་པ་ཞིག་ཡིན་ལ། དེས་ངེས་པར་དུ་ཁག་ཐེག་འོས་འཚམ་གྱི་ཚོང་ཟོང་དང་ཁག་ཐེག་གི་ནང་དོན་སྲུང་འཛིན་བྱེད་པ་ཡིན། དེ་འདྲ་ཞིག་མ་ཡོང་ན། འཛད་སྤྱོད་པར་ཡོད་པའི་ཚོང་སློག་དང་གྱོང་གུན་ཁ་གསབ་ཀྱི་རེ་ཞུ་བྱེད་པའི་དབང་ཆ་ཉམས་འགྲོ་བ་ཡིན། དེ་བས་འཛད་སྤྱོད་པས་ཉོ་ཆ་རྒྱག་པ་དང་ཚོང་ཟོང་བཀོལ་སྤྱོད་བྱེད་དུས་ཚོང་ཟོང་གསལ་བཤད་ཡི་གེ་ལ་དོ་སྣང་བྱེད་དགོས། དེ་ལྟར་བྱས་ན་ད་གཟོད་རྒྱུན་ལྡན་གྱིས་བཀོལ་སྤྱོད་བྱས་ཆོག་ལ། ཚོང་ཟོང་ཀྱང་མུ་མཐུད་དུ་གནས་ཐུབ་པ་དང་། བཀོལ་སྤྱོད་ལོག་ལམ་གྱིས་བཟོས་པའི་གྱོང་གུན་ལ་ཡང་གཡོལ་ཐུབ་ངེས་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-05

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།