སྤྱི་ཚོགས་བྱ་སྤྱོད།

ཚོགས་སྤྱི་ཁྲོད་ཁོངས་མི་སོ་སོས་རང་འགན་རང་འཁུར་དང་མཉམ་ལས་ཀྱི་སྒོ་ནས། ཚོགས་སྤྱིའི་འཚོ་བ་ཐུན་མོང་གིས་རྒྱུན་འཁྱོངས་བྱེད་པའི་བྱ་སྤྱོད་དེ་ཡིན།

རིགས་དབྱེ།  

སྤྱི་ཚོགས་བྱེད་སྒོ།

སྤྱི་ཚོགས་བྱེད་སྒོ་ནི་མི་ག་གེ་མོ་སྤྱི་ཚོགས་ཀྱི་རིགས་སོ་སོའི་ལས་རིགས་ལ་ཞུགས་པའམ་སྤྱི་ཚོགས་རང་བཞིན་གྱི་གནད་དོན་ག་གེ་མོར་བརྟག་དཔྱད་དམ་བཅར་འདྲིའི་བྱེད་སྒོ་སྤེལ་བ་ལ་ཟེར་བ་ཡིན། སྤྱི་ཚོགས་དེ་མཚམས་སྦྱོར་གྱི་ངོ་བོ་ལྡན་པ་སྟེ། དེ་ནི་སྤྱི་ཚོགས་རྨང་གཞི་བྱས་པ་ལས་བྱུང་བ་ཡིན།

རིགས་དབྱེ།  

ཀུན་རྟོག

ཀུན་རྟོག་ནི་མིས་ཕྱི་རོལ་ཡུལ་གྱི་འཇིག་རྟེན་ཤེས་རྟོགས་བྱེད་པའི་གོ་རིམ་དུ་ཐད་ཀར་ཡིད་ཤེས་དབང་བོར་བྱེད་པའི་བྱུང་བའི་བྱ་དངོས་ཡིད་ཤེས་དང་དབང་ཤེས་བྱེད་པའམ། ཡང་ན་ཡིད་ཤེས་དང་དབང་ཤེས་བྱས་མྱོང་བའི་བྱ་དངོས་ཀྱི་འཆར་སྣང་ཕྱིར་དྲན་བྱེད་ཐུབ་པར་མ་ཟད། བསམ་གཞིགས་གཏོང་བའི་འོག་ཏུ་ད་དུང་ཀླད་པར་བརྒྱུད་མ་མྱོང་བ་དང་། དོན་དངོས་སུ་ད་དུང་མི་གནས་པའམ་གཏན་ནས་གནས་མི་སྲིད་པའི་བྱ་དངོས་ཀྱི་གཟུགས་བརྙན་ག་གེ་མོ་གསར་སྐྲུན་བྱེད་ཐུབ་པ་ལ་ཟེར།

རིགས་དབྱེ།  

གཤིས་ཀ

གཤིས་ཀ་ནི་མི་ཞིག་གི་སེམས་ཁམས་འགུལ་སྐྱོད་ཀྱི་སྒུལ་ཤུགས་ཀྱི་ཁྱད་རྟགས་ཤིག་དང་། རང་གཤིས་སེམས་ཁམས་ཀྱི་ཁྱད་རྟགས་ཤིག་ཡིན།

རིགས་དབྱེ།  

དགའ་ཕྱོགས།

མི་གཤིས་ཀྱི་ཞེན་ཕྱོགས་ཁྲོད(ཁ་སྒྱུར་འཁོར་ལོ)ཡི་རིམ་པ་དང་པོ་ནི་དགའ་སྣང་ཡིན།

རིགས་དབྱེ།  

དབང་ཤེས།

དབང་ཤེས་ནི་བྱ་དངོས་ཀྱིས་ཐད་ཀར་ཤུགས་རྐྱེན་བཏང་བ། ཀླད་པར་བྱ་དངོས་ཀྱི་ངོ་བོ་སྣ་ཚོགས་དང་ཡང་ན་ཆ་ཤས་ལྷན་བསྲེས་གྱིས་ཚུར་སྣང་བ་དེ་ཡིན། ང་ཚོས་ཀུ་ཤུ་ཞིག་མཐོང་བ་དང་། མི་ཞིག་གིས་གླུ་དབྱངས་ལེན་པ་ཐོས་པ། ཡང་ན་པིར་རིས་འགས་གྲུབ་པའི་ཡི་གེ་ཞིག་ངོས་འཛིན་པ་ལ་སོགས་པ་ཚང་མ་ནི་དབང་ཤེས་ཡིན། དེ་ལས་གལ་ཏེ་ཡིད་ཤེས་ནི་མིས་བྱ་དངོས་ཀྱི་བྱེ་བྲག་གི་ངོ་བོ་ཚུར་སྣང་བ་ཡིན་ན། དབང་ཤེས་ནི་མིས་བྱ་དངོས་ཧྲིལ་བོ་ཚུར་སྣང་བ་དེ་ཡིན་ནོ།།

རིགས་དབྱེ།  

དམའ་འབྲིང་སློབ་མའི་སེམས་ཁམས་འཕེལ་ཚུལ།

དམའ་འབྲིང་སློབ་མ་ནི་སྤྱིར་བཏང་དུ་ལོ11 12 13 14 15བར་ཡིན། ཏག་ཏག་ན་ཆུང་གི་དུས་སམ་སློབ་ཞུགས་བར་མའི་དུས་ཡིན། ན་ཆུང་གི་དུས་ནི་ལོ་ཆུང་དུས་ནས་ན་གཞོན་དུས་ཀྱི་བར་བརྒལ་གྱི་དུས་རིམ་ཡིན་ལ། དེ་བས་དུས་རིམ་འདིའི་སློབ་མར་བྱིས་པའི་ཤས་ཕྱེད་ཀ་དང་དར་མའི་ཤེས་ཕྱེད་ཀའི་ཁྱད་ཆོས་ལྡན་ལ། དེ་ནི་ལུས་སེམས་འཕེལ་རྒྱས་ཆེས་ཆེ་བའི་དཀྱོགས་མཚམས་ཀྱི་དུས་རིམ་ཤིག་ཀྱང་ཡིན། དེས་སློབ་མའི་སེམས་ཁམས་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་ཆེས་གལ་ཆེ་བའི་གོ་གནས་ཟིན་འདུག

རིགས་དབྱེ།  

བྱིས་པའི་སེམས་ཁམས་འཕེལ་ཚུལ་གྱི་ལོ་ནའི་ཁྱད་རྟགས།

བྱིས་པའི་སེམས་ཁམས་འཕེལ་ཚུལ་གྱི་ལོ་ནའི་ཁྱད་རྟགས་ཞེས་པ་ནི་སྤྱི་ཚོགས་སློབ་གསོ་ངེས་ཅན་ཞིག་གི་ཆ་རྐྱེན་འོག་བྱིས་པ་འཕེལ་རྒྱས་སུ་འགྲོ་བའི་ལོ་ཚད་མི་འདྲ་བའི་ནང་གྲུབ་པའི་དཔེར་མཚོན་དང་ངོ་བོའི་སེམས་ཁམས་ཀྱི་ཁྱད་ཆོས་ལ་ཟེར།

རིགས་དབྱེ།  

མཉམ་འཇོག

མཉམ་འཇོག་ལ་མི་རྣམས་ཀྱིས་སེམས་ཀྱི་ལྡེ་མིག་ཅེས་དཔེ་འཇོག་བྱེད་བཞིན་ཡོད་པར་མ་ཟད། དུས་རྒྱུན་གྱི་ཁ་སྐད་ཁྲོད་ཀྱི་ཐོས་པ་དང་བསམ་པ། སྒོམ་སོགས་ཀྱང་མཉམ་འཇོག་གི་སེམས་ཁམས་སྣང་ཚུལ་ལ་གཞི་བཅོལ་ནས་བཤད་པ་ཡིན་ནོ།།

རིགས་དབྱེ།  

མཐོ་འབྲིང་སློབ་མའི་སེམས་ཁམས་འཕེལ་ཚུལ།

མཐོ་འབྲིང་སློབ་མ་ནི་སྤྱིར་བཏང་དུ་ལོ15 . 16ནས17 . 18བར་ཡིན། ཏག་ཏག་ན་གཞོན་གྱི་དུས་འགོ་འམ་སློབ་ཞུགས་རྗེས་མའི་དུས་རིམ་ཡིན། དུས་རིམ་འདིའི་ནང་གི་ལུས་སེམས་འཕེལ་རྒྱས་ཀྱི་ཁྱད་ཆོས་གཙོ་བོ་ནི་ལུས་ཀྱི་སྐྱེ་འཕེལ་གཞི་ནས་སྨིན་ཡོད། གཏན་ཚིགས་ཀྱི་བསམ་གཞིགས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་བྱུང་ཡོད། སྤྲོ་སྣང་ལྡན་པའི་བརྩེ་སེམས་ཀྱི་འཚོ་བའི་ཕྱུག་པ། རང་ཉིད་ཤེས་རྟོགས་དེ་མྱུར་བར་འཕེལ་བ། རིམ་བཞིན་མི་ཚེའི་ལྟ་བ་ཆགས་པ། མི་ལ་ལས་ན་གཞོན་གྱི་དུས་ལ( སེམས་ཁམས་ངོ་བོའི་འོ་འཐུང་དུས་ཆད་ཀྱི་དུས)ཟེར་ལ། དེ་ལས་སེམས་ཁམས་ཀྱི་སྟེང་ནས་ཕ་མའི་རེ་བ་དང་བྲལ་ཏེ་རང་སྟོབས་རང་སྤེལ་གྱི་དུས་རིམ་ཡིན། མཐོ་འབྲིང་སློབ་མའི་སེམས་ཁམས་ཀྱི་ཕྱོགས་གཞན་ཞིག་གི་མངོན་གསལ་གྱི་ཁྱད་ཆོས་ནི་བཀག་རྒྱ་ཅན་ཡིན། སྤྱིར་བཏང་དུ་བྱིས་པའི་བློ་རིག་གསལ་བའི་སྒོ་མོ་ཕྱེ་ཡོད་དེ། ཁོ་ཚོའི་དགའ་བ་དང་། ཁྲོ་བ། སྤྲོ་བ་སོགས་ཡོད་ཚད་ཁོ་ནས་མངོན་ལ། ཁོ་ཚོའི་བསམ་བློ་ཡོད་ཚད་ཁ་ན་ཡོད། མཐོ་འབྲིང་སློབ་མ་ནི་དེ་ལས་མི་འདྲ་སྟེ། ཁོ་ཚོའི་བློ་རིག་གི་སྒོ་མོ་དེ་གཏན་པའི་འགོ་བརྩམས་འདུག(ལྐོག་གྱུར་གྱི་སེམས་ཁམས)ཐོག་མར་བྱུང་ཞིང་། ཧུར་བརྩོན་གྱིས་གསང་བའི་ཚུལ་དུ་འཇོག་པ། ཁོ་ཚོའི་རེ་བ་ཡིན་ལ་རང་ཉིད་ལ་ཁང་བ་ཡོད་པ་དང་། རང་ཉིད་ལ་འཐེན་སྒམ་དང་དེ་དག་གི་ཟྭ་ཡང་ཡོད་པར་བསམ། ཁོ་ཚོའི་ཁེར་རྐྱང་གི་སེམས་ཁམས་དང་རེ་སྙེག་ལ་(སེམས་ཁམས་གཅིག་མཐུན་རང་བཞིན)གྱི་མཛའ་བརྩེ་མངོན་པ། ཡོད་ཚད་སྒོ་གཏན་སེམས་ཁམས་དང་འབྲེལ་བ་ཡོད། མཐོ་འབྲིང་སློབ་མའི་སེམས་ཁམས་ཀྱི་སྒོ་གཏན་རང་བཞིན་གྱི་མཐོ་འབྲིང་སློབ་མར་རྒྱུས་ལོན་བྱེད་པ་དང་མཐོ་འབྲིང་སློབ་མར་སློབ་གསོ་གཏོང་བར་དཀའ་ངལ་ཆེན་པོ་བཟོས་འདུག

རིགས་དབྱེ།  

འདོད་བློ།

འདོད་བློ་ནི་སེམས་ཀྱི་རང་སྟོབས་རང་བཞིན་ཡིན་ལ། བློ་རིག་གི་རྒྱུ་རྐྱེན་མ་ཡིན་པའི་གྲས་སུ་གཏོགས། དེ་ངོས་འཛིན་གྱི་བརྒྱུད་རིམ་ཁྲོད་ཐོན་པ་དང་། ཡང་ངོས་འཛིན་ཀྱི་བརྒྱུད་རིམ་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། དེ་གཉིས་དབར་འབྲེལ་བ་དམ་ཟབ་ཡོད། འདོད་བློ་ཡོད་པའི་གནས་ཚུལ་འོག་སེམས་ཁམས་ལ་རང་རྟོགས་ཀྱི་དམིགས་ཡུལ་ཅན་དང་རང་རྟོགས་ཀྱི་དམིགས་ཡུལ་མེད་པ་གཉིས་སུ་དབྱེ་ཆོག འདོད་བློ་ནམ་ཡང་ངོས་འཛིན་གྱི་བརྒྱུད་རིམ་དང་མ་འབྲེལ་བར་ཡོད།

རིགས་དབྱེ།  

འདོད་བློའི་བྱ་སྤྱོད་ཀྱི་སེམས་ཁམས་དབྱེ་ཞིབ།

འདོད་བློ་ནི་ནམ་ཡང་རང་འགུལ་གྱི་བརྒྱུད་རིམ་ཞིག་ཡིན། ང་ཚོའི་ནམ་རྒྱུན་འདོད་བློའི་བྱ་སྤྱོད་ལ་ཇུས་འགོད་དུས་རིམ་དང་ཐབས་ཇུས་ལག་ཏུ་བསྟར་བའི་དུས་རིམ་གཉིས་སུ་དབྱེ་བ་ཡིན།

རིགས་དབྱེ།  

ཡིད་འགྱུར།

ཡིད་འགྱུར་ནི་སེམས་ཀྱི་སྒེའུ་ཁུང་ཡིན་ཞིང་རིག་སྟོབས་མིན་པའི་རྒྱུ་རྐྱེན་དུ་གཏོགས་པ་ཡིན། མིའི་སེམས་ཁམས་ཀྱི་འཚོ་བ་ནི་སྣ་འཛོམས་སུ་འདུག་པས་ངོས་འཛིན་གྱི་བྱ་འགུལ་བརྒྱུད་ནས་ཕྱི་རོལ་དངོས་པོར་ཁྱད་རྟགས་ཆོས་ཉིད་རང་བཞིན་ལ་ནུས་པ་འདོན་པ་དང་དུས་མཚུངས་སུ་དགའ་སྐྱོ་ཆགས་སྡང་གི་ཉམས་འགྱུར་སྣ་ཚོགས་མངོན་ཐུབ་པ་མ་ཟད་སྐྱེ་ཁམས་ཕྱོགས་ཀྱི་འགྱུར་ལྡོག་དང་བསྟུན་ནས་ཡོད། ཡིད་འགྱུར་བྱུང་བར་རྒྱུ་རྐྱེན་ཡོད་དེ་གནའ་མིའི་ཁ་དཔེར་རྒྱུ་མེད་ན་འབྲས་བུ་གང་ནས་འབྱུང་བ་བཞིན་ཡིན་མོད། རང་ངོས་ནས་ཕྱི་རོལ་དངོས་པོ་མཚོན་དཀའ་བ་རེད།

རིགས་དབྱེ།  

ཡིད་ཤེས།

ཡིད་ཤེས་ནི་དངོས་པོས་ཐད་ཀར་ཀླད་པར་ཤུགས་རྐྱེན་བཏང་སྟེ་དངོས་པོའི་བྱེ་བྲག་གི་ངོ་བོ་ཚུར་སྣང་བ་ཞིག་ཡིན། དཔེར་ན། སྒྲ་ཐོས་པ་དང་ཁ་དོག་མཐོང་བ། དྲི་མ་སྣོམ་པ། བསིལ་བའི་ཚོར་བ་ལ་སོགས་པ་ལྟ་བུ་ཚང་མ་ནི་ཡིད་ཤེས་ཡིན།

རིགས་དབྱེ།  

རང་གཤིས་ཀྱི་གྲུབ་ཚུལ།

རང་གཤིས་ནི་རང་གཤིས་ཀྱི་འགུལ་ཤུགས་རིམ་པ། ཁྱད་ཆོས་མཚོན་པའི་རིམ་པ་དང་མཐུན་སྦྱོར་རིམ་པ་བཅས་ཀྱི་གྲུབ་བོ།།

རིགས་དབྱེ།  

རང་ཉིད་ཀྱི་འདུ་ཤེས།

རང་ཉིད་ཀྱི་འདུ་ཤེས་ཞེས་པ་ནི་བྱེད་པ་པོ་རང་ཉིད་ལ་འཆིང་བའི་འདུ་ཤེས་ལ་ཟེར།

རིགས་དབྱེ།  

རང་མཚན་པའི་སེམས་ཁམས་འཕེལ་ཚུལ།

རང་མཚན་པའི་སེམས་ཁམས་འཕེལ་ཚུལ་ཞེས་པ་ནི་རིགས་རྒྱུད་ཀྱི་སེམས་ཁམས་འཕེལ་ཚུལ་དང་བསྟུན་ནས་བཤད་པ་ཡིན་ལ། དེ་ནི་སྲོག་ཆགས་ནས་མི་རུ་འགྱུར་བའི་སེམས་ཁམས་འཕེལ་ཚུལ་གྱི་ལོ་རྒྱུས་ལ་བསྟན་པ་ཡིན། རང་མཚན་པའི་སེམས་ཁམས་འཕེལ་ཚུལ་ནི་མིའི་རང་མཚན་སྐྱེས་པ་ནས་རྒས་པའི་བར་གྱི་སེམས་ཁམས་ཀྱི་འགྱུར་བ་དང་འཕེལ་རྒྱས་ཀྱི་ལོ་རྒྱུས་ལ་ཟེར།

རིགས་དབྱེ།  

སེམས་གཅོང་།

ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ་ཅུང་ཚབས་ཆེ་ཞིང་གནོད་འཚེ་རང་བཞིན་ཅན་གྱི་དོན་རྐྱེན་ལས་བྱུང་བའི་མིའི་སེམས་ཁམས་མི་བཟང་པ་དང་། བློ་ཁ་ཉམས་པ། ཐ་ན་ལུས་ཁམས་ཀྱི་རྒྱུན་ལྡན་མ་ཡིན་པའི་སྣང་ཚུལ་ཞིག་ལ་གོ། །

རིགས་དབྱེ།  

མི་རྒས་སླ་བའི་རྒྱུ་རྐྱེན་གཙོ་བོ་དྲུག

མི་རྒས་སླ་བའི་རྒྱུ་རྐྱེན་གཙོ་བོ་དྲུག་སྟེ་ཚན་རིག་གི་བརྟག་དཔྱད་ཀྱི་བདེན་དབང་ལས་བྱུང་བས་བདེན་པའི་ཆ་མང་དུ་སྣང་།

རིགས་དབྱེ།  

མི་གཞི་རིང་ལུགས་ཀྱི་སེམས་ཁམས་གསོ་བཅོས།

མི་གཞི་རིང་ལུགས་ཀྱི་སེམས་ཁམས་གསོ་བཅོས་དང་མི་རྩ་རིང་ལུགས་ཀྱི་གཞུང་ལུགས་རྨང་གཞི་བྱས་པའི་སེམས་ཁམས་གསོ་བཅོས་བྱེད་ཐབས།

རིགས་དབྱེ།  

གནས་པ་དང་མི་གཙོའི་རིང་ལུགས་ཀྱི་གསོ་ཐབས།

གནས་པ་དང་མི་གཙོའི་རིང་ལུགས་ཀྱི་གསོ་ཐབས(existential-humanistictherapy)ལ“མི་གཙོ་དང་གནས་པའི་གསོ་ཐབས”ཀྱང་ཟེར། དེ་ནི་སྣང་ཚུལ་སེམས་ཁམས་རིག་པས་གཞུང་ལུགས་རྨང་གཞི་བྱས་པའི་སེམས་ཁམས་གསོ་བཅོས་བྱེད་ཐབས་ལ་ཟེར། གནས་པའི་རིང་ལུགས་ཀྱི་མཚན་ཉིད་རིག་པ་དང་མི་གཙོའི་རིང་ལུགས་ཀྱི་སེམས་ཁམས་རིག་པ་ལས་བྱུང་བ་ཡིན། ཁྱད་ཆོས་ནི་དོན་དངོས་དང་རང་སྣང་ལ་དོ་སྣང་བྱེད་པ་དེ་ཡིན།

རིགས་དབྱེ།  

མི་གཙོ་རིང་ལུགས་ཀྱི་དཔེ་དབྱིབས།

མི་གཙོ་རིང་ལུགས་ཀྱིས་མི་གཤིས་བཟང་ཞིང་འཛད་མཐའ་མེད་པའི་མི་མངོན་པའི་ནུས་ཤུགས་ཡོད་པར་འདོད་དེ། ཁོར་ཡུག་ལེགས་བཅོས་བྱས་ནས་མི་གཤིས་འཕེལ་རྒྱས་གང་ལེགས་སུ་བེད་སྤྱོད་བྱེད་པ་དང་། མི་གཙོ་རིང་ལུགས་ཀྱི་མ་དཔེ་སྟེ་མི་གཙོ་རིང་ལུགས་ཀྱི་རྨང་གཞིའི་ཐོག་སྤེལ་བའི་སེམས་ཁམས་རིག་པའི་ཞིབ་འཇུག་རབ་དང་རིམ་པ་བྱེད་པའི་འདོད་ཚུལ་འཛིན་གྱི་ཡོད།

རིགས་དབྱེ།  

པོ་ཀེན་ཏུའོ་ཧྥུའུ་འཁྲུལ་སྣང་།

པོ་ཀེན་ཏུའོ་ཧྥུའུ་འཁྲུལ་སྣང་ནི་འཁྲུལ་སྣང་རིགས་ཤིག་རེད། གལ་ཏེ་དྲང་ཐིག་ཅིག་ཟུར་ཚད་ཅིག་གི་ཐོག་ནས་དངོས་གཟུགས་ཤིག་གི་ཕྱི་ངོས་སུ་ཡལ་རྗེས། དེ་མ་ཐག་དངོས་གཟུགས་དེའི་གཞོགས་གཞན་ཞིག་ཏུ་མངོན་ན། བལྟས་པ་ཙམ་གྱིས་གནས་ནོར་བྱུང་ཡོད་སྲིད། དེའི་ནང་གནས་ཀྱི་དབང་རྩའི་ནང་རྐྱེན་ནི་མཐོང་བྱེད་དབང་རྩའི་ཕྲ་ཕུང་གིས་འོད་ཐིག་གི་ཕོག་ཐུག་ཚོར་སྐབས་འགྲམ་གྱི་ཕྲ་ཕུང་གི་ཤུགས་རྐྱེན་ཡང་ཐེབས་སྲིད་པ་མ་ཟད། ཀླད་ཆེན་གྱིས་དེར་ལས་སྣོན་བྱེད་པའི་གོ་རིམ་ཁྲོད་དུའང་དབང་རྩའི་ལྟེ་བའི་འདུ་བྱེད་དང་ནང་རྐྱེན་གྱི་ཤུགས་རྐྱེན་ཐེབས་ཀྱི་ཡོད།

རིགས་དབྱེ།  

ཀུན་སྤྱོད་ཀྱི་བརྩེ་དུང་།

ཀུན་སྤྱོད་ཀྱི་བརྩེ་དུང་ནི་མི་སྒེར་གྱི་ཀུན་སྤྱོད་འདུ་ཤེས་ཀྱི་གྲུབ་ཆའི་རྒྱུ་རྐྱེན་ཡིན། དེ་ནི་མི་རྣམས་ཀྱིས་ཀུན་སྤྱོད་ཚད་གཞི་ངེས་ཅན་ཞིག་གཞིར་བཟུང་ནས་བྱུང་བའི་དངོས་ཡོད་ཀྱི་ཀུན་སྤྱོད་འབྲེལ་བ་དང་རང་ཉིད་དམ་མི་གཞན་གྱི་ཀུན་སྤྱོད་བྱ་སྤྱོད་སོགས་ལས་བྱུང་བའི་དགའ་སྐྱོ་ཆགས་སྡང་སོགས་ཀྱི་སེམས་ཀྱི་མྱོང་ཚོར་ལ་ཟེར།

རིགས་དབྱེ།  

ཀུན་སྤྱོད་ཀྱི་བྱེད་ནུས།

ཀུན་སྤྱོད་ཀྱི་བྱེད་ནུས་ལ་ཀུན་སྤྱོད་ཀྱི་སྤྱི་ཚོགས་བྱེད་ནུས་ཡང་ཟེར་ཞིང་། དེ་ནི་ཀུན་སྤྱོད་དེ་ཉིད་སྟེང་གི་བཀོད་པ་དང་སྤྱི་ཚོགས་ཀྱི་འདུ་ཤེས་འཛིན་སྟངས་ཡིན་པའི་ངོས་ཐད་ནས་ཀུན་སྤྱོད་ཀྱིས་སྤྱི་ཚོགས་འཚོ་བ་ཡོངས་ལ་ཐེབས་པའི་ཤུགས་རྐྱེན་ལ་ཟེར།

རིགས་དབྱེ།  

ཧེ་ལིན་འཁྲུལ་སྣང་།

མཉམ་འགྲོའི་ཐིག་ནག་པོ་ནི་རྩ་བ་ནས་དྲང་ཞིང་མཉམ་འགྲོ་ཡིན། འཕྲོ་འོད་ཀྱིས་མིའི་ཐིག་རིས་དང་དབྱིབས་ཀྱི་ཚོར་ཤེས་འཁྲུལ་བར་བྱེད་སྲིད། འཕྲུལ་སྣང་འདིའི་རིགས་ནི་དུས་རབས19པའི་དུས་མགོར་འཇར་མན་གྱི་སེམས་ཁམས་རིག་པ་བ་ཨའེ་ཝོ་ཏུ·ཧེ་ལིན་གྱིས་ཐོག་མར་ཤེས་རྟོགས་བྱུང་བས་དེར་ཧེ་ལིན་འཁྲུལ་སྣང་ཟེར།

རིགས་དབྱེ།  

བདེ་འཇགས་འདུ་ཤེས་ཚད་ལེན།

བདེ་འཇགས་འདུ་ཤེས་ཚད་ལེན་ནི་བསྡུ་མཁན་གྱི་བདེ་འཇགས་འདུ་ཤེས་ཀྱི་ཚད་དང་གཏན་འཇགས་རང་བཞིན་གྱི་སེམས་ཁམས་ཚད་ལེན་ཡིན།

རིགས་དབྱེ།  

སེམས་ཁམས་གནོན་ཤུགས།

ཟུག་ཚོར་མ་ལག་གི་དཔེ་དབྱིབས་ལ་གཞིགས་ན། མི་སྒེར་གྱི་འཚོ་བའི་དོན་རྐྱེན་དང་། ཤེས་རྟོགས་གདེང་འཇོག ཁ་གཏད་འཇལ་བའི་རྣམ་པ། སྤྱི་ཚོགས་ཀྱི་རྒྱབ་སྐྱོར། མི་གཤིས་ཀྱི་ཁྱད་ཆོས། སེམས་ཁམས་ཀྱི་ཚུར་སྣང་སོགས་སྐྱེ་དངོས་དང་། སེམས་ཁམས། སྤྱི་ཚོགས་ཀྱི་རྒྱུ་རྐྱེན་མང་པོ་བཅས་ཀྱིས་ཕན་ཚུན་ནུས་པ་ཐོན་པའི་འགུལ་རྣམ་དོ་སྙོམས་ཀྱི་མ་ལག་གྲུབ་ཡོད། རྒྱུ་རྐྱེན་ག་གེ་མོའི་དབང་གིས་མ་ལག་དོ་མི་མཉམ་པར་གྱུར་པ་ནི་སེམས་ཁམས་གནོན་ཤུགས་ཡིན།

རིགས་དབྱེ།  

ཚེ་སྲོག་སྤུས་ཚད་ཀྱི་གདེང་འཇོག

ཚེ་སྲོག་སྤུས་ཚད་ཀྱི་གདེང་འཇོག་ཅེས་པ་ནི་ཚེ་སྲོག་གི་གྲངས་ཚད་ངེས་ཅན་ལྡན་པའི་མིའི་དུས་ཚོད་ངེས་ཅན་ཞིག་གི་སྟེང་ཚེ་སྲོག་གི་སྤུས་ཚད་མཚོན་ཚུལ་ལ་ཟེར།

རིགས་དབྱེ།  

མིའི་འབྲེལ་བའི་གསོ་ཐབས།

མིའི་འབྲེལ་བའི་གསོ་ཐབས(བསྡུས་མིང་ལIPTཟེར)ནི་ཁུ་ལུ་མན་དང་ཝེ་སི་མན་གཉིས་ཀྱིས་དུས་རབས20བའི་ལོ་རབས་80པར་ཐོག་མར་གསར་གཏོད་བྱས་པ་ཡིན། སེམས་ཁམས་གསོ་ཐབས་འདི་རིགས་ནི་ཡིད་མུག་པ་རང་བཞིན་གྱི་གསོ་བཅོས་ཞིབ་འཇུག་ཁྲོད་དུ་བཀོལ་བ་དང་། ནུས་པ་གཅིག་མཚུངས་ལྡན་པའི་གསོ་ཐབས་ལ་ད་དུང་ཤེས་རྟོགས一བྱ་སྤྱོད་གསོ་ཐབས་དང་ཁྱིམ་ཚང་དང་གཉེན་སྒྲིག་གསོ་ཐབས་བཅས་ཡོད། མིའི་བར་གྱི་འབྲེལ་བའི་གསོ་ཐབས་ཀྱིས་མིའི་བར་གྱི་གནད་དོན་ཁྱབ་ཁོངས་སུ་གནད་དོན་བཞི་ཡོད་པར་འདོད་ཅིང་། གནད་དོན་འདི་བཞི་བོའི་རིགས་གང་ཞིག་གིས་ཀྱང་ཡིད་མུག་གི་ནད་འབྱུང་སྲིད། གནད་དོན་བཞི་བོ་ནི་མིའི་བར་གྱི་འབྲེལ་བ་ཉམས་པ་དང་། མིའི་བར་གྱི་རྩོད་གླེང་། མིའི་བར་གྱི་འབྲེལ་བའི་འགྱུར་བ། མིའི་བར་གྱི་འབྲེལ་བའི་སྐྱོན་ཆ་བཅས་ཡིན།

རིགས་དབྱེ།