དམའ་འབྲིང་སློབ་མ་ནི་སྤྱིར་བཏང་དུ་ལོ11 12 13 14 15བར་ཡིན། ཏག་ཏག་ན་ཆུང་གི་དུས་སམ་སློབ་ཞུགས་བར་མའི་དུས་ཡིན། ན་ཆུང་གི་དུས་ནི་ལོ་ཆུང་དུས་ནས་ན་གཞོན་དུས་ཀྱི་བར་བརྒལ་གྱི་དུས་རིམ་ཡིན་ལ། དེ་བས་དུས་རིམ་འདིའི་སློབ་མར་བྱིས་པའི་ཤས་ཕྱེད་ཀ་དང་དར་མའི་ཤེས་ཕྱེད་ཀའི་ཁྱད་ཆོས་ལྡན་ལ། དེ་ནི་ལུས་སེམས་འཕེལ་རྒྱས་ཆེས་ཆེ་བའི་དཀྱོགས་མཚམས་ཀྱི་དུས་རིམ་ཤིག་ཀྱང་ཡིན། དེས་སློབ་མའི་སེམས་ཁམས་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་ཆེས་གལ་ཆེ་བའི་གོ་གནས་ཟིན་འདུག རྒྱ་ཡིག་གི་མིང་། 初中生心理发展的趋势 ཕྱི་ཡིག་གི་མིང་། The tendency of junior
འདོད་བློ་ནི་སེམས་ཀྱི་རང་སྟོབས་རང་བཞིན་ཡིན་ལ། བློ་རིག་གི་རྒྱུ་རྐྱེན་མ་ཡིན་པའི་གྲས་སུ་གཏོགས། དེ་ངོས་འཛིན་གྱི་བརྒྱུད་རིམ་ཁྲོད་ཐོན་པ་དང་། ཡང་ངོས་འཛིན་ཀྱི་བརྒྱུད་རིམ་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། དེ་གཉིས་དབར་འབྲེལ་བ་དམ་ཟབ་ཡོད། འདོད་བློ་ཡོད་པའི་གནས་ཚུལ་འོག་སེམས་ཁམས་ལ་རང་རྟོགས་ཀྱི་དམིགས་ཡུལ་ཅན་དང་རང་རྟོགས་ཀྱི་དམིགས་ཡུལ་མེད་པ་གཉིས་སུ་དབྱེ་ཆོག འདོད་བློ་ནམ་ཡང་ངོས་འཛིན་གྱི་བརྒྱུད་རིམ་དང་མ་འབྲེལ་བར་ཡོད། རྒྱ་ཡིག་གི་མིང་། 意愿 ཕྱི་ཡིག་གི་མིང་།
རང་ཉིད་ཀྱི་འདུ་ཤེས་ཞེས་པ་ནི་བྱེད་པ་པོ་རང་ཉིད་ལ་འཆིང་བའི་འདུ་ཤེས་ལ་ཟེར། རྒྱ་ཡིག་གི་མིང་། 自我意识 ཕྱི་ཡིག་གི་མིང་། Self-Consciousness གོ་དོན། རང་ཉིད་ཀྱི་འདུ་ཤེས་ཞེས་པ་ནི་བྱེད་པ་པོ་རང་ཉིད་ལ་འཆིང་བའི་འདུ་ཤེས་ལ་ཟེར་ཞིང་། དེ་ལ་དབྱེ་ན་གསུམ་སྟེ། གཅིག་རང་ཉིད་ཀྱི་ཕུང་ཁམས་དང་ངང་ཚུལ་ལ་འཆིང་བའི་འདུ་ཤེས། དཔེར་ན། ལུས་པོ་བདེ་ཐང་གི་ཚད་དང་། ལུས་ཀྱི་མཐོ་ཚད་དང་ལྕི་ཚད་ལྟ་བུ། གཉིས་ནས་རང་ཉིད་ཀྱི་ཡན་ལག་གི་འགུལ་རྣམ་མིག་སྔར་ཇི་འདྲ་ཡིན་པ་ལ་དཔྱོད་པའི་འདུ་ཤེས། རང་ཉིད་ཀྱི་བསམ་བློ་དང་། ཡིད་འགྱུར། འདོད་བློ་སོགས་སེམས་ཁམས་འགུལ་སྐྱོད་ལ་འཆིང་བའི་འདུ་ཤེས་དང་། ད་དུང་རང་ཉིད་ཀྱི་རང་གཤིས་ཀྱི་ཕྱོགས་ཞེན་དང་། རང་གཤིས་སེམས་ཁམས་ཀྱི་ཁྱད་ཆོས་ལ་འཆིང་བའི་འདུ་ཤེས་བཅས་སོ།། མི་ཚང་མས་རྒྱུན་ཏུ་འདི་ལྟར་ཟེར།
མཆིན་འབུ་དེ་མཆིན་པ་བརྒྱུད་ནས་འཁྲིས་སྦུབས་སུ་གནས་ཡོད་པ་དང་། མཆིན་འབུའི་ནད་ནི། གཟུགས་དབྱིབས་ལྕང་ལོ་དང་འདྲ་བ། ཁ་མདོག་སེར་སྐྱ་ཡིན། ནད་གཞི། མཆིན་འབུ་དེ་མཆིན་པ་བརྒྱུད་ནས་འཁྲིས་སྦུབས་སུ་གནས་ཡོད་པ་དང་། མཆིན་འབུའི་ནད་ནི། གཟུགས་དབྱིབས་ལྕང་ལོ་དང་འདྲ་བ། ཁ་མདོག་སེར་སྐྱ་ཡིན། མཆིན་འབུས་རྒྱུན་དུ་སྒོ་ང་འབོར་ཆེན་བཏང་སྟེ་འབུ་སྒོང་དང་མཁྲིས་ཁུ་ལྷན་དུ་རྒྱུ་ལམ་ནང་དུ་བཞུར་ནས་སླར་ཡང་བཤང་དངོས་དང་མཉམ་དུ་ཕྱི་རོལ་དུ་བཏང་རྗེས། ན་ཐང་དང་ཆུ་གཏིང་མི་ཟབ་སར་ལྷུང་ནས་སྲིན་བུ་སྤུ་ཅན་ཕྲུ་གུ་རུམ་ནས། ཆུ་འབུ་དུང་དཀར་གྱི་ལུས་ཕུང་ནང་དུ་ཡར་སྐྱེས་ནས་སྲིན་འབུ་མཇུག་མ་ཅན་ཕྲུ་གུར་གྱུར་བ་དང་།
གནས་བཅུ་གཅིག་ཅེས་པ་ནི་བཤད་རྒྱུད་གྱི་གཞུང་རང་གི་བརྗོད་བྱའི་དོན་ཐམས་ཅད་རྩ་བ་ལྟ་བུར་བསྡུས་ཏེ་བསྟན་པ་དེ་ལ་ཟེར། གཞུང་དངོས། གནས་བཅུ་གཅིག་ཅེས་པ་ནི་བཤད་རྒྱུད་གྱི་གཞུང་རང་གི་བརྗོད་བྱའི་དོན་ཐམས་ཅད་རྩ་བ་ལྟ་བུར་བསྡུས་ཏེ་བསྟན་པ་རྩ་བ་མདོ་ཡི་གནས་དང་གཅིག ཁུ་ཁྲག་སེམས་གསུམ་ལས་གྲུབ་པའི་ལུས་ཀྱི་ཆགས་ཚུལ་དང་། ལུས་ཀྱི་འདྲ་དཔེ། ལུས་ཀྱི་གནས་ལུགས། ལུས་ཀྱི་མཚན་ཉིད། ལུས་ཀྱི་ལས་དང་དབྱེ་བ། ལུས་ཀྱི་འཇིག་ལྟས་བསྟན་པ་བཅས་གྲུབ་པ་ལུས་ཀྱི་གནས་དང་གཉིས། འཕེལ་འགྲིབ་འཁྲུགས་པ་ལས་བྱུང་བའི་ནད་ཀྱི་རྒྱུ་དང་།
བཀྲེས་པ་སོགས་བཅུ་གསུམ་བཀག་པའི་ནད་དང་བཅོས་ཐབས་བཤད་པ། བཀྲེས་པ་བཀག་པའི་ཉེས་པ། ལུས་ཞིག ཉམ་ཆུང་། ཡི་ག་འཆུས། མགོ་བོ་འཁོར་བའི་ནད་རྣམས་འབྱུང་། དེའི་གཉེན་པོར། ནུས་པ་ཡང་བ་དང་། སྣུམ་པ། དྲོ་བ་བཅས་ཀྱི་ཟས་རིགས་གང་ཞིག ཐུན་ཆུང་ངུ་ཆུང་ངུ་བྱས་ནས་བཏང་བས་ཕན། སྐོམ་བཀག་པའི་ཉེས་པ། ཁ་སྐོམ། མགོ་བོ་འཁོར། སྙིང་ནད་འབྱུང་། མྱོས་པ་ལྟར་དྲན་པ་མི་གསལ་བར་འགྱུར། དེའི་གཉེན་པོར། ཆུ་བསིལ་བཏུང་བ་སོག་བསིལ་བའི་ཆོ་གས་ཕན། སྐྱུག་བཀག་པའི་ཉེས་པ། དང་ག་འགག་པ་དང་། དབུགས་མི་བདེ་བ།
དོན་མདོར་བསྡུས་ན་མི་ན་བར་གནས་ཤིང་ན་བ་གསོ་བའི་ཐབས་མ་ལུས་པ་ཐམས་ཅད་ཡན་ལག་བརྒྱད་དུ་བསྡུས་ཏེ་བསྟན་པ་ཡིན། ནང་དོན་དངོས། རྩ་བ་སྨན་པས་གསོ་བར་བྱ་བའི་ཡུལ་གྱི་ནད་ལ་ཡན་ལག་བརྒྱད་དུ་གསུངས་པ་ཡིན་ཏེ། རྟེན་ལུས་ཀྱི་མིང་བརྟེན་པ་ནད་ལ་བཏགས་པ་ལུས་ཀྱི་ཡན་ལག་དང་། བྱིས་པའི་ནད་ཅེས་པའང་མ་ཡིས་ནུ་ཞོས་བྱུང་བའམ། ལྷན་སྐྱེས་དང་གློ་བུར་གྱི་ནད་སོགས་བྱིས་པ་ཁོ་ན་ལ་འབྱུང་བ་བྱིས་པའི་ཡན་ལག མངལ་ནད་དེ་སྐྱེས་པ་ལ་མི་འབྱུང་ཞིང་བུད་མེད་ཁོ་ནར་འབྱུང་བས་སྤྱི་བྱེ་བྲག་ཕལ་བའི་མོ་ནད་ཅེས་བྱེ་བྲག་གི་མིང་སྤྱི་ལ་བཏགས་པ་མོ་ནད་ཀྱི་ཡན་ལག
རླུང་ལ་ལུས་ཟུངས་བདུན་གྱི་ནང་ནས་རུས་པར་རྒྱུ་བ་དང་། དབང་པོ་ལྔའི་ནང་ནས་རྣ་བར་རྒྱུ་བ། དྲི་མའམ་སྙིགས་མ་རྣམས་ཀྱི་ནང་ནས་བ་སྤུའམ་རེག་བྱར་རྒྱུ་བ། དོན་ལྔའི་ནང་ནས་སྙིང་དང་སྲོག་རྩར་རྒྱུ་བ། སྣོད་དྲུག་གི་ནང་ནས་ལོང་ལ་རྒྱུ་བ་སོགས་བཅོ་ལྔ་ཡོད། ནང་དོན་དངོས། རླུང་ལ་ལུས་ཟུངས་བདུན་གྱི་ནང་ནས་རུས་པར་རྒྱུ་བ་དང་། དབང་པོ་ལྔའི་ནང་ནས་རྣ་བར་རྒྱུ་བ། དྲི་མའམ་སྙིགས་མ་རྣམས་ཀྱི་ནང་ནས་བ་སྤུའམ་རེག་བྱར་རྒྱུ་བ། དོན་ལྔའི་ནང་ནས་སྙིང་དང་སྲོག་རྩར་རྒྱུ་བ།
རྩ་བའི་རྒྱུད་ཀྱི་འཕྲོས་གཞི་དང་རྒྱས་པར་ཕྱེ་བ་བཤད་པའི་རྒྱུད་ཐུན་མོང་དུ་གནས་བཅུ་གཅིག་ཡོད་པ་ལས་དང་པོ་རྩ་བའི་རྒྱུད་མདོ་ཡི་གནས་ལེའུ་བཞིའི་བདག་ཉིད་ཅན་བསྟན་པ་ལའང་གནས་ལུགས་ནད་གཞི་དང་། ངོས་འཛིན་རྟགས། གསོ་བྱེད་ཐབས་བཅས་རྩ་བ་འདི་གསུམ་ལ་སྙིང་པོར་དྲིལ་བ་འདི་ལས་འཕྲོས་པའི་སྡོང་བོ་ནི། གནས་ལུགས་ནད་གཞིའི་རྩ་བ་ལ། རྟེན་ལུས་དང་། རྟེན་པ་ནད་གཉིས། ངོས་འཛིན་རྟགས་ཀྱི་རྩ་བ་ལ། ལྟ། རེག དྲི་བ་གསུམ། གསོ་བྱེད་ཐབས་ཀྱི་རྩ་བ་ལ་ཟས་དང་སྤྱོད་ལམ།
བྱིས་པའི་སེམས་ཁམས་འཕེལ་ཚུལ་གྱི་ལོ་ནའི་ཁྱད་རྟགས་ཞེས་པ་ནི་སྤྱི་ཚོགས་སློབ་གསོ་ངེས་ཅན་ཞིག་གི་ཆ་རྐྱེན་འོག་བྱིས་པ་འཕེལ་རྒྱས་སུ་འགྲོ་བའི་ལོ་ཚད་མི་འདྲ་བའི་ནང་གྲུབ་པའི་དཔེར་མཚོན་དང་ངོ་བོའི་སེམས་ཁམས་ཀྱི་ཁྱད་ཆོས་ལ་ཟེར། རྒྱ་ཡིག་གི་མིང་། 儿童心理发展趋势年龄特征 ཕྱི་ཡིག་གི་མིང་། Age characteristics of children's psychological development trend ངོ་བོ། བྱིས་པའི་སེམས་ཁམས་འཕེལ་ཚུལ་གྱི་ལོ་ནའི་ཁྱད་རྟགས་ཞེས་པ་ནི་སྤྱི་ཚོགས་སློབ་གསོ་ངེས་ཅན་ཞིག་གི་ཆ་རྐྱེན་འོག་བྱིས་པ་འཕེལ་རྒྱས་སུ་འགྲོ་བའི་ལོ་ཚད་མི་འདྲ་བའི་ནང་གྲུབ་པའི་དཔེར་མཚོན་དང་ངོ་བོའི་སེམས་ཁམས་ཀྱི་ཁྱད་ཆོས་ལ་ཟེར།
འཕེལ་འགྲིབ་ནད་ཅེས་པ་ནི་རྐྱེན་དུས་གདོན་ཟས་སྤྱོད་བཞི་ཡིས་ནད་ཟུངས་དྲི་མ་རྣམ་པ་གསུམ་པོ་རང་རང་གི་ལྡང་ཚད་ལས་མང་དུ་འཕེལ་བའམ་ཉུང་དུ་ཟད་པ། ཡང་ན་དེ་རྣམས་ཕན་ཚུན་འཁྲུགས་པར་གྱུར་ནས་ལུས་ཀྱི་འབྱུང་བ་ལྔའི་ཁམས་མ་སྙོམས་པ་ལས་བྱུང་བའི་ཚེ་སྲོག་ལ་གནོད་ཅིང་སྡུག་བསྔལ་གྱིས་གཟིར་བའི་ནད་ཀྱི་རྒྱུ་རྐྱེན་མཚན་ཉིད་སོགས་སྟོན་པ་ལ་ཟེར། ནད་ཀྱི་རྒྱུ། ནད་ཀྱི་རྒྱུ་ལ་རིང་རྒྱུ་དང་ཉེ་རྒྱུ་གཉིས་ཡོད་པས་རིང་བའི་རྒྱུ་ལས་ནད་སྤྱིའི་ཐུན་མོང་གི་རྒྱུ་ནི་མ་རིག་པ་དང་། ཁྱད་པར་གྱི་རྒྱུ་ནི་མ་རིག་པ་ལས་བྱུང་བའི་འདོད་ཆགས་དང་། ཞེ་སྡང་། གཏི་མུག་གསུམ་སྟེ་ལུས་སེམས་ཀྱི་བདེ་བ་འཕྲོག་པར་བྱེད་པའི་དུག་གསུམ་དུ་གྲགས་པ་རྣམས་ཡིན་ལ།
སྨན་གྱི་བཏང་ཚུལ་དང་དེའི་བྱེད་ནུས་རེ་རེ་གསལ་བཤད་བྱས་ཡོད། ཟས་མ་ཟོས། ཟས་མ་ཟོས་གོང་གི་ནངས་སྔ་ལངས་ལྟོ་སྟོང་གི་སྐབས་དེ་ལ་ཟེར་བ་དང་། དུས་དེ་ནི་ཕོ་བའི་མེ་དྲོད་འབར་བ། རྩ་སྒོ་ཕྱེ་བ། བད་ཀན་གྱི་བེ་སྣབས་ལ་སོགས་པ་དག་པས་བད་ཀན་གྱི་ནད་དང་འདུས་པའི་ནད། ལྡན་པའི་ནད་སོགས་ལ་བསྔགས་པའི་གཉེན་པོ་བསྟེན་ན་ལྷག་ཏུ་ཕན། ཟས་སྔོན། ཟས་ཟ་ལ་ཉེ་བའི་སྔོན་དུ་སྨན་བཏང་བར་གོ་དགོས་ཏེ། ཟ་མས་སྨན་ནུས་ཐུར་དུ་འགྲོ་བར་གྲོགས་བྱེད་པས་ཐུར་སེལ་རླུང་གི་ནད་དང་ལོང་གའི་ནད་ལ་སོགས་པར་བསྔགས་པའི་གཉེན་པོ་བསྟེན་ན་ཕན་པར་ངེས།
འདི་ནི་བོད་ཀྱི་གསོ་རིག་ལས་སྙིང་ནད་བཅོས་ཐབས་ཀྱི་སྨན་ཞིག་ཡིན་ཏེ། ཙནྡན་དཀར་པོ། ཛཱ་ཏི། སྙིང་ཞོ་ཤ་བཅས་སྨན་སྣ་གསུམ་ལས་གྲུབ་པ་ཡིན་ཞིང་། བསྡུས་གྲང་སྙིང་གི་ཚད་པ་འཇོམས་ལ་ཕན་པ་ཡིན། རྒྱ་ཡིག་གི་མིང་། 三味檀香汤 ཕྱི་ཡིག་གི་མིང་། Tsanten Sumthang སྨན་སྦྱོར། ཙནྡན་དཀར་པོ། ཛཱ་ཏི། སྙིང་ཞོ་ཤ་བཅས་སྨན་སྣ་གསུམ་ལས་གྲུབ་པ་ཡིན། ཕན་ནུས། བསྡུས་གྲང་སྙིང་གི་ཚ་བ་སེལ་བར་བྱེད། བསྟེན་ཚུལ། ཉིན་རེར་ཐེངས་གཅིག ཐེངས་རེར་ཐུན་གཅིག་རེ་བསྟེན། ངོ་བོ། རང་བཞིན་བསིལ་ལ་བཟི་མེད། འཛེམ་བྱ། དམིགས་བསལ་གྱི་འཛེམས་བྱ་མེད། ཚད་གཞི། ཕྱེ་མ།
ལྡང་དུས་དགུ་ནི་ན་སོའི་ནད་གསུམ་དང་ཡུལ་གྱི་ནད་གསུམ། དུས་ཀྱི་ནད་གསུམ་བཅས་དགུ་ཡོད་པ་དེ་ལ་གོ ནང་དོན་མདོར་བསྟན། ལུས་སྟོབས་ཉམས་པས་རྒས་པར་གྱུར་པ་ན་རླུང་གི་ངོ་བོ་ཉིད་འཕེལ་བས་རླུང་གི་མི་ཡིན་པ་དང་། དར་མ་ནི་འབྱུང་བའི་སྟོབས་ཐམས་ཅད་འཕེལ་བས་དེ་གཞན་ལ་ཁེངས་ཤིང་ཁྲོ་བ་ཤས་ཆེར་འབྱུང་བས་མཁྲིས་པ་འཕེལ་བའི་དུས་སུ་མཁྲིས་པའི་མི་ཡིན་པ། བྱིས་པ་ནི་མའི་ནུ་ཞོ་སོགས་ཀྱི་ཁ་ཟས་དང་ཀུན་ཏུ་ཉལ་བ་སོགས་ཀྱིས་བད་ཀན་འཕེལ་བས་བྱིས་པ་བད་ཀན་གྱི་མི་ཡིན་པ་བཅས་ལ་ན་སོ་དེ་དག་དང་མཐུན་པའི་ནད་བྱུང་ན་ན་སོས་གཉན་ཞེས་གསོ་དཀའ་བའི་དོན་ཏེ་ན་སོའི་གསུམ་དང་། ངད་ཅན་ཏེ་བསེར་བུའི་ངད་ལྡང་བ་ལ་རེག་བྱ་གྲང་བ་བསྐྱེད་པའི་གནས་ནི་རླུང་འཕེལ་ཡུལ་ཡིན་པ་དང་།
འདི་ནི་བོད་ཀྱི་གསོ་རིག་ལས་སྙིང་གཟེར་དང་སྙིང་ཚད་ཐུན་མོང་གི་ནད་བཅོས་ཐབས་ཀྱི་སྨན་ཞིག་ཡིན་ཏེ། ཨ་གར་བརྒྱད་པ་དང་ཁྱུང་ལྔ་བསྲེས་པ་ལས་གྲུབ་པ་དང་། འགྲམས་འཁྲུགས་ལས་གྱུར་པའི་ཀླད་གཟེར་དང་། སྙིང་ཚད་དང་སྙིང་གཟེར་ནད་ཀྱིས་སྙིང་ག་གཡུགས་ཤིང་དྲན་མེད་དུ་བརྒྱལ་བ་དང་ནུ་མ་སྐྲངས་པ་སོགས་ལ་ཕན་པ་ཞིག་ཡིན། རྒྱ་ཡིག་གི་མིང་། 八味沉香干水丸 རྣམ་པ། རིལ་བུ། སྨན་སྦྱོར། ཨ་གར་བརྒྱད་པ་དང་ཁྱུང་ལྔ་བསྲེས་པ་ལས་གྲུབ་པ་ཞིག་ཡིན། ཕན་ནུས། འགྲམས་འཁྲུགས་ལས་གྱུར་པའི་ཀླད་གཟེར་དང་། སྙིང་ཚད་དང་སྙིང་གཟེར་ནད་ཀྱིས་སྙིང་ག་གཡུགས་ཤིང་དྲན་མེད་དུ་བརྒྱལ་བ་དང་ནུ་མ་སྐྲངས་པ་སོགས་ལ་ཕན་པ་ཞིག་ཡིན།
འདི་ནི་བོད་ཀྱི་གསོ་རིག་ལས་སྙིང་རླུང་ནད་བཅོས་ཐབས་ཀྱི་སྨན་ཞིག་ཡིན་ཏེ། ཨར་ནག ཛཱ་ཏི། སྙིང་ཞོ་ཤ མ་ནུ། རུ་རྟ། ཨ་རུ་ར། ཅུ་གང་སོགས་སྨན་སྣ་བཅུ་གཅིག་ལས་གྲུབ་པ་དང་། སྙིང་རླུང་ནད་ཀྱི་སེམས་མི་བདེ་བ་དང་། ནུ་མཆིན་གཟེར་བ། སེམས་གུ་དོག་པོ་བྱེད་པ། དོན་མེད་ཁོང་ཁྲོ་བའམ་སྙིང་གཡུགས་པས་རོ་སྟོད་ཁེངས་པའི་རྣམ་པ་ཡོད་པ། བད་རླུང་གིས་མགོ་ཡུ་འཁོར་བ་སོགས་ལ་ཕན་པ་ཞིག་ཡིན། རྒྱ་ཡིག་གི་མིང་། 十一味甘露丸 རྣམ་པ། རིལ་བུ། སྨན་སྦྱོར། ཨར་ནག
འདི་ནི་བོད་ཀྱི་གསོ་རིག་ལས་ཚ་ཆུའི་ནད་བཅོས་ཐབས་ཀྱི་སྨན་ཞིག་ཡིན་ཏེ། གྷི་ཝཾ། གུར་གུམ། བ་ཤ་ཀ གསེར་མེ། རྒྱ་ཏིག་སོགས་སྨན་སྣ་བཅོ་བརྒྱད་ལས་གྲུབ་པ་དང་། དུག་ནད་རུས་ལ་ཞེན་པ་དང་། སྨུག་པོ་རྩ་ལ་བྱེར་བ། ཚ་ཆུ་དང་ཚ་སྦོས། ཁྱད་པར་རྐང་འབམ་ནད་ལ་ཕན་པ་ཞིག་ཡིན། རྒྱ་ཡིག་གི་མིང་། 大象渡江丸 རྣམ་པ། རིལ་བུ། སྨན་སྦྱོར། གྷི་ཝཾ། གུར་གུམ། བ་ཤ་ཀ གསེར་མེ། རྒྱ་ཏིག ཨུཏྤལ་སྔོན་པོ། སྲད་དཀར། འཇམ་འབྲས། ལྕམ་པ། སྡིག་སྲིན། འུ་སུ་སོགས་སྨན་སྣ་བཅོ་བརྒྱད་ལས་གྲུབ་པ་ཡིན། ཕན་ནུས།
འདི་ནི་བོད་ཀྱི་གསོ་རིག་ལས་གཉན་རིམས་བཅོས་ཐབས་ཀྱི་སྨན་ཞིག་ཡིན་ཏེ། སྤང་རྩི་དོ་བོ། བོང་ང་དཀར་པོ། པར་པ་ཏ། སྨྱུག་ཅུ་གང་། གུར་གུམ། ཙན་དན་དཀར་པོ་སོགས་སྨན་སྣ་བཅུ་གཉིས་ལས་གྲུབ་པ་དང་། གློ་ཚད་དང་། གྲེ་བའི་གཉན་ཚད་སོགས་གཉན་ནད་མ་ལུས་གསོད་ལ། ཀླད་གཟེར་དང་ཆམ་རིམས། རྒྱུ་ཚད་སོགས་རིམས་ནད་སྟོབས་ཆེན་དག་ཀྱང་འཇོམས་པར་བྱེད་པ་ཞིག་ཡིན། རྒྱ་ཡིག་གི་མིང་། 十二味翼首草丸 རྣམ་པ། རིལ་བུ། སྨན་སྦྱོར། སྤང་རྩི་དོ་བོ། བོང་ང་དཀར་པོ། པར་པ་ཏ། སྨྱུག་ཅུ་གང་། གུར་གུམ། ཙན་དན་དཀར་པོ།
འདི་ནི་བོད་ཀྱི་གསོ་རིག་ལས་ཆུ་གཞིའི་ནད་བཅོས་ཐབས་ཀྱི་སྨན་ཞིག་ཡིན་ཏེ། ཁ་ཆེ་གུར་གུམ། ཙན་དན་དཀར་པོ། བ་ཤ་ཀ་སོགས་སྨན་སྣ་ཉེར་བཞི་ལས་གྲུབ་པ་དང་། དུག་ནད་རུས་ལ་ཞེན་པ་དང་། མཆིན་པ་ཆེར་རྒྱས་པ། མཆིན་པའི་ཟགས་ཆུ། དབུགས་རྔམ་པ། ཁྱད་པར་རྐང་འབམ་ནད་ལ་ཤིན་ཏུ་ཕན་པ་ཞིག་ཡིན། རྣམ་པ། ཕྱེ་མ། ཚད་གཞི། ཐུམ་རེར་ཁེ2ཡོད། སྨན་སྦྱོར། ཁ་ཆེ་གུར་གུམ། ཙན་དན་དཀར་པོ། བ་ཤ་ཀ ཨ་རུ་གསེར་མདོག ཨུཏྤལ་སྔོན་པོ། གསེར་མེ། པྲི་ཡང་ཀུ།
འདི་ནི་བོད་ཀྱི་གསོ་རིག་ལས་རིམས་ཚད་དང་གཉན་རིམས་འགོག་བཅོས་ཀྱི་སྨན་ཞིག་ཡིན་ཏེ། ཨ་རུ་ར། པར་པ་ཏ། ཀཎྜ་ཀ་རི། སླེ་ཏྲེས། སྔོ་སྟག་ཤ་སོགས་སྨན་སྣ་བཅུ་གཉིས་ལས་གྲུབ་པ་དང་། གཉན་གྱི་སྡོང་ཟླ་དང་བཅས་པའི་རིམས་ཚད་མ་ལུས་སེལ་ཞིང་། གཉན་ནད་འབྲུམ་པ་སོགས་ལ་ཕན་པ་མ་ཟད། མགོ་ན་བ་དང་ཚ་བ་རྒྱས་པ་སོགས་ལའང་ཕན་པ་ཞིག་ཡིན། རྣམ་པ། རིལ་བུ། ཚད་གཞི། རིལ་བུ་རེའི་ལྗིད་ཚད་ཁེ0.3ཡོད། སྨན་སྦྱོར། ཨ་རུ་ར། པར་པ་ཏ། ཀཎྜ་ཀ་རི། སླེ་ཏྲེས། སྔོ་སྟག་ཤ ཤུ་དག སྤང་རྩི་དོ་བོ། བྱ་རྒོད་སྤོས། ཕུར་ནག་ཁཎྜ། སྤྲུ་ནག
འདི་ནི་བོད་ཀྱི་གསོ་རིག་ལས་ཁྲག་རླུང་སྟོད་འཚངས་ནད་བཅོས་ཐབས་ཀྱི་སྨན་ཞིག་ཡིན་ཏེ། ཏང་ཀུན། ཨ་རུ་ར། ཨར་ནག ཀོ་བྱི་ལ། རུ་རྟ་སོགས་སྨན་སྣ་བརྒྱད་ལས་གྲུབ་པ་དང་། སྟོད་ཀྱི་རླུང་ཁྲག་འཁྲུགས་པ་ལས་གྱུར་པའི་ནད་ཀྱིས་རོ་སྟོད་གཟེར་བ་དང་། བྲང་བསྡམ་པ། དབུགས་སྣ་ཐུང་བ། སྙིང་གཟེར་རྒྱག་པ། སྙིང་ག་གཡུགས་པ་བཅས་ལ་ཕན་པ་ཞིག་ཡིན། རྒྱ་ཡིག་གི་མིང་། 八味沉香无死丸 རྣམ་པ། རིལ་བུ། སྨན་སྦྱོར། ཏང་ཀུན། ཨ་རུ་ར། ཨར་ནག ཀོ་བྱི་ལ། རུ་རྟ། སྤོས་དཀར། ཚེར་སྔོན།
འདི་ནི་བོད་ཀྱི་གསོ་རིག་ལས་བད་ཀན་རང་རྒྱུད་ཅན་གྱི་ནད་གསོ་བའི་སྨན་ཞིག་ཡིན་ཏེ། ཅོང་ཞི་རྒོད་བཏུལ། ཨ་རུ་ར། ཚ་ལ་བཏུལ་མ་སོགས་ཀྱིས་གྲུབ་པ་དང་། ཀ་ར་དང་སྦྱར་ཏེ་བཏུང་བས། ཁ་ཟས་མ་ཞུ་བས་ཀུན་ནས་བསླང་བའི་བད་ཀན་ལྷེན་དང་ལྕགས་དྲེག མེ་ཉམས་སོགས་བད་ཀན་རང་རྒྱུད་ཅན་གྱི་ནད་ཞི་བར་བྱེད་པ་སོགས་ལ་ཕན་པ་ཞིག་ཡིན། རྒྱ་ཡིག་གི་མིང་། 寒水石汤 རྣམ་པ། ཕྱེ་མ། སྨན་སྦྱོར། ཅོང་ཞི་རྒོད་བཏུལ། ཨ་རུ་ར། ཚ་ལ་བཏུལ་མ། རྒྱམ་ཚྭ། བོང་ང་དཀར་པོ།
འདི་ནི་བོད་ཀྱི་གསོ་རིག་ལས་གློ་བའི་ནད་དང་། མཆིན་ནད་ཐུན་མོང་གི་ནད་བཅོས་ཐབས་ཀྱི་སྨན་ཞིག་ཡིན་ཏེ། གྷི་ཝཾ་དགུ་པ་དང་ཙན་དན་བརྒྱད་པ་གཉིས་མཉམ་བསྲེས་བྱས་པ་ལས་གྲུབ་པ་དང་། མཆིན་ཁྲག་རྒྱས་ཤིང་རྩིབ་ལོགས་གཟེར་བ་དང་། གློ་ཚད་ཀྱིས་གློ་རྒྱག་པ། ལུད་པ་ཁྲག་ཏུ་ལུ་བ། རོ་སྟོད་གཟེར་བ། གཉན་ནད་གློ་མཆིན་ཡུལ་དུ་བབས་པ་སོགས་ལ་ཕན་པ་ཞིག་ཡིན། རྣམ་པ། རིལ་བུ། ཚད་གཞི། རིལ་བུ་རེའི་ལྗིད་ཚད་ཁེ0.3ཡོད། སྨན་སྦྱོར། གྷི་ཝཾ་དགུ་པ་དང་ཙན་དན་བརྒྱད་པ་གཉིས་མཉམ་བསྲེས་བྱས་པ་ལས་གྲུབ་པ་ཞིག་ཡིན།
འདི་ནི་བོད་ཀྱི་གསོ་རིག་ལས་རིམས་འཁྲུགས་ནད་བཅོས་ཐབས་ཀྱི་སྨན་ཞིག་ཡིན་ཏེ། མ་ནུ། སླེ་ཏྲེས། ཀཎྜ་ཀ་རི། ཨ་རུ་ར། སྐྱུ་རུ་ར། བ་རུ་ར་སོགས་སྨན་སྣ་བཅུ་གཉིས་ལས་གྲུབ་པ་དང་། ཚ་བ་མ་སྨིན་པའི་ནད་དང་།རིམས་འཁྲུགས་ནད། ཟུངས་ངན་བཅས་ལ་ཕན་པ་ཞིག་ཡིན། རྒྱ་ཡིག་གི་མིང་། 十二味奇汤 རྣམ་པ། ཕྱེ་མ། སྨན་སྦྱོར། མ་ནུ། སླེ་ཏྲེས། ཀཎྜ་ཀ་རི། ཨ་རུ་ར། སྐྱུ་རུ་ར། བ་རུ་ར། བོང་ང་དཀར་པོ། ཀྱི་ལྕེའི་མེ་ཏོག སྤང་རྩི་དོ་བོ། ཧོང་ལེན།
འདི་ནི་བོད་ཀྱི་གསོ་རིག་ལས་ཕོ་བའི་གཅོང་ནད་ཀྱི་སྨན་ཞིག་ཡིན་ཏེ། བཙོ་ཐལ་དང་། ཅོང་ཞི་བཏུལ་མ། བ་ལུ་བཏུལ་མ། དབྱི་མོང་བཏུལ་མ། འུ་སུ་སོགས་སྨན་སྣ་བཅུ་བདུན་ལས་གྲུབ་པ་དང་། བད་ཀན་སྨུག་པོའི་ནད་དང་། ཕོ་གཅོང་གི་ནད། ཕོ་བོའི་སྐྲན། ཕོ་ལོག མཆིན་པའི་ནད། རྒྱུ་རྒན། རྒྱུ་གཟེར། གླང་ཐབས་སོགས་ཕོ་ལོང་རྒྱུ་གཅོང་ནད་ཀྱིས་ཕོ་བ་ཧྲེམ་མེར་ན་བ་དང་། སྒྲེགས་པ་མང་བ་སོགས་ལ་ཕན་པ་ཞིག་ཡིན། རྣམ་པ། རིལ་བུ། ཚད་གཞི། རིལ་བུ་རེའི་ལྗིད་ཚད་ཁེ
འདི་ནི་བོད་ཀྱི་གསོ་རིག་ལས་ཕོ་རླུང་ནད་ཀྱི་སྨན་ཞིག་ཡིན་ཏེ། ཨ་གར་བརྒྱད་པ་དང་སེ་འབྲུ་ལྔ་པ་མཉམ་བསྡེབས་བྱས་པ་དང་། ཕོ་བའི་མེ་རླུང་ཉམས་པས་ཕོ་བ་སྦོས་བརྒྱངས་བྱེད་ཅིང་སྒྲེགས་པ་འཐུལ་བ། ཁ་ཟས་ཟོས་མ་ཐག་བདེ་སྙམ་བྱེད་པ་བཅས་ལ་ཕན་ཞིང་། གཞན་སྨན་འདི་ཐུན་ཆུང་ཡུན་རིང་བསྟེན་པས་ཕོ་རླུང་དང་། ཕོ་སྐྲན་འཇོམས་པར་བྱེད་པ་ཡིན། རྣམ་པ། རིལ་བུ། ཚད་གཞི། རིལ་བུ་རེའི་ལྗིད་ཚད་ཁེ0.25ཡོད། སྨན་སྦྱོར། ཨ་གར་བརྒྱད་པ་དང་སེ་འབྲུ་ལྔ་པ་མཉམ་བསྡེབས་བྱས་པ་ཡིན། ཕན་ནུས། ཕོ་བའི་མེ་རླུང་ཉམས་པས་ཕོ་བ་སྦོས་བརྒྱངས་བྱེད་ཅིང་སྒྲེགས་པ་འཐུལ་བ།
རྒྱ་མཚོའི་ཉེ་འགྲམ་གྱི་ཤིང་ནགས་དང་ཤིང་མ་ལྡུམ་གྱི་གསེབ་ནས་སྐྱེ་བའི་རྩྭ་རིགས་ཤིག་སྟེ། འབྲས་བུ་སྨན་བྱས་ཆོག རྒྱ་ཡིག་གི་མིང་། 水黄皮 ཕྱི་ཡིག་གི་མིང་། Pongamia pinnata (L.) Pierre མིང་གཞན། ཀ་རཱཛ། ལག་ཀྱེས། ཨ་ཙ་རས། ཀ་ར་ལག་པ། ཨ་ཐལ་མོ། ལག་པའི་ཐལ་མོ། སྨན་དུ་སྦྱར་བྱ། འབྲས་བུ། སྡེ་ཁོངས། ཤིང་སྨན་གྱི་སྡེ། སྐྱེ་དབྱིབས། 《ཤེལ་ཕྲེང》ལས། འཁྲུངས་དཔེ་ཁུངས་མ་དང་ངོ་མ་འཕྲོད་ཀྱང་། ངོ་བོ་ནི། ཤིང་དྲོད་ཅན་གྱི་འབྲས་བུ་རོ་དང་ཞུ་རྗེས་ཤིན་ཏུ་ཁ་ལ་སྦུལ་གྱི་སྒོ་ང་ལྟ་བུ་ཞིག་འོངས་ལ། ཞེས་གསུངས་པ་ལྟར།
འདི་ནི་བོད་ཀྱི་གསོ་རིག་ལས་ཕོ་ལོང་གཉན་སྲིན་འཇོམས་པའི་སྨན་ཞིག་ཡིན་ཏེ། གཡུ་དྲིལ་བཅུ་གསུམ་སྟེང་ཁྱུང་ལྔ་བསྣན་པ་དང་། ཕོ་ལོག་དང་། ཕོ་བའི་ཁྲག་མཁྲིས། བད་ཀན་གྱི་ནད། སྨུག་པོའི་གླང་ཐབས། གཉན་གཟེར་གྱི་རིགས་རྣམས་ལ་ཕན་པ་ཡིན། རྒྱ་ཡིག་གི་མིང་། 玉琼散 རྣམ་པ། ཕྱེ་མ། སྨན་སྦྱོར། གཡུ་དྲིལ་བཅུ་གསུམ་སྟེང་ཁྱུང་ལྔ་བསྣན་པ་ཡིན། ཕན་ནུས། ཕོ་ལོག་དང་། ཕོ་བའི་ཁྲག་མཁྲིས། བད་ཀན་གྱི་ནད། སྨུག་པོའི་གླང་ཐབས། གཉན་གཟེར་གྱི་རིགས་རྣམས་ལ་ཕན་པ་ཡིན། ངོ་བོ། སྨན་སྦྱོར་འདི་ཁ་དོག་སྔོ་སྐྱ་དང་རོ་ཁ་ལ་ཅུང་ཟད་ཚྭ་བའི་སྨན་ཕྱེ་རང་བཞིན་སྙོམས་ལ་བཟི་ཅུང་ཡོད་པ་ཞིག་ཡིན།
འདི་ནི་བོད་ཀྱི་གསོ་རིག་ལས་བཤང་འགག་སེལ་བའི་སྨན་ཞིག་ཡིན་ཏེ། ཞི་བྱེད་དྲུག་པའི་སྟེང་ཨུག་ཆོས་བསྣན་པ་དང་། ཕོ་བ་དང་རྒྱུ་སྨད་འཁྲོག་པ་དང་། ལྟོ་བ་སྦོས་བརྒྱངས་བྱེད་ཅིང་བཤང་བ་འབབ་དཀའ་བ་བཅས་ལ་ཕན་པ་ཡིན། རྣམ་པ། རིལ་བུ། ཚད་གཞི། རིལ་བུ་རེའི་ལྗིད་ཚད་ཁེ0.3ཡོད། སྨན་སྦྱོར། ཞི་བྱེད་དྲུག་པའི་སྟེང་ཨུག་ཆོས་བསྣན་པ་ཡིན། ཕན་ནུས། ཕོ་བ་དང་རྒྱུ་སྨད་འཁྲོག་པ་དང།ལྟོ་བ་སྦོས་བརྒྱངས་བྱེད་ཅིང་བཤང་བ་འབབ་དཀའ་བ་བཅས་ལ་ཕན།
འདི་ནི་བོད་ཀྱི་གསོ་རིག་ལས་མཁལ་རླུང་གི་སྨན་ཞིག་ཡིན་ཏེ། ཨར་ནག ཨ་རུ་ར། སྙིང་ཞོ་ཤ ཨ་བྱག་གཟེར་འཇོམས་སོགས་ལས་གྲུབ་པ་དང་། ཁྲག་རླུང་འཐབ་པ་དང་། སྙིང་འཕྱོས་ནད། མགོ་གཟེར་རྒྱག་པ་སོགས་ལ་ཕན་པ་ཞིག་ཡིན། རྒྱ་ཡིག་གི་མིང་། 十七味沉香丸 རྣམ་པ། རིལ་བུ། སྨན་སྦྱོར། ཨར་ནག ཨ་རུ་ར། སྙིང་ཞོ་ཤ ཨ་བྱག་གཟེར་འཇོམས། ཨ་བྱག་ཚེར་སྔོན། རུ་རྟ། ལི་ཤི། ཛཱ་ཏི། གུལ་ནག སྨན་ཆེན། རི་བོང་སྙིང་སོགས་སྨན་སྣ་བཅུ་བདུན་ལས་གྲུབ་པ་ཡིན། ཕན་ནུས།