ཡུལ་གཅིག་ཉོ་ཚོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡུལ་གཅིག་ཉོ་ཚོང་།
ཡུལ་གཅིག་ཉོ་ཚོང་ཞེས་པ་ནི་གྲོང་ཁྱེར་གཅིག་གི་ནང་ཉོ་ཆ་རྒྱག་པ་ལ་ཟེར། ཡུལ་གཅིག་ཉོ་ཚོང་གིས་རྒྱུན་དུ“o2o”དང“B2C”སོགས་ཀྱི་རྣམ་པ་སྤྱོད་ཀྱི་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
同城购物
ཕྱི་ཡིག་གི་མིང་།
City shopping
རྣམ་པ།
O2O、B2Cརྣམ་པ་སྤྱོད་པ།
1 མཚམས་སྦྱོར། 

ཡུལ་གཅིག་ཉོ་ཚོང་ཞེས་པ་ནི་གྲོང་ཁྱེར་གཅིག་གི་ནང་ཉོ་ཆ་རྒྱག་པ་ལ་ཟེར་ཞིང་། ཡུལ་གཅིག་ཉོ་ཚོང་གིས་རྒྱུན་དུ“o2o”དང“B2C”སོགས་ཀྱི་རྣམ་པ་སྤྱོད་ཀྱི་ཡོད་པ་དང་། དཔེར་ན་ཐའོ་པའོ་དྲ་ལམ་ཚོང་ར་སོགས་ཀྱིས་མཚོན་གྱི་ཡོད། འོན་ཀྱང་ཡུལ་གཅིག་ཉོ་ཆ་རྒྱག་པའི་རྣམ་པ་ནི“o2o” རྣམ་པ་དང་། Online To Offline རྣམ་པ་ཡིན་ལ། འདིས་ལམ་ཕྱོགས་ཀྱི་ཚོང་ལས་རིགས་ཀྱང་སྦྲེལ་མཐུད་དྲ་ལམ་དང་མཉམ་གཅིག་ཏུ་སྦེལ་ཡོད་དེ་སྦྲེལ་མཐུད་དྲ་ལམ་ནི་ལམ་ཕྱོགས་དེའི་བརྗེ་རེས་ཀྱི་གཙོ་སྟེགས་སུ་གྱུར་ཡོད། འདི་ལྟ་བུའི་དྲ་ལམ་གྱི་ཞབས་ཞུས་སྐུད་ལམ་ནས་ཚོང་མགྲོན་འགུག་པ་དང་། འཛད་སྤྱོད་པས་ཀྱང་སྐུད་ལམ་བརྒྱུད་ནས་གྱོན་ཆས་གདམ་ཆོག་ཅིང་། སྐུད་ལམ་བརྒྱུད་ནས་བརྗེ་རེས་རིན་གོང་ཀྱང་རྩིས་བརྒྱབ་སྟེ་མྱུར་དུ་དེ་འབྲེལ་གྱི་འགྲོ་ལུགས་ཀྱང་འགྲུབ་ངེས་ཡིན།

2 དགེ་མཚན།

ཡུལ་གཅིག་དྲ་ཚོང་ལ་དགེ་མཚན་ཆེན་པོ་གསུམ་ཡོད་དེ། རྫུན་མ་མ་ཡིན་པ་དང་གཅིག  ཡུལ་གཅིག་པ་དང་གཉིས། ཚོང་རྟགས་གྲགས་ཅན་ཡིན་པ་དང་གསུམ་སྟེ། བདེ་ཐང་ལ་མི་གནོད་པའི་ཆེད་དུ་རྫུན་མ་མིན་པ་དང་། ཡུལ་དེའི་འཛད་སྤྱོད་པས་ཡིད་ཆེས་བྱས་ཆོག་པའི་ཆེད་དུ་ཡུལ་གཅིག་ཡིན་པ། ཚོང་རྟགས་གྲགས་ཅན་ཡིན་པས་ཡིད་རྟོན་བྱས་ཆོག་པ་བཅས་ཀྱི་དགེ་མཚན་ལྡན་ནོ། །

ཡུལ་གཅིག་དྲ་ལམ་གྱི་ཚོང་ཟོང་ཡོད་ཚད་དང་ཚོང་རའི་ནང་གི་ཚོང་ཟོང་གང་ཡིན་ཡང་ཚང་མས་རང་ཉིད་ཀྱི་རྫུན་བཟོ་མེད་པའི་ཚོང་ཁང་སྤྱད་ཡོད། དེ་བས་ཡུལ་གཅིག་དྲ་ཚོང་ཁྲོམ་རའི་ཚོང་བ་དག་གིས་དྲ་ལམ་དང་ཚོང་དངོས་གཉིས་ཀྱི་ཚོང་ལམ་སྤྱད་པས་ཚོང་ལས་གཉེར་གྱི་ཡོད།

ཡུལ་གཅིག་ཚོང་ར་དག་གིས་སྤྱིར་བཏང་གི་གློག་རྡུལ་ཚོང་ལས་སུ་སྐུ་མགྲོན་གྱིས་ཡུལ་དེར་ཉོ་ཚོང་བརྒྱབ་རྗེས་ཀྱི་ཞབས་ཞུ་ལོངས་སུ་སྤྱོད་རྒྱུའི་གནད་དོན་ཐག་གཅོད་བྱེད་ཆེད། ཡུལ་གཅིག་དྲ་ཚོང་གིས་ཧུར་བརྩོན་གྱིས་ཡུལ་གཅིག་ཉོ་ཚོང་གི་སྟེགས་བུ་བསྐྲུན་གྱི་ཡོད་པ་དེས། ཚོང་མགྲོན་ལ་གློག་རྡུལ་ཚོང་ལས་ཀྱི་སྟབས་བདེ་ལོངས་སུ་སྤྱོད་ཐུབ་པ་དང་ཆབས་ཅིག རང་མྱོང་དངོས་སྣང་གིས་ཚོང་ཟོང་ཉོས་རྗེས་ཀྱི་ཞབས་ཞུ་ཉམས་སུ་མྱོང་དུ་འཇུག་ཐུབ།

ཚོང་རྟགས་གྲགས་ཅན་ནི་གྲོང་ཁྱེར་དུ་ཚོང་ཟོང་རྫུན་མ་དང་ཚོང་རྟགས་བརྫུས་བཟོ་བྱས་པ་སོགས་ཀྱི་གནས་ཚུལ་འོག ཚོང་རྟགས་གྲགས་ཅན་གྱི་ཚོང་ར་དང་ཉོ་མཁན་གྱི་ཁེ་ཕན་ལ་གནོད་འཚེ་ཆེན་པོ་བཟོ་བཞིན་ཡོད་པ་འགོག་པའི་ཆེད་དུ་བཟོས་པ་ཞིག་ཡིན། དེ་བས་ཚོང་ར་དངོས་སུ་འཚོང་བའི་གློག་རྡུལ་གྲགས་ཅན་འཚོང་བའི་ཚོང་ཁང་གིས་ངེས་པར་དུ་ཡུལ་གཅིག་དྲ་ཚོང་ལས་མི་རྣམས་ཀྱི་དགོས་མཁོ་སྐོང་ཐུབ་དགོས། དཔེར་ན་ཚོང་ཁང་དག་ལ་ངེས་པར་དུ་སྒེར་ཚུགས་ཀྱི་ཀུང་སི་དང་ཚོང་རྟགས་ལེགས་པོ་ཞིག་ཡོད་དགོས་མ་ཟད། ཁྲོམ་རའི་སྒོ་བྱང་ལའང་ཁ་བྱང་ཅུང་ལེགས་པོ་ཞིག་བཏགས་ཏེ་ཉོ་མཁན་དང་འཚོང་མཁན་ཕྱོགས་གཉིས་ལ་ཁེ་ཕན་བསྐྲུན་ཅི་ཐུབ་བྱ་དགོས།

ཡུལ་གཅིག་དྲ་ཚོང་གིས་གློག་རྡུལ་ཚོང་རའི་ནང་དུ་ཧུར་བརྩོན་གྱིས་རྣམ་པ་གསར་གཏོད་རྒྱུན་འཛིན་དང་། རྒྱུན་དུ་དྲ་ལམ་འཛད་སྤྱོད་པའི་དགོས་མཁོ་སྐོང་དགོས་ལ། རང་ཉིད་ཀྱི་འབད་བརྩོན་ལྷོད་མེད་ལ་བརྟེན་ནས་ཚོང་བདག་དང་འཛད་སྤྱོད་པ། ཡུལ་གཅིག་འཛད་སྤྱོད་པ་བཅས་ཕྱོགས་གསུམ་གྱི་སྤྱིའི་ཁེ་ཕན་གྱི་དགེ་མཚན་མངོན་འགྱུར་བྱ་རྒྱུ་ནི་གལ་ཆེའོ། །


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-12

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།