ཡོངས་འཛིན་རིག་མཛོད། >ཚན་རིག >གསོ་རིག >སྨན་རྫས།

ཨིནྡྲ་བཅོ་ལྔ །

འདི་ནི་བོད་ཀྱི་གསོ་རིག་ལས་འཁྲུ་ནད་བཅོས་ཐབས་ཀྱི་སྨན་ཞིག་ཡིན་ཏེ། དུག་མོ་ཉུང་། བོང་ང་དཀར་པོ། ལི་ག་དུར། བ་ལེ་ཀ གི་ཝང་། ཅུ་གང་སོགས་སྨན་སྣ་བཅོ་ལྔ་ལས་གྲུབ་པ་དང་། རྒྱུ་ལོང་དོན་སྤྱི་དང་གཉན་ཚད། ཚ་འཁྲུ་གཅོད་པར་ཕན་པ་ཞིག་ཡིན།

རིགས་དབྱེ།  

མཁྲིས་ཕྱེ་ཉེར་ལྔ།

འདི་ནི་བོད་ཀྱི་གསོ་རིག་ལས་རྒྱུ་ལོང་བཅོས་ཐབས་ཀྱི་སྨན་ཞིག་ཡིན་ཏེ། དོམ་མཁྲིས། གསེར་གྱི་མེ་ཏོག དུག་མོ་ཉུང་། གླ་སྒང་། བོང་བ་དཀར་པོ། བ་ལེ་ཤ རེ་སྐོན་རྩི་དམར། ཙནྡན་དཀར་པོ། ཅུ་གང་། གི་ཝཾ། གུར་ཀུམ་སོགས་སྨན་སྣ་ཉེར་ལྔ་ལས་གྲུབ་པ་དང་། རྒྱུ་ལོང་བསྣད་འགྲམས་དང་ཁྲག་མཁྲིས། ཚ་འཁྲུ་གཅོད་པར་ཕན་པ་ཞིག་ཡིན།

རིགས་དབྱེ།  

ད་ཏྲིག་བརྒྱད་པ།

འདི་ནི་བོད་ཀྱི་གསོ་རིག་ལས་འཁྲུ་ནད་བཅོས་ཐབས་ཀྱི་སྨན་ཞིག་ཡིན་ཏེ།ད་ཏྲིག སེ་འབྲུ། ཤིང་ཚ། ཡ་བག་ཆ་ར། ལ་ལ་ཕུད་སོགས་སྨན་སྣ་བརྒྱད་ལས་གྲུབ་པ་དང་།འཁྲུ་བ་གསར་རྙིང་དང་ཚ་གྲང་མ་ལུས་གཅོད་པར་ཕན་པ་ཞིག་ཡིན།

རིགས་དབྱེ།  

སེ་འབྲུ་དགུ་བ།

འདི་ནི་བོད་ཀྱི་གསོ་རིག་ལས་འཁྲུ་ནད་བཅོས་ཐབས་ཀྱི་སྨན་ཞིག་ཡིན་ཏེ། སེ་འབྲུ། སྒ་སྐྱ། པི་པི་ལིང་། ཛཱ་ཏི། ཕོ་བ་རིས། ཤིང་ཚ། སེ་འབྲུ། སྒ་སྐྱ། པི་པི་ལིང་། ཛཱ་ཏི། ཕོ་བ་རིས། ཤིང་ཚ་སོགས་སྨན་སྣ་དགུ་ལས་གྲུབ་པ་དང་།ཕོ་ལོང་རྒྱུ་མའི་མེ་དྲོད་སྐྱེད་པ་དང་འཁྲུ་བ་གསར་རྙིང་མ་ལུས་གཅོད་པར་ཕན་པ་ཞིག་ཡིན།

རིགས་དབྱེ།  

ལོང་སྐྲན་སེ་འབྲུ་བཅུ་གསུམ།

འདི་ནི་བོད་ཀྱི་གསོ་རིག་ལས་སྐྲན་ནད་གསོ་བའི་སྨན་ཞིག་ཡིན་ཏེ། སེ་འབྲུ། སྒ་སྨུག ཛཱ་ཏི། ཀ་ཀོ་ལ། ཤིང་ཚ། རྒྱམ་ཚྭ། པི་པི་ལིང་སོགས་སྨན་སྣ་བཅུ་གསུམ་ལས་གྲུབ་པ་དང་། ཕོ་ལོང་སྨུག་པོ་དང་སྐྲན་བཤིག མེ་དྲོད་སྐྱེད་པ། སྦོ་འཁྲོག་བཤང་འགགས་སོགས་ལ་ཕན་པ་ཞིག་ཡིན།

རིགས་དབྱེ།  

བྲག་ཞུན་ལྔ་ཐང་།

འདི་ནི་བོད་ཀྱི་གསོ་རིག་ལས་མཆིན་ནད་བཅོས་ཐབས་ཀྱི་སྨན་ཞིག་ཡིན་ཏེ། བྲག་ཞུན་ཁཎྜ། བ་ལེ་ཀ བ་ཤ་ཀ གུར་ཀུམ་སོགས་སྨན་སྣ་ལྔ་ལས་གྲུབ་པ་དང་།མཆིན་ནད་ལྡེམ་བུའི་ནད་ལ་ཕན་པ་ཞིག་ཡིན།

རིགས་དབྱེ།  

གུར་ཀུམ་མཆོག་བདུན།

འདི་ནི་བོད་ཀྱི་གསོ་རིག་ལས་མཆིན་ནད་བཅོས་ཐབས་ཀྱི་སྨན་ཞིག་ཡིན་ཏེ།གུར་ཀུམ། ཅུ་གང་། ཨུཏྤལ་སྔོན་པོ། བ་ལེ་ཀ ཏིག་ཏ་སོགས་སྨན་སྣ་བདུན་ལས་གྲུབ་པ་དང་།མཆིན་པའི་ནད་རིགས་གསར་རྙིང་མ་ལུས་དང་མཆིན་པ་བསྣད་འགྲམས།ཁྲག་རྒྱས་པ་དང་མིག་སེར་བ་ལ་ཕན་པ་ཞིག་ཡིན།

རིགས་དབྱེ།  

རིན་ཆེན་གཡུ་རྙིང་ཉེར་ལྔ།

འདི་ནི་བོད་ཀྱི་གསོ་རིག་ལས་རིན་ཆེན་སྦྱོར་བའི་སྨན་ཞིག་ཡིན་ཏེ། གཡུ་རྙིང་དང་། མུ་ཏིག བྱུ་རུ། མཚལ་དཀར། ཨ་རུ་གསེར་མདོག ལྕགས་ཕྱེ་སོགས་སྨན་སྣ་ཉེར་ལྔ་ལས་གྲུབ་པ་དང་ལེབ་རྒན་རྒྱས་པ་དང་ལྡན་འདུས་དུག་ཐབས། གཞུང་རེངས། མཆིན་གྲུམ་ནག་པོ། ཧལ་སྐེམ་སོགས་ལ་ཕན་པ་ཞིག་ཡིན།

རིགས་དབྱེ།  

གཡུ་རྙིང་ཅུར་ནིས།

འདི་ནི་བོད་ཀྱི་གསོ་རིག་ལས་མཆིན་ནད་བཅོས་ཐབས་ཀྱི་སྨན་ཞིག་ཡིན་ཏེ། གཡུ་རྙིང་། ག་བུར། ལི་ཤི ཙནྡན་དཀར་པོ། དོམ་མཁྲིས་སོགས་སྨན་སྣ་བརྒྱད་ལས་གྲུབ་པ་དང་། མཆིན་ནད་ལྡེམ་བུའི་ནད་ལ་མཆོག་ཏུ་ཕན་པ་ཞིག་ཡིན།

རིགས་དབྱེ།  

གི་ཝཾ་དགུ་བ།

འདི་ནི་བོད་ཀྱི་གསོ་རིག་ལས་མཆིན་ནད་བཅོས་ཐབས་ཀྱི་སྨན་ཞིག་ཡིན་ཏེ། གི་ཝཾ། གུར་ཀུམ། ཨུཏྤལ་སྔོན་པོ། བ་ལེ་ཀ ཏིག་ཏ། བྲག་ཞུན་ཁཎྜ། རུ་རྟ་སོགས་སྨན་སྣ་དགུ་ལས་གྲུབ་པ་དང་།མཆིན་པ་བསྣད་འགྲམས་དང་མཆིན་པ་ཁྲག་རྒྱས་སེལ་བར་ཕན་པ་ཞིག་ཡིན།

རིགས་དབྱེ།  

གི་ཁྱུང་།

འདི་ནི་བོད་ཀྱི་གསོ་རིག་ལས་མཆིན་ནད་བཅོས་ཐབས་ཀྱི་སྨན་ཞིག་ཡིན་ཏེ། གི་ཝང་དགུ་བའི་སྟེང་ཁྱུང་ལྔ་བསྣན་པ་ཞིག་ཡིན། གཉན་རིམས་ཕོ་མཆིན་བབས་པ་དང་མིག་སེར་བ་ལ་ཕན།

རིགས་དབྱེ།  

གུར་ཀུམ་བཅུ་གསུམ།

འདི་ནི་བོད་ཀྱི་གསོ་རིག་ལས་མཆིན་ནད་བཅོས་ཐབས་ཀྱི་སྨན་ཞིག་ཡིན་ཏེ། གུར་ཀུམ། ལི་ཤི གི་ཝཾ། བསེ་རུ། མཚལ། ཙནྡན་དམར་པོ། གླ་རྩི་སོགས་སྨན་སྣ་བཅུ་གསུམ་ལས་གྲུབ་པ་དང་། མཁལ་མ་བསྣད་འགྲམས་དང་ཆུ་སྲི་ཚ་སྦོས། མཆིན་རྒུད་སྦྱར་དུག ཡ་མའི་སྲིན་ནད་སོགས་སེལ་བར་ཕན་པ་ཞིག་ཡིན།

རིགས་དབྱེ།  

ཨ་བྷི་དྲུག་ཐང་།

ཨ་བྷི་དྲུག་ཐང་ནི་ཚ་ཆུ་གྲང་ཆུར་བསྒྱུར་བའི་སྨན་སྣ་མཆོག་གྱུར་ཞིག་ཡིན།

རིགས་དབྱེ།  

དྭངས་མ་ཆུ་འདྲེན།

འདི་ནི་བོད་ཀྱི་གསོ་རིག་ལས་ཆུ་ནད་གསོ་བའི་སྨན་ཞིག་ཡིན་ཏེ། སེ་འབྲུ། ཤིང་ཚ། སུག་སྨེལ། པི་པི་ལིང་། གསེར་ཕྱེ། སྡིག་སྲིན་སོགས་སྨན་སྣ་བརྒྱད་ལས་གྲུབ་པ་དང་། ཆུ་རིགས་བཅོ་ལྔ་འདྲེན་ཞིང་སྐེམས་པར་བྱེད་པ་ཞིག་ཡིན།

རིགས་དབྱེ།  

གསེར་ཐང་བཅོ་བརྒྱད།

འདི་ནི་བོད་ཀྱི་གསོ་རིག་ལས་རྐང་འབམ་བཅོས་ཐབས་ཀྱི་སྨན་ཞིག་ཡིན་ཏེ།ཨ་རུ་གསེར་མདོག བ་རུ་ར། སྐྱུ་རུ་ར། སླེ་ཏྲེས། སེང་ལྡང་། ཀོ་བྱི་ལ། ཨར་ནག་སོགས་ཀྱིས་གྲུབ་པ་དང་།འབམ་རིགས་ཁྲག་མཁྲིས་དང་སྟོད་གཟེར་བ། དབུགས་རྒོད་སེལ་བར་ཕན་པ་ཞིག་ཡིན།

རིགས་དབྱེ།  

རྒུན་འབྲུམ་བདུན་པ།

འདི་ནི་བོད་ཀྱི་གསོ་རིག་ལས་གློ་ནད་བཅོས་ཐབས་ཀྱི་སྨན་ཞིག་ཡིན་ཏེ། རྒུན་འབྲུམ། ཅུ་གང་། གུར་ཀུམ། ཤིང་མངར། གླ་སྒང་སོགས་སྨན་སྣ་བདུན་ལས་གྲུབ་པ་དང་། གློ་བའི་ནད་དང་དབུགས་མི་བདེ་བ་སེལ་བར་ཕན་པ་ཞིག་ཡིན།

རིགས་དབྱེ།  

ལུག་མུར་བདུན་པ།

འདི་ནི་བོད་ཀྱི་གསོ་རིག་ལས་གློ་ནད་བཅོས་ཐབས་ཀྱི་སྨན་ཞིག་ཡིན་ཏེ། ལུག་མུར། ཨ་རུ་གསེར་མདོག ཅུ་གང་། ཤིང་མངར། སྲོ་ལོ་དཀར་པོ་སོགས་སྨན་སྣ་བདུན་ལས་གྲུབ་པ་དང་། ཆམ་གཞུག་གློ་བརྒྱལ་ལ་ཕན་པ་ཞིག་ཡིན།

རིགས་དབྱེ།  

འཁྲུགས་གློ་ཀུན་སེལ།

འདི་ནི་བོད་ཀྱི་གསོ་རིག་ལས་གློ་ནད་བཅོས་ཐབས་ཀྱི་སྨན་ཞིག་ཡིན་ཏེ། སྤང་རྩི་དོ་བོ། ཨ་རུ། བ་རུ། སྐྱུ་རུ། བཙོད། འབྲི་མོག རྒྱ་སྐྱེགས་སོགས་སྨན་སྣ་བཅུ་གསུམ་ལས་གྲུབ་པ་དང་།འཁྲུགས་རིམས་སྤྱི་དང་ཁྱད་པར་འགྲམས་ལ་ཕན་པ་ཞིག་ཡིན།

རིགས་དབྱེ།  

གློ་ཚད་ཀུན་སེལ།

འདི་ནི་བོད་ཀྱི་གསོ་རིག་ལས་གློ་ནད་བཅོས་ཐབས་ཀྱི་སྨན་ཞིག་ཡིན་ཏེ།ཅུ་གང་། གི་ཝང་། གུར་ཀུམ། ཙནྡ་དཀར་པོ། ཙནྡ་དམར་པོ། ག་དུར་སོགས་སྨན་སྣ་བཅོ་བརྒྱད་ལས་གྲུབ་པ་དང་། གློ་ཚད་སེལ་ཞིང་གཉན་ཚད་འཇོམས་པར་ཕན་པ་ཞིག་ཡིན།

རིགས་དབྱེ།  

ཅུ་གང་ཉེར་ལྔ།

འདི་ནི་བོད་ཀྱི་གསོ་རིག་ལས་གློ་ནད་བཅོས་ཐབས་ཀྱི་སྨན་ཞིག་ཡིན་ཏེ། ཅུ་གང་། ཛཱ་ཏི། གུར་ཀུམ། ལི་ཤི སུག་སྨེལ། ཀ་ཀོ་ལ། ཤིང་མངར་སོགས་སྨན་སྣ་ཉེར་ལྔ་ལས་གྲུབ་པ་དང་། གློ་ནད་གློ་གཟེར་དང་ཁྲག་ལུ་བ། གློ་བརྒྱལ་ཆེ་བ་སོགས་ལ་ཕན་པ་ཞིག་ཡིན།

རིགས་དབྱེ།  

གློ་སྨན་དཀར་པོ་ཡར་འདྲེན།

འདི་ནི་བོད་ཀྱི་གསོ་རིག་ལས་གློ་ནད་བཅོས་ཐབས་ཀྱི་སྨན་ཞིག་ཡིན་ཏེ། སྲོ་ལོ་དཀར་པོ། སྤང་རྒྱན་དཀར་པོ། ཟི་ར་དཀར་པོ་སོགས་སྨན་སྣ་བཅུ་གསུམ་ལས་གྲུབ་པ་དང་། གློ་བའི་རྩ་སྦུབས་དང་རྣག་ཀུན་ཡར་འདྲེན་བྱེད་པར་ཕན་པ་ཞིག་ཡིན།

རིགས་དབྱེ།  

སྟར་བུ་པཉྩ།

འདི་ནི་བོད་ཀྱི་གསོ་རིག་ལས་གློ་ནད་བཅོས་ཐབས་ཀྱི་སྨན་ཞིག་ཡིན་ཏེ། སྟར་བུའི་ཁཎྜ། ཤིང་མངར། རྒུན་འབྲུམ། སྐྱུ་རུ་ར་སོགས་སྨན་སྣ་ལྔ་ལས་གྲུབ་པ་དང་། གློ་བའི་རྣག་ཁྲག་འདྲེན་ཅིང་མགྲིན་པ་ནོན་པར་ཕན་པ་ཞིག་ཡིན།

རིགས་དབྱེ།  

ལི་ཤི་དྲུག་པ།

འདི་ནི་བོད་ཀྱི་གསོ་རིག་ལས་སྐད་འགགས་བཅོས་ཐབས་ཀྱི་སྨན་ཞིག་ཡིན་ཏེ། ལི་ཤི ཅུ་གང་། ཤིང་མངར། སྤང་རྒྱན་དཀར་པོ་སོགས་སྨན་སྣ་དྲུག་ལས་གྲུབ་པ་དང་། གློ་ནད་གྲེ་བ་དང་ཚ་སྐམ། སྐད་འགགས་སེལ་བར་ཕན་པ་ཞིག་ཡིན།

རིགས་དབྱེ།  

ཝ་གློ་ཉེར་ལྔ།

འདི་ནི་བོད་ཀྱི་གསོ་རིག་ལས་གློ་ནད་བཅོས་ཐབས་ཀྱི་སྨན་ཞིག་ཡིན་ཏེ། གི་ཝཾ། ཙནྡན་དཀར་པོ། ཅུ་གང་། གུར་ཀུམ། ཏིག་ཏ། བ་ཤ་ཀ ཧོང་ལེན། བོང་ང་དཀར་པོ་སོགས་སྨན་སྣ་ཉེར་ལྔ་ལས་གྲུབ་པ་དང་། གློ་ནད་ཆེན་པོ་བརྒྱད་ལ་ཕན་པ་ཞིག་ཡིན།

རིགས་དབྱེ།  

ཟངས་ཐལ་ཉེར་ལྔ།

འདི་ནི་བོད་ཀྱི་གསོ་རིག་ལས་གློ་ནད་བཅོས་ཐབས་ཀྱི་སྨན་ཞིག་ཡིན་ཏེ། ཟངས་ཐལ། ལྕགས་ཐལ། སྤོས་དཀར། ཐལ་ཀ་རྡོ་རྗེ། སོ་མ་རཱ་ཛ། འུ་སུ་སོགས་སྨན་སྣ་ཉེར་ལྔ་ལས་གྲུབ་པ་དང་། གློ་ཚད་གློ་རྣག་དང་ཁྱད་པར་དུ་དབུགས་འཚངས་སེལ་བར་ཕན་པ་ཞིག་ཡིན།

རིགས་དབྱེ།  

འབྲས་བུ་གསུམ་ཐང་།

འདི་ནི་བོད་ཀྱི་གསོ་རིག་ལས་ཚ་བ་སྤྱི་གསོ་བའི་སྨན་ཞིག་ཡིན་ཏེ། ཨ་རུ། བ་རུ། སྐྱུ་རུ་བཅས་སྨན་སྣ་གསུམ་གྱིས་གྲུབ་པ་དང་། རིམས་འཁྲུགས་དང་ཚ་བ་གསར་རྙིང་གི་ནད་ལ་ཕན་པ་ཞིག་ཡིན།

རིགས་དབྱེ།  

ནོར་བུ་བདུན་ཐང་།

འདི་ནི་བོད་ཀྱི་གསོ་རིག་ལས་ཚ་བ་སྤྱི་གསོ་བའི་སྨན་ཞིག་ཡིན་ཏེ། ཨ་རུ། བ་རུ། སྐྱུ་རུ། མ་ནུ། སླེ་ཏྲེས། ཀཎྜ་ཀ་རི་སོགས་སྨན་སྣ་བདུན་ལས་གྲུབ་པ་དང་། རླུང་ཁྲག་འཁྲུགས་གསུམ་ནད་རྣམས་ལ་ཕན་པ་ཞིག་ཡིན།

རིགས་དབྱེ།  

འཕྲུལ་ཐང་།

འདི་ནི་བོད་ཀྱི་གསོ་རིག་ལས་ཚ་བ་སྤྱི་གསོ་བའི་སྨན་ཞིག་ཡིན་ཏེ། ཨ་རུ། བ་རུ། སྐྱུ་རུ། མ་ནུ། སླེ་ཏྲེས། ཀཎྜ་ཀ་རི། སྒ་སྐྱ་སོགས་སྨན་སྣ་དགུ་ལས་གྲུབ་པ་དང་། རིམས་ཚད་གཉན་ཚད་དང་སྨིན་སྡུད་འབྱེད་པར་ཕན་པ་ཞིག་ཡིན།

རིགས་དབྱེ།  

ག་བུར་ཉེར་ལྔ།

འདི་ནི་བོད་ཀྱི་གསོ་རིག་ལས་ཚ་བ་སྤྱི་གསོ་བའི་སྨན་ཞིག་ཡིན་ཡིན་ཏེ། ག་བུར། ཛཱ་ཏི། ཅུ་གང་། གུར་ཀུམ། ལི་ཤི སུག་སྨེལ། ཀ་ཀོ་ལ། ཨ་གར་ནག་པོ་སོགས་སྨན་སྣ་ཉེར་ལྔ་ལས་གྲུབ་པ་དང་། འགྲམས་འཁྲུགས་རིམས་དུག་དང་ཚད་པ་གསར་རྙིང་། ཁྱད་པར་དུ་ཚད་རྙིང་བྱེར་བ་གཏིང་ནས་འདོན་པར་ཕན་པ་ཞིག་ཡིན།

རིགས་དབྱེ།  

གཙོ་བོ་བརྒྱད་པ།

འདི་ནི་བོད་ཀྱི་གསོ་རིག་ལས་ཚ་བ་སྤྱི་གསོ་བའི་སྨན་ཞིག་ཡིན་ཏེ། གི་ཝཾ། ཙནྡན་དཀར་པོ། ཅུ་གང་། གུར་ཀུམ། ཏིག་ཏ་སོགས་སྨན་སྣ་བརྒྱད་ལས་གྲུབ་པ་དང་། དོན་སྣོད་གློ་མཆིན་དང་ཁྲག་མཁྲིགས། འཁྲུགས་རིམས། ཚད་པ་གསར་རྙིང་སེལ་བར་ཕན་པ་ཞིག་ཡིན།

རིགས་དབྱེ།