ཡོངས་འཛིན་རིག་མཛོད། >ཚན་རིག >གསོ་རིག >གཞན་དག

མཉེད་འཕུར།

མཉེད་འཕུར་ནི་མིའི་ལུས་སྟེང་དུ་ཚིགས་པ་དང་གནད་གནས་ལ་ལག་པས་འཕུར་བ་དང་གནོན་པ། འཐེན་པ་སོགས་བྱས་ཏེ་ལུས་ཕུང་གི་ནད་འགོག་པ་དང་ལུས་ཕུང་བདེ་ཐང་དུ་གཏོང་བའི་ཐབས་བཀོད་ཅིག་ཡིན།

རིགས་དབྱེ།  

གཉིད་ཡེར་བ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལྷན་ཚོགས་ཀྱིས་སྡོམ་རྩིས་བྱས་པ་ལྟར་ན། འཛམ་བུ་གླིང་གི་མིའི་བརྒྱ་ཆའི་སུམ་ཅུ་ལ་གཉིད་ཡེར་བའི་ནད་བྱུང་ཡོད་ལ། དེ་ལས་ནད་ཚབས་ལྕི་བས་བརྒྱ་ཆའི་བཅུ་བདུན་ཟིན་པ་དང་། ནད་དེས་ཉིན་རེར་འཛམ་གླིང་དུ་མི4000ལྷག་གིས་རང་སྲོག་གཅོད་བཞིན་ཡོད་པས། འདི་ལ་མཐོང་ཆུང་བྱེད་མི་རུང་། ཞེས་པ་ལྟར་གཉིད་ཡེར་བའི་ནད་ཀྱིས་མིའི་ལུས་སེམས་ལ་མི་བཟོད་པའི་སྡུག་བསྔལ་སྣ་ཚོགས་སྐྱེལ་བཞིན་ཡོད་ལ། དེའི་རྒྱུ་རྐྱེན་གཙོ་བོ་ནི་མ་ཞུ་བའི་ནད་དང་གཅིན་སྙི། མཁྲིས་ནད། སྙིང་ནད། ཁྲག་རླུང་སྟོད་འཚངས། དྲེག་གྲུམ་གྱི་ནད་སོགས་ནད་རིགས་སྣ་ཚོགས་དང་། དེ་བཞིན་མྱ་ངན་དང་སེམས་ལས་ཆེ་བ། ཞེ་སྡང་ལངས་པ། འཇིགས་སྐྲག ཡུལ་མི་སྡུག་པ་མཐོང་བ་དང་སྒྲ་མི་སྙན་པ་ཐོས་པ། འཚོ་བའི་ཁོར་ཡུག་ཏུ་སྒྲ་ཆེ་བ་དང་ཉལ་ཁར་བསིལ་ཁུ་མང་དུ་འཐུང་བ་དང་། ལྷག་པར་དུ་ཇ་དང་ཚིག་ཇ་སོགས་སྐོམ་ཆུ་མང་དུ་འཐུང་བ། ཟས་འགྲངས་ཆེ་བ། ཐ་མག་འཐེན་པ་སོགས་རྐྱེན་སྣ་ཚོགས་ཀྱི་དབང་གིས་གཉིད་མི་ཡོང་བ་དང་གཉིད་གཏན་ནས་མི་ཡོང་བ་ཡིན།

རིགས་དབྱེ།  

རྒྱ་གར་གྱི་རླུང་སྦྱོར།

༄༅།། སངས་རྒྱས་སྨན་གྱི་བླ་བེེ་ཌཱུརྱ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། རྒྱ་གར་འཕགས་པའི་ཡུལ་དུ་ལོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཡོད་པའི་རྒྱ་གར་གྱི་ཡོ་གའམ་རྒྱ་གར་གྱི་རླུང་སྦྱོར་ཞེས་གྲགས་པ་འདིར་དྲང་སྲོང་དང་བྲམ་ཟེ་དག་གིས་སྲོལ་གཏོད་ཅིང་བཱ་རམ་དེ་བ་མཆོག་གིས་ཉེ་བའི་ཆར་དར་སྤེལ་གཏོང་བ་ལས་ཤི་ཐག་བཅད་ཟིན་པའི་ནད་པ་བརྒྱ་སྟོང་མང་པོ་ཞིག་གི་མཆིན་ནད་དང་ཕོ་སྐྲན་སོགས་དྲག་བསྐྱེད་བྱུང་བས། དེང་སང་འཛམ་གླིང་ཤར་ནུབ་ཀྱི་མི་ཁྲི་བརྒྱ་ཕྲག་མང་པོས་སློབ་སྦྱོང་གནང་ནས་ཕན་ཐོགས་ཆེན་པོ་བྱུང་ཡོད། རྒྱུན་དུ་ཉིད་ཀྱིས་བཟའ་བཏུང་སྤྱོད་ལམ་བྱེད་སྟངས་གལ་ཆེ་སྟེ་ནང་ཟས་རྒྱལ་པོ་བཅུད་ཅན་ཟ། གུང་ཟས་བློན་པོ་བཅུད་འབྲིང་ཟ། དགོང་ཟས་སྤྲང་པོ་འཇུ་སླ་ཟ་ཞེས་པ་ལྟར་སྤང་བླང་ངེས་པར་བྱ་དགོས། བོད་ཀྱི་གསོ་གཞུང་བཤད་རྒྱུད་ལས་ཀྱང་། ཟས་སྐོམ་ལེགས་སྤྱད་ལུས་དང་སྲོག་འཚོ་ཞིང་། ། དམན་ལྷག་ལོག་གྱུར་ནད་བསྐྱེད་འཕྲལ་སྲོག་འཇོམས། ། དེ་ཕྱིར་ཟས་སྐོམ་སྦྱོར་བ་མཁས་པ་གཅེས། ། ཞེས་གསུངས་སོ།

རིགས་དབྱེ།  

མཁལ་འགྲམས་ནད་ཀྱི་གསོ་བཅོས་དང་སྔོན་འགོག

མཁལ་འགྲམས་ནད་ནི་འཚོ་བའི་ཁྲོད་རྒྱུན་མཐོང་གི་ནད་རིགས་ཤིག་ཡིན་ལ་གཙོ་བོ་ཟས་སྐོམ་བསིལ་བའི་རིགས་བསྟེན་པ་དང་བརླན་སའི་ཡུལ་དུ་བསྡད་དྲགས་པ། ཆུ་ལས་བྱས་པ། དངོས་པོ་ཤུགས་ཀྱིས་འདེགས་པ་སོགས་ཟས་སྤྱོད་མི་ལེགས་པ་ལས་བྱུང་བ་དང་། ནད་རྟགས་སུ་མཁལ་རྐེད་ཁ་འཁོར་དང་དཔྱི་སུལ་ནས་བརླའི་ཕྱི་སུལ། བྱིན་ཉྭའི་རྒྱུད་ནས་རྐང་མཐིལ་བར་གྱི་རྩ་རྒྱུད་འཐེན་པའམ་གཟེར་ཟུག་གཏོང་བ་དང་ཚ་འཁྱུག་རྒྱག་པ། སྦྲིད་པ་སོགས་ཀྱི་རྟགས་ཡོད་པའི་ནད་ཅིག་རེད།

རིགས་དབྱེ།  

གཉིད་མི་ཁུག་པའི་ནད།

སྤྱིར་བཏང་མི་ཞིག་གི་མི་ཚེ་ཧྲིལ་པོའི་ཕྱེད་ཀ་ནི་ལས་ཀའི་དུས་དང་ཕྱེད་ཀ་ནི་གཉིད་ཀྱི་དུས་ཡིན་ལ།གཉིད་མ་ཁུག་པའམ་གཉིད་ཡེར་ བའི་ནད་བྱུང་ཚེ་ལུས་དང་སེམས་ཁམས་གཉིས་ལ་གདུང་བའི་ནད་དུ་མ་བྱུང་ཞིང་།དུས་ལྟར་གསོ་བཅོས་མ་བྱས་པར་འགོར་འགྱངས་བྱུང་ཚེ་སྙིང་རླུང་གི་ནད་དང་སྲོག་རླུང་གི་ནད། མཐར་སྨྱོ་བྱེད་ཀྱི་ནད་དུ་མར་འགྱུར་ཉེན་ཆེ་བས། མི་སུ་ཞིག་ཡིན་རུང་གཉིད་མི་ཁུག་པའི་ནད་རྟགས་བྱུང་ཚེ་དུས་ལྟར་སྨན་པར་བསྟེན་ནས་གསོ་བཅོས་བྱེད་རྒྱུ་ནི་ཅི་ནས་ཀྱང་གལ་ཆེ་བར་འདོད།

རིགས་དབྱེ།  

ནངས་ཟས་མ་བསྟེན་པའི་ཉེས་དམིགས།

ད་ལྟའི་སྤྱི་ཚོགས་ཁྲོད་ཀྱི་ལས་ཚོགས་ལ་ཞུགས་མཁན་དང་སློབ་ཚོགས་ལ་ཞུགས་པའི་མི་མང་ཆེ་ཤོས་ཀྱིས་བྲེལ་འཚུབ་ངང་ལས་ཚོགས་དང་སློབ་ཚོགས་ཀྱི་རྗེས་ཆོད་ཆེད་སྔ་དྲོའི་དུས་སུ་ནངས་ཟས་མི་བསྟེན་པ་དང་དགོང་མོ་ངལ་གསོ་འཕྱི་བའི་དབང་གིས་ཉལ་ཁར་ཟས་སྐོམ་བསྟེན་དྲགས་པ་སོགས་དམན་ལྷག་ལོག་པའི་བསྟེན་ཚུལ་གྱི་གོམས་སྲོལ་ཞིག་རིམ་བཞིན་ཆགས་ཡོད། གསོ་རིག་རྒྱུད་བཞི་ལས། འབྱུང་བ་ལྔ་ལྡན་ཟས་ཀྱི་ཡོན་ཏན་གྱིས། ། ལུས་ཀྱི་འབྱུང་བ་ལྔ་བོ་རྒྱས་པར་བྱེད། ། ཅེས་པ་ནང་བཞིན། སྤྱིར་ཟས་སྐོམ་གྱི་ཉིང་བཅུད་མཐའ་དག་ནི་མིའི་ལུས་ཕུང་གི་ཟུངས་སུ་འགྱུར་ངེས་མོད། འོན་ཀྱང་ཟས་རིགས་དེ་དག་རང་གི་ལུས་སེམས་ཀྱི་ཁམས་དང་མ་བསྟུན་པར་བསྟེན་མ་ལེགས་ཚེ། ལུས་ཀྱི་འབྱུང་ཁམས་མི་སྙོམས་པར་གྱུར་ཏེ་ནད་སྣ་མང་པོ་འབྱུང་སྲིད།

རིགས་དབྱེ།  

སྙིང་འཕྱོས་ནད་ཀྱི་བརྟག་བཅོས།

སྙིང་འཕྱོས་ནད་ཅེས་པ་ནི་སེམས་ཁམས་ལ་ཕོག་ཐུག་ཆེན་པོ་བྱུང་བ་སོགས་རྐྱེན་བྱས་ཏེ་ལུས་ལ་ལྷན་སྐྱེས་སུ་གནས་པའི་ཉེས་པ་རླུང་གི་བྱེད་ལས་ལོག་ནས་སྙིང་ལ་ཞུགས་ཏེ་རླུང་འཁྲུགས་པའི་དབང་གིས་ཤེས་པ་འཕྱོས་ནས་ངེས་གཏན་མེད་པར་གྱུར་པའི་ནད་ཅིག་རེད།

རིགས་དབྱེ།  

སྙིང་ཁམས་བདེ་ལ་འབབ་ཐུབ་པའི་དོན་བྱ་བཅུ།

གཉིད་ཡུན་འོས་འཚམ་ཡིན་དགོས་པ་དང་དཀར་ཟས་ལ་བསྟེན་པ། ཉི་མར་ལྡེ་བ་སོགས་ལ་བརྟེན་ན་སྙིང་ཁམས་བདེ་ལ་འབབ་ཐུབ་པ་རེད།

རིགས་དབྱེ།  

བྱང་ལུགས་གསོ་རིག

བྱང་ལུགས་གསོ་རིག་ནི་བྱང་པ་རྣམ་རྒྱལ་གྲགས་བཟང་གི་སློབ་རྒྱུད་རྣམས་ལ་ཟེར་ཞིང་། རྒྱུད་འཛིན་གྱི་སློབ་མ་ལ་ལྷ་བཙུན་བཀྲ་ཤིས་དཔལ་བཟང་། བསོད་ནམས་ཡེ་ཤེས་རྒྱལ་མཚན་སོགས་ཡོད། ཟུར་ལུགས་གསོ་རིག་ནི་ཟུར་མཁར་མཉམ་ཉིད་རྗེའམ་ཨ་བོ་ཆོས་རྗེ་སློབ་བརྒྱུད་དང་བཅས་ལ་ཟེར།

རིགས་དབྱེ།  

བྱིས་པ་རུམ་དུ་ཆགས་པའི་བྱེ་བྲག་དྲུག

ཡན་ལག་བརྒྱད་པའི་སྙིང་པོ་ཞེས་བྱ་བའི་སྨན་དཔྱད་ཀྱི་བཤད་པ་ལས་བྱུང་བའི་བྱིས་པ་རུམ་དུ་ཆགས་པའི་བྱེ་བྲག་དྲུག་བསྟན་ཡོད།

རིགས་དབྱེ།  

སྐྱེ་དངོས་རིག་པ།

སྐྱེ་དངོས་རིག་པ་ནི་སྐྱེ་དངོས(དེའི་ནང་རྩི་ཤིང་དང་། སྲོག་ཆགས་དང་སྐྱེ་དངོས་ཕྲ་རབ་བཅས་ཚུད་ཡོད)ཀྱི་གྲུབ་ཚུལ་དང་། བྱེད་ནུས། བྱུང་བ་དང་འཕེལ་བའི་ཆོས་ཉིད་བཅས་ཞིབ་འཇུག་བྱེད་པའི་ཚན་རིག་ཡིན་ལ། རང་བྱུང་ཚན་རིག་གི་ཆ་ཤས་ཤིག་ཀྱང་ཡིན། དེའི་དམིགས་ཡུལ་ནི་ཚེ་སྲོག་གི་བྱ་བ་གསལ་བཤད་དང་ཚོད་འཛིན་བྱེད་པ་དང་། རང་བྱུང་ཁམས་བསྒྱུར་བཀོད་བྱེད་པ། ཞིང་ལས་དང་བཟོ་ལས། གསོ་རིག་སོགས་ལག་ལེན་ལ་ཞབས་འདེགས་ཞུ་བ་བཅས་ཡིན། ལོ་ངོ་སྟོང་ཕྲག་འགའི་རིང་ལ། ཀྲུང་གོས་ཞིང་ལས་དང་། ནགས་ལས། ཕྱུགས་ལས། ཞོར་ལས། ཉ་ལས་དང་སྨན་རྫས་སོགས་ཀྱི་ལག་ལེན་ཁྲོད་དུ་རྩི་ཤིང་དང་། སྲོག་ཆགས། སྐྱེ་དངོས་ཕྲ་རབ་དང་མི་ལུས་བཅས་ཀྱི་ཤེས་བྱ་ཕུན་སུམ་ཚོགས་པོ་བསགས་ཡོད།

རིགས་དབྱེ།  

སྐྱུགས་ནད་ཀྱི་དབྱེ་བ་བཞི།

《རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང》ལས་བྱུང་བའི་སྐྱུགས་ནད་ཀྱི་དབྱེ་བ་བཞི་བསྟན་ཡོད།

རིགས་དབྱེ།  

མཚོ་སྔོན་ཞིང་ཆེན་གྱི་བུད་མེད་དང་བྱིས་པའི་སྨན་ཁང་།

མཚོ་སྔོན་ཞིང་ཆེན་གྱི་བུད་མེད་དང་བྱིས་པའི་སྨན་ཁང་ནི་ས་མཐོའི་གནའ་མཁར་ཟི་ལིང་གྲོང་ཁྱེར་དུ་གནས་པའི་ཕྱོགས་བསྡུས་རང་བཞིན་གྱི་བུད་མེད་དང་བྱིས་པའི་ཆེད་ཚན་སྨན་ཁང་ཞིག་ཡིན།

རིགས་དབྱེ།  

མཚན་བར་རྡོལ་བ།

མཚན་བར་རྡོལ་བ་ཟེར་བདེ་ནི་མཚན་དབྲག་སོགས་གཞང་གི་མཐའ་འཁོར་དུ་འབྲུམ་ཐོར་དོན་ནས་རྣག་ཁྲག་དང་ཆུ་སེར་འཛག་པའི་ནད་ཅིག་རེད།

རིགས་དབྱེ།  

འབར་འབུར་ཀྱི་ནད།

འབར་འབུར(གཉན་འབུར་ཡང་ཟེར)ཟེར་བ་དེ་ནི་ལུས་ཁམས་ཀྱི་གནས་ངེས་མེད་དུ་སྐྲངས་འབུར་དོན་ནས་རྣགས་བསགས་པའི་ནད་ཅིག་རེད།

རིགས་དབྱེ།  

རྨེན་བུའི་ནད།

​རྨེན་བུ་ཟེར་དེ་ནི་སྐེའི་སྟོད་སྨད་དང་། མཆན་ཁུང་། སྣེ་ས་ཁུལ་སོགས་ཀྱི་རྨེན་བུར་གཉན་ཁ་རྒྱས་ནས་སྐྲངས་འབུར་ཆགས་པའི་ནད་ཅིག་རེད།

རིགས་དབྱེ།  

ལྟེ་བའི་ནད།

ལྟེ་བའི་ནད་ཟེར་བ་ནི་ལྟེ་བར་གཉན་ཁ་རྒྱས་པ་དང་རྣག་བསགས་པའི་ནད་ཅིག་ཡིན།

རིགས་དབྱེ།  

མཆིན་པ་བབས་པ།

མཆིན་པ་བབས་པ་ཟེར་བ་ནི་མཆིན་པ་ནར་བའམ་ཆེར་རྒྱས་པའི་ནད་ཅིག་རེད།

རིགས་དབྱེ།  

འདྲིལ་རོའི་ནད།

འདྲིལ་རོའི་ནད་ཟེར་བ་དེ་ནི་བྱིས་པ་བཙས་རྗེས་མངལ་དུ་ནད་ལྷག་འདྲིལ་ནས་ན་ཟུག་ལྡང་དུབ་ཅན་ལངས་པའི་ནད་ཅིག་ལ་ཟེར།

རིགས་དབྱེ།  

《མྱུར་སྐྱོབ་གསོ་རིག》

《མྱུར་སྐྱོབ་གསོ་རིག》ནི་དེང་རབས་གསོ་རིག་སློབ་གསོའི་འདུ་ཤེས་གཞིར་བཟུང་དེ་དུས་རབས21པའི་བྱང་ཚད་མཐོ་བའི་རྩལ་ནུས་དང་སྤྱོད་གོ་ཆོད་པའི་ཤེས་ལྡན་པ་གསར་པ་གསོ་སྐྱོང་དང་སྐྱེད་སྲིང་བྱ་ཆེད་རྩོམ་འབྲི་བྱས་པ་ཞིག་ཡིན་ལ། སྤྱི་ལོ2013ལོར་ལེའོ་ཉིང་སློབ་ཆེན་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས།

རིགས་དབྱེ།  

སྲིབས་གཤིས།

སྲིབས་གཤིས་ནི་གསོ་རིག་གི་བརྟག་དཔྱད་ཁྲོད་དུ་སྤྱིར་བཏང་དུ་བཤད་ན་རྒྱུན་ལྡན་ཡིན་པ་དང་། གདགས་གཤིས་ཡིན་ན་ནད་ཡོད་པའམ་ནད་དུག་ཡོད་པ་མཚོན་གྱིན་ཡོད། སྲིབས་གཤིས་དང་གདགས་གཤིས་ནི་གསོ་རིག་སྟེང་དུ་བཀོལ་སྤྱོད་བྱས་པ་ཅུང་མང་སྟེ། བརྡ་ཆད་ཅིག་ཏུ་གྱུར་ཡོད་ལ། དེ་ནི་ཡོད་མིན་དང་ཡང་ན་བརྟག་དཔྱད་ཀྱི་འབྲས་བུ་ཞིག་མཚོན་གྱིན་ཡོད།

རིགས་དབྱེ།  

གདགས་གཤིས།

གསོ་རིག་གི་ངོས་ནས་བཤད་ན་སྤྱིར་བཏང་དུ་གདགས་གཤིས་ཡིན་པས་ནད་དང་ནད་དུག་ཡོད་པ་མཚོན་ལ། སྲིབས་གཤིས་རྒྱུན་ལྡན་ཡིན་པ་མཚོན།

རིགས་དབྱེ།  

ཆེས་མཛེས་པའི་ལྡོག་སྐྱོད་པ།

དེབ་འདི་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དྲིལ་བསྒྲགས་སི་དང་མི་དམངས་དཔེ་སྐྲུན་ཁང་གིས་མཉམ་འབྲེལ་ཐོག་ཇུས་འགོད་རྩོམ་སྒྲིག་བྱས་པ་ཞིག་ཡིན།

རིགས་དབྱེ།  

རིམས་འགོག་སྨན་ཁབ་བརྒྱབ་རྗེས་ཀྱི་ཚུར་སྣང་།

རིམས་འགོག་སྨན་ཁབ་བརྒྱབ་རྗེས་ཀྱི་ཚུར་སྣང(vaccinal inoculation response)ནི་སྤྱི་ལོ2019ལོར་ཁྱབ་བསྒྲགས་བྱས་པའི་འགོས་ནད་རིག་པའི་མིང་ཚིག་ཅིག་ཡིན།

རིགས་དབྱེ།  

འཁུར་ཆོག་པའི་རང་བཞིན།

ཁུར་ཆོག་པའི་རང་བཞིན་ནི་སྤྱི་ལོ2014ལོའི་རྒྱལ་ཡོངས་ཚན་རིག་ལག་རྩལ་གྱི་ཐ་སྙད་ཞིབ་བཤེར་གཏན་འབེབས་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པའི་སྨན་རྫས་རིག་པའི་ཐ་སྙད་ཅིག་རེད།

རིགས་དབྱེ།  

སྣ་ནད་འབྲུམ་ཐོར།

སྣ་ནད་འབྲུམ་ཐོར(སྣ་ཤུ་ཡང་ཟེར)ནི་སྣ་བུག་གི་ནང་དང་། སྣ་སྒོ་སོགས་ཀྱི་གནས་སུ་གཉན་ཁ་རྒྱས་ནས་འབྲུམ་ཐོར་བྱུང་བའི་ནད་ཅིག་ཡིན།

རིགས་དབྱེ།  

འདུས་འདྲིལ་གཅོང་ནད་ཀྱི་རིགས་དབྱེའི་ཚད་གཞི།

འདུས་འདྲིལ་ནད་ཀྱི་རིགས་དབྱེའི་ཚད་གཞི་ནི་སྤྱི་ལོ2019ལོར་ཁྱབ་བསྒྲགས་བྱས་པའི་འདུས་འདྲིལ་ནད་རིག་པའི་ཐ་སྙད་ཅིག་ཡིན།

རིགས་དབྱེ།  

འདུས་འདྲིལ་གཅོང་ནད་ཤི་ཚད།

འདུས་འདྲིལ་གཅོང་ནད་ཀྱི་ཤི་ཚད་ནི་སྤྱི་ལོ1995ལོར་ཁྱབ་བསྒྲགས་བྱས་པའི་གསོ་རིག་གི་ཐ་སྙད་ཅིག་ཡིན།

རིགས་དབྱེ།  

རྒྱ་གྲམ་དམར་པོའི་སྐྱོབ་སྲུང་ལག་ཁྱེར།

རྒྱ་གྲམ་དམར་པོའི་སྐྱོབ་སྲུང་ལག་ཁྱེར་ཞེས་པ་ནི་ཁ་ལོ་བར་ཡུལ་དངོས་སུ་སྐྱོབ་སྲུང་བྱེད་པའི་གཞི་རྩའི་ཤེས་བྱ་ལྡན་དགོས་པ་དང་། སྦྱོང་བརྡར་གྱི་དཔྱད་ཞིབ་ལ་བརྟེན་ནས་ཐོབ་པའི་རྩལ་ནུས་ལག་ཁྱེར་ཞིག་ཡིན། སྤྱི་ལོ2006ལོའི་ཟླ8པར་ཀྲུང་གོའི་རྒྱ་གྲམ་དམར་པོ་སྤྱི་ཁྱབ་ཚོགས་པ་དང་། འགྲིམ་འགྲུལ་པུའུ་དང་སྤྱི་བདེ་པུའུ་བཅས་ཀྱིས་རིམ་པ་ཁག་གི་སྤྱི་བདེ་དང་འགྲིམ་འགྲུལ་སྡེ་ཚན་ལ་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བ་སོགས་རྒྱ་ལམ་སྐྱེལ་འདྲེན་ལས་གཉེར་མི་སྣ་སྒྲིག་འཛུགས་བྱས་ནས་སྐྱོབ་སྲུང་སྦྱོང་བརྡར་ནང་ཞུགས་དགོས་པའི་བླང་བྱ་བཏོན།

རིགས་དབྱེ།  

ཀྲུང་གོའི་སྨན་བཅོས་སྒྲིག་གཞིའི་སྨན་རྫས་དཀར་ཆག་དོ་དམ་སྤུས་ཚད་གདེང་འཇོག་ཕྱོགས་སྟོན།

《ཀྲུང་གོའི་སྨན་བཅོས་སྒྲིག་གཞིའི་སྨན་རྫས་དཀར་ཆག་དོ་དམ་སྤུས་ཚད་གདེང་འཇོག་ཕྱོགས་སྟོན》ནི་སྤྱི་ལོ2021ལོའི་ཟླ10བའི་ཚེས23ཉིན་ཨན་ཧུའེ་ཧུ་ཧྥེ་རུ་དངོས་སུ་ཁྱབ་བསྒྲགས་བྱས་པ་རེད།

རིགས་དབྱེ།