ཡོངས་འཛིན་རིག་མཛོད། >ཚན་རིག >གསོ་རིག > ནད་ཡམས།

མཁྲིས་ནད་བཞི་བཅུ་རྩ་བདུན།

སྨན་གཞུང་དུ་བཤད་པའི་མཁྲིས་པའི་ནད་ཀྱི་རིགས་བཞི་བཅུ་རྩ་བདུན་ངོ་སྤྲོད།

རིགས་དབྱེ།  

ཨི་བོ་ལཱ།

ཨི་བོ་ལཱ(Ebola)ཞེས་པ་ནི་ཆེས་ཕྲ་བའི་ནད་འབུ་ཕྲ་མོ་ཞིག་གི་མིང་ཡིན་ལ། ནད་འབུ་འདི་ཐོག་མར་1976ལོར་ཨ་ཧྥི་རི་ཀའི་ཀོང་ཀོ(Congo)སྤྱི་མཐུན་རྒྱལ་ཁབ་ཀྱི་ཨི་བོ་ལཱ་གཙང་པོའི་ཉེ་འགྲམ་ནས་གསར་དུ་རྙེད་པར་བརྟེན་མིང་དེ་ལྟར་ཐོགས་ཤིང་། ནད་འདིས་ཟིན་པའི་ནད་པ་བརྒྱ་ཆ་དགུ་བཅུ་ཙམ་འདས་གྲོངས་སུ་འགྲོ་བཞིན་ཡོད། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས(WHO)ནས་གཉན་རིམས་འདིར་ཨི་བོ་ལཱ་ཚད་ནད་ཁྲག་ཤོར(Ebola hemorrhagic fever) ཞེས་ཀྱང་འབོད་སྲོལ་འདུག ནད་འབུ་ཕྲ་མོ་འདི་ཧྥི་ལོ་ཞེས་པའི་གཉན་སྲིན(Filovirus)རིགས་གསུམ་གྱི་ཡ་གྱལ་ཞིག་ཡིན་པ་དང་དེ་ལའང་ནང་གསེས་དབྱེ་བ་རིགས་ལྔ་ཡོད།ནད་འབུ་དེ་ལུས་ཀྱི་ནང་ཁྱབ་ཚེ་ལུས་པོའི་འགོག་སྲུང་གི་ནུས་པ་ཉམས་རྒུད་གཏོང་བ་དང་སྦྲགས་རང་བྱུང་ཁྲག་འགོག་གི་ནུས་པ་ཤོར་ཏེ་ཁོང་ཁྲག་ཤོར་བའམ་བུ་ག་རྣམས་ནས་ཁྲག་འགོག་མེད་དུ་ཕྱིར་ཐོན་པ་ཡིན།

རིགས་དབྱེ།  

བྱ་ཡམས།

བྱ་བྱིའུ་ལ་བྱུང་བའི་ཆམ་ཡམས་ཞེས་པའི་བསྡུས་ཚིག་ཡིན་ལ། ཡམས་གསར་ཀ་བའི་ནད་དུག་ཀྱིས་བསྐྱེད་པའི་བྱ་བྱིའུ་ཡི་འགོས་ནད་ཅིག་རེད།

རིགས་དབྱེ།  

མཚན་མའི་གཉན་ཚད།

མཚན་མའི་ནང་གི་དུས་རྒྱུན་གྱི་འབུ་ཕྲ་རབ་ལ་འགྱུར་བ་ཐེབས་པ་ལ་བརྟེན་ནས། རྒྱུན་ལྡན་མ་ཡིན་པའམ། ཡང་ན་མཚན་མར་གནོད་སྐྱེལ་བའི་འབུ་ཕྲ་རབ་གཞན་གྱི་གྲངས་འབོར་མང་དུ་འཕེལ་བ་ལ་བརྟེན་ནས་འབྱུང་བ་ཡིན།

རིགས་དབྱེ།  

མཚན་མའི་གཉན་ཚད་ཀྱི་རྒྱུ་རྐྱེན།

རྒྱུན་མཐོང་གི་མཚན་མའི་གཉན་ཚད་བསྐྱེད་མཁན་འདི་ནི་མཚན་མའི་ནང་གི་དུས་རྒྱུན་གྱི་འབུ་ཕྲ་རབ་ལ་འགྱུར་བ་ཐེབས་པ་ལ་བརྟེན་ནས། རྒྱུན་ལྡན་མ་ཡིན་པའམ། ཡང་ན་མཚན་མར་གནོད་སྐྱེལ་བའི་འབུ་ཕྲ་རབ་གཞན་གྱི་གྲངས་འབོར་མང་དུ་འཕེལ་བ་ལ་བརྟེན་ནས་འབྱུང་བ་ཡིན།

རིགས་དབྱེ།  

བསེ་དུག

འགོས་ནད་རིགས་ཤིག འགའ་ཞིག་གིས་དེང་གི་རེག་དུག་ཅེས་པའི་ནད་དེར་ངོས་འཛིན་པའང་ཡོད།

རིགས་དབྱེ།  

གཞང་འབྲུམ་ནད།

གཞང་གི་ཁ་དང་ནང་ངོས་སུ་འབྲུམ་པ་ཆེ་ཆུང་དང་དབྱིབས་སྣ་ཚོགས་པ་སྐྱེས་ཤིང་། བཤང་བ་ཐུར་དུ་འབབ་པར་འགེགས་བྱེད་པའི་ནད་ཅིག་ལ་གཞང་འབྲུམ་ཞེས་བྱའོ།།

རིགས་དབྱེ།  

དབུགས་མི་བདེ་བ།

དབུགས་རྒྱུ་བའི་ལམ་ཨོལ་ཀྲོང་དང་གློ་ཡུ་གློ་སྦུབས་བཅས་སུ་ལུད་པ་དང་བད་ཀན་བེ་སྣབས་འཕེལ་བའི་རྐྱེན་སོགས་ལས་དབུགས་ཕྱི་ལ་འབྱིན་པ་དང་། ནང་དུ་རྔུབ་པ་རྣམ་རྒྱུན་རྩོལ་མེད་དུ་གྲུབ་པའི་བྱ་བར་འགོག་རྐྱེན་འཕྲད་པ་ལས་མི་བདེ་བའི་ཚོར་སྣང་ཆེ་ཆུང་ཡོད་པའི་གནས་སྐབས་ཤིག་ལ་ཟེར།

རིགས་དབྱེ།  

གློ་གཅོང་ཟད་བྱེད།

བོད་ཀྱི་གསོ་བ་རིག་པ་ནས་གཅོང་ཆེན་ཟད་བྱེད་ཅེས་པའི་ནད་དེ་ལ་དེང་རབས་སྨན་ལུགས་ནསTuberculosis(TB)ཞེས་བརྗོད་ཅིང་། འདི་ནི་ང་ཚོའི་སྤྱི་ཚོགས་ནང་ཧ་ཅང་འགོས་ཁྱབ་ཆེ་བའི་ནད་ཅིག་ཡིན།

རིགས་དབྱེ།  

སྐྲན་ནད།

ཕྲ་ཕུང་ཞིག་རྒྱུན་ལྡན་མ་ཡིན་པར་མང་དུ་འཕར་བ་ཞིག་ལ་ཟེར་ཞིང་། ང་ཚོའི་ལུས་གཟུགས་ཀྱི་དབང་བོ་ཡོངས་ཕྲ་ཕུང་གིས་གྲུབ་པ་ཡིན་ལ། རྒྱུན་ལྡན་གྱི་གནས་ཚུལ་འོག ཕྲ་ཕུང་མང་འཕར་དང་སོ་སོ་བྱས་ན་ལུས་ཕུང་གི་དགོས་མཁོ་སྐོང་ཐུབ་པ་དང་འདི་འདྲའི་རྒྱུད་རིམ་ལྡན་པའི་གོ་རིམ་གྱིས་ང་ཚོའི་ལུས་ཕུང་བདེ་ཐང་ཡོང་བར་འགན་སྲུང་བྱེད་ཐུབ།

རིགས་དབྱེ།  

ཀླད་སྲིན་གྱི་ནད།

ཤ་རྗེན་པ་དང་ཞོ་དར། མངར་ཆའི་རིགས་བསྟེན་ཆེ་བ། སྲོག་ཆགས་གཞན་གྱི་ཤ་ཟོས་པ་ལས་སྲིན་རིགས་འགོས་ཁྱབ་བྱུང་བ་སོགས་ཀྱིས་ཀླད་པར་སྲིན་བསྐྱེད་པའི་ནད་ཅིག་ལ་ཟེར་བ་ཡིན།

རིགས་དབྱེ།  

རྩ་ཏྲེམ་ནད།

རྩ་ཏྲེམ་ནད་ནི་བརླན་ཆེ་བའི་ཡུལ་དུ་བསྡད་དྲགས་པ་དང་། ལྕི་སྣུམ་འཇུ་དཀའ་བའི་ཁ་ཟས་ཟོས་དྲགས་པ། ཡང་ན་ལངས་ནས་ཡུན་རིང་བ་དང་ཡང་ན་ཙོག་ནས་འདུག་ཡུན་རིང་དྲགས་པ་རྐྱེན་བྱས་རྐང་བའི་སྡོད་རྩ་ཁྲོས་ན་འབུར་ལ་འདྲིལ་ནས་ཕྱིར་མངོན་པའི་ནད།

རིགས་དབྱེ།  

ཀླད་ཁྲག་འཁར་བ།

ཀླད་པའི་ཁྲག་རྩའི་ནང་སྐྱིར་ནད་འགྱུར་བྱུང་ནས་ཁྲག་རྩའི་བུ་ག་དོག་པོར་གྱུར་པའམ་ཟུམ་པའི་རྐྱེན་གྱིས་ཁྲག་གི་རྒྱུ་བ་ཇེ་ཞན་དུ་སོང་ནས་ཀླད་པའི་གྲུབ་ཆར་ཁྲག་མ་འདང་བར་ཀླད་པར་སྐྱོན་ཤོར་ནས་གཞོགས་ཕྱེད་ཞ་བ་དང་སྦྲིད་པ་སོགས་དབང་རྩའི་ནད་རྟགས་སྟོན་པའི་ནད་ཅིག་ཡིན།

རིགས་དབྱེ།  

གྲུམ་ནད།

རང་བཞིན་གི་ས་བབ་མཐོ་ལ་ས་ཁམས་འཁོར་ཡུག་ཞན་པ་དང་། གནམ་གཤིས་མི་ལེགས་པས་གྲུམ་ནད་འབྱུང་སླ། གྲུམ་ནད་ནི་ཚ་གྲུམ་བྱུང་རྗེས་ཀྱི་ནད་འགྱུར་ཞིག་སྟེ། རྒྱུན་མཐོང་ཅན་དང་ཡང་ཡང་འཕར་བའི་མྱུར་ལངས་སམ་དལ་ལངས་རང་བཞིན་གྱི་ལུས་ཡོངས་ལ་འབྲེལ་བའི་ཕུང་གྲུབ་ཀྱི་གཉན་ཚད་ཅིག་ཡིན།

རིགས་དབྱེ།  

ཁྱི་སྨྱོན་གྱི་ནད།

ཁྱི་སྨྱོན་གྱི་ནད་ནི་ཁྱི་སྨྱོན་ནད་དུག་གིས་བསླངས་པའི་མི་ཕྱུགས་ཀུན་ལ་འགོ་བའི་བྲེལ་གཤིས་འགོས་ནད་ཀྱི་རིགས་ཤིག་སྟེ། མི་དང་ཕྱུགས་རིགས་ཀུན་ལ་འབྱུང་སྲིད་པ་དང་། ནད་དུག་ཁྱི་སྨྱོན་གྱི་མཆིལ་མར་གནས་པ་དང་ཁྱི་སྨྱོན་གྱིས་རྨུག་པ་ལས་འགོས་པ་ཡིན།

རིགས་དབྱེ།  

ཐོར་ནད།

ཐོར་ནད་ཅེས་པ་ནི་ཐོར་འབྲུམ་ནད་དུག་གིས་བསྐྱེད་པའི་ཕྱུགས་བྱ་ཀུན་ལ་ཕོག་པ་དང་། དོས་དྲག་ཚ་རྒྱས་ཅན་གྱི་འགོས་ནད་རིགས་ཤིག་སྟེ། གཙོ་བོ་སྐྱི་སྤགས་དང་འབྱར་སྐྱིའི་ངོས་ལ་ཐོར་འབྲུམ་འབྱུང་པ་དང་། ལུག་དང་ར། རྟ། འབྲི་གཡག བ་གླང་། རྔ་བྲན་སོགས་ཀུན་ལ་འགོ་སྲིད་དོ།།

རིགས་དབྱེ།  

པུ་པའི་དབྱུག་སྲིན་ནད།

པུ་ལུའུ་པའི་དབྱུག་སྲིན་ནད་ཟེར་ལ། བརྗོད་བདེ་དབང་གིས་པུ་པའི་དབྱུག་སྲིན་ནད་ཀྱང་ཟེར། ནད་སྲིན་འདི་ཚན་རིག་ལྟར་ངོས་བཟུང་བའི་སྐྱེས་བོ་དེའི་རུས་མིང་གི་ཆ་ཤས་ཀྱིས་མིང་གི་གྲུབ་ཆ་བྱས་ཡོད་དོ།།

རིགས་དབྱེ།  

འདུས་འདྲིལ་གཅོང་ནད།

འདུས་འདྲིལ་གཅོང་ནད་ནི་འདུས་འདྲིལ་ཁ་དབྲག་འབྱུག་སྲིན་གྱིས་བསྐྱེད་པའི་མི་ཕྱུགས་ཀུན་ལ་འགོ་བའི་དལ་གཤིས་འགོས་ནད་ཀྱི་རིགས་ཤིག་ཡིན།

རིགས་དབྱེ།  

གཉན་ལྟག་དགྱེ།

གཉན་ལྟག་དགྱེ་ནི་ཚེར་སྲིན་གྱིས་བསྐྱེད་པའི་མི་ཕྱུགས་ཀུན་ལ་འབྱུང་བའི་འགོས་ནད་ཅིག་ཡིན།

རིགས་དབྱེ།  

ཤ་དུག་ཚེར་སྲིན་གྱི་ནད་དུག

འདི་ལ་ཤ་དུག་གིས་དུག་ཕོག་པ་ཡང་ཟེར། ཤ་དུག་རྫས་འདུས་པའི་གཟན་ཆས་ཟོས་པ་ལས་བསྐྱེད་པའི་དུག་ཕོག་པ་ཅན་གྱི་ཕྱུགས་ནད་ཅིག་སྟེ། མངོན་རྟགས་གཙོ་བོ་ནི་སྐྱུག་ལྡད་དང་ཁྱུར་མིད་དབང་བོའི་ནུས་པར་བགེགས་ཐེབས་ཤིང་ཤུགས་ཟད་པ་དང་། ཤ་དུག་ཚེར་སྲིན་གྱི་ནད་དུག་ནི་ནད་ཕོག་པའི་ཕྱུགས་ཀྱིས་ནད་ཕོག་མེད་པའི་ཕྱུགས་ལ་བསྒོ་བའི་འགོས་ནད་རང་བཞིན་ཅན་གྱི་ནད་དུག་ཅིག་མིན་ནོ།།

རིགས་དབྱེ།  

བྱ་རིགས་ལས་བྱུང་བའི་ཚད་ནད།

བྱ་རིགས་ལས་བྱུང་བའི་ཚད་ནད་ནི་ཚད་ནད་དུག་སྲིན་གྱིས་བསྐྱེད་པའི་མི་ཕྱུགས་ཀུན་ལ་འབྱུང་བའི་འགོས་ནད་ཅིག་ཡིན། ནད་རྟགས་སྣ་མང་མངོན་ཞིང་། དཔེར་ན། སྒོ་ཕྱུགས་ཀྱི་མངལ་འཆོར་པ་དང་། གློ་ཚད། རྒྱུ་ཚད། གྲུམ་ནད། མིག་སྐྱའི་གཉན་ཚད། ཀླད་རྒྱུངས་གཉན་ཚད། ནུ་མའི་གཉན་ཚད། རྒྱུད་སྤེལ་མཚན་མའི་འགོས་ནད་སོགས་མང་པོ་སློང་སྲིད་དོ།། ནད་འདི་ཕྱུགས་ཟོག་ཕན་ཚུན་བར་འགོ་སླ་ཞིང་ཕྲུ་གུ་དང་དང་སྦྲུམ་ཕྱུགས་ལ་དེ་བས་འགོ་སླ་བ་ཡིན།

རིགས་དབྱེ།  

མཆིན་དྲིའི་གློ་ཚད།

མཆིན་དྲིའི་གློ་ཚད་ལ་ནོར་གྱི་གློ་ནད་ཀྱང་ཟེར་ཞིང་ཕན་ཚུན་འབྲེལ་འདྲིས་བྱུང་བ་ལས་འགོས་པའི་ནོར་གྱི་རྒྱུན་མཐོང་གི་ནད་རིགས་ཤིག་ཡིན། ནད་བྱུང་བའི་ཕྱུགས་དང་ནད་བྱུང་མེད་པའི་ཕྱུགས་ཟོག་ལྷན་དུ་ཕྱུགས་ར་གཅིག་ཏུ་ཉལ་བའམ་ལྷན་དུ་སྡོད་སྐབས་དབུགས་ཀྱི་རྒྱུ་བ་དང་གློ་ལུའི་རླངས་པ་ཡི་ཕྲ་ཕུང་ལ་བརྟེན་ནས་དབུགས་ལམ་དུ་འགོ་བ་ཡིན།

རིགས་དབྱེ།  

འབྱར་སྐྱིའི་ནད།

ནོར་གྱི་ནད་དུག་ཅན་གྱི་བཤལ་ནད་ལ་འབྱར་སྐྱིའི་ནད་ཟེར། དེ་ནི་ནད་དུག་གིས་བཟོས་པའི་འགོས་ནད་ཅིག་ཡིན། ནད་རྟགས་གཙོ་བོ་ནི་ཚ་བ་རྒྱས་པ་དང་། སྣ་ཁུང་དང་འཇུ་ལམ་གྱི་འབྱར་སྐྱིར་མྱགས་རུལ་བྱུང་ཞིང་འཁྲུ་བ། ཁྲག་རིལ་དཀར་པོ་ཇེ་ཉུང་དུ་འགྲོ་བ། རྨེན་མདུད་སྐྲངས་པ། སྦྲུམ་འཆོར་བ་བཅས་སོ།། འགོས་ཁུངས་ནི་ནད་དུག་བྱུང་ཡོད་པའི་ནོར་ཡིན། ནད་དུག་བྱུང་ཡོད་པའི་ནོར་གྱི་སྣབས་ལུད་དང་མཆིལ་མ། འོ་མ། བཤང་གཅི་སོགས་སུ་ནད་དུག་འདུས་ཡོད། ནད་དེ་ནོར་ཐམས་ཅད་ལ་འགོས་སླ་ཞིང་ཟླ་བརྒྱད་ནས་ལོ་གཉིས་བར་གྱི་བེའུ་དང་ཡ་རུ་ལ་ལྷག་ཏུ་འབྱུང་སླ།

རིགས་དབྱེ།  

ཁྲག་འཇིག་ནད།

ནོར་ཀྱི་ཁྲག་ཐོན་ཅན་གྱི་ཁྲག་འཇིག་ནད་ལ་པཱ་པའི་དབྱུག་སྲིན་ནད་ཀྱང་ཟེར། དེ་ནི་པཱ་པའི་དབྱུག་སྲིན་གྱིས་བསླངས་པའི་ལུས་ཡོངས་རང་བཞིན་ཅན་གྱི་འགོས་ནད་ཅིག་ཡིན། ནད་དུག་ཐེབས་ནས་བག་ལ་ཞ་ཡུན་ཉིན1ནས7ཡས་མས་ཡིན།

རིགས་དབྱེ།  

འཕྲོ་བཀྱེ་དུག་སྲིན་གྱི་ནད།

འཕྲོ་བཀྱེ་དུག་སྲིན་གྱི་ནད་ལ་འགྲམ་སྐྱང་གི་ནད་ཀྱང་ཟེར་ལ། ནོར་ལུག་དང་སྒོ་ཕྱུགས་གཞན་ལ་འབྱུང་བའི་དལ་གཤིས་ཅན་གྱི་འགོས་ནད་ཅིག་ཡིན། འཕྲོ་བཀྱེ་དུག་སྲིན་གྱིས་བསྐྱེད་པ་དང་ནད་སྲིན་སོག་རྩྭ་དང་འབྲུ་རྡོག་ཏུ་གནས་པ། འཇུ་ལམ་བརྒྱུད་དེ་འགོས་པ་སོགས་ཡོད་ལ། ནོར་ལ་འབྱུང་སླ་བ་ཡིན།

རིགས་དབྱེ།  

སྣ་སྦུག་དབུགས་ལམ་གཉན་ཚད།

ནོར་གྱི་སྣ་སྦུག་དབུགས་ལམ་གཉན་ཚད་ནི་གནག་གི་ཤུ་ཐོར་ནད་དུག་གིས་བསླངས་པའི་ཚ་བ་ཅན་གྱི་འགོས་ནད་ཅིག་ཡིན། ནད་ཀྱི་འབྱུང་གཞི་ནི་ནད་ཕོག་པའི་ཕྱུགས་རིགས་ཡིན་པ་དང་། འབྲེལ་གཏུག་བརྒྱུད་ནས་འགོས་པ་ཡིན་ལ་འཁྲིག་སྦྱོར་གྱི་ལམ་ནས་ཀྱང་འགོ་སྲིད། སྟོན་དགུན་གྲང་ངར་ཆེ་བའི་སྐབས་སུ་མཆེད་པ་གཙོ་ཆེ།

རིགས་དབྱེ།  

ཧྲ་མིན་པའི་དུག་སྲིན་ནད།

ནོར་གྱི་ཧྲ་མིན་པའི་དུག་སྲིན་ནད་དེ་གཙོ་བོ་བེའུ་ལ་འབྱུང་སླ་བས། དེ་ལ་བེའུའི་འདར་ནད་ཕལ་བའང་ཟེར། ནད་དེའི་འབྱུང་གཞི་ནི་མཚོ་སྔོན་ཞིང་ཆེན་ལྟར་ན། ཏུའུ་པའེ་ལིན་ཧྲ་མིན་པའི་དུག་སྲིན་དང་རྒྱུ་ཚད་ཧྲ་མིན་པའི་དུག་སྲིན་ཡིན་པར་ར་འཕྲོད་བྱུང་ཡོད།

རིགས་དབྱེ།  

ལུག་གི་འཇག་སྦོས།

ལུག་གི་འཇག་སྦོས་ལ་རིམས་རྒོད་ཀྱང་ཟེར་ཞིང་། དེ་ནི་རུལ་སྐུལ་ཚེར་སྲིན་གྱིས་བསྐྱེད་ཅིང་། ལུག་ལ་ཤི་གྱོང་བཟོ་བའི་འགོས་ནད་ཅིག་ཡིན། དེའི་མངོན་རྟགས་ནི་གློ་བུར་དུ་ནད་འབྱུང་པ་དང་མྱུར་དུ་འཆི་བའོ།། ཟླ་དྲུག་ནས་ལོ་གཉིས་ལོན་པ་དང་འཚོ་བཅུད་ལེགས་པའི་ལུ་གུར་ཆེར་ཕོག་སླ་བ་ཡིན། ནད་བྱུང་བའི་དུས་ཚིགས་ནི་སྟོན་དགུན་དང་དཔྱིད་མགོའི་དུས་སུ་འབྱུང་སླ།

རིགས་དབྱེ།  

ལུ་གུའི་འཁྲུ་ནད།

ལུ་གུའི་འཁྲུ་ནད་ནི་དབུགས་སྐྱེད་སྐྱི་ཤུན་ཅན་གྱི་ཚེར་སྲིན་ལས་བསྐྱེད་པའི་ལུ་གུའི་འགོས་ནད་ཅིག་ཡིན། ལུ་གུས་ནུ་མ་ནུ་དུས་ནུ་མགོར་ཡོད་པའི་ཚེར་སྲིན་ཁ་ནས་འཇུ་ལམ་དུ་ཞུགས་པ་དང་། རྒྱུ་མའི་ནང་དུ་སྐྱེ་འཕེལ་དུག་ཏུ་རྒྱས་པས་འཆི་སྐྱོན་བཟོ་བ་ཡིན་ལ། ལོ་གཅིག་མན་གྱི་ལུ་གུ་ལ་བྱུང་བ་མང་།

རིགས་དབྱེ།  

གཟེར་བྲལ།

ལུག་གི་གཟེར་བྲལ་ནིCདབྱིབས་དབུགས་ཐོན་གང་སྐྱིའི་དབྱུག་སྲིན་གྱིས་བསྐྱེད་པའི་ཁྲག་དུག་གི་ནད་ཅིག་ཡིན། ནད་རྟགས་ལ་གློ་བུར་དུ་འཆི་བ་དང་། གསུས་སྐྱིའི་གཉན་ཚད་སོགས་ཡོད་ཅིང་། འཇུ་ལམ་བརྒྱུད་དེ་འགོས་པ་དང་ཡུལ་གྲུ་ཅན་ལྟར་མཆེད་པ་གཙོ་བ་དང་། ལུག་ཕོ་མོ་དང་ལོ་ན་ཆེ་ཆུང་གང་རུང་ལ་འགོ་བ་ཡིན།

རིགས་དབྱེ།