ཡོངས་འཛིན་རིག་མཛོད། >ཚན་རིག >གསོ་རིག >ནུབ་ལུགས་གསོ་རིག

བྱིས་པའི་འཕྲོད་བསྟེན་དང་མ་བུའི་ལུས་ཁམས་བདེ་སྲུང་རིག་པ།

བྱིས་པའི་འཕྲོད་བསྟེན་དང་མ་བུའི་ལུས་ཁམས་བདེ་སྲུང་རིག་པ་ནི་རྒྱལ་ཁབ་ཀྱི་རིག་ཚན་ལ་གཞིགས་ནས་ལེགས་སྒྲིག་བྱས་ཏེ་བྱིས་པའི་བདེ་སྲུང་དང་། བྱིས་པ་དང་ལོ་ཆུང་གི་འཕྲོད་བསྟེན། བུད་མེད་བཅས་རིག་ཚན་གསུམ་པོ་རྒྱས་བཤད་བྱས་པའི་རིག་ཚན་གྱི་མ་ལག་གསར་པ་ཞིག་ཡིན།

རིགས་དབྱེ།  

འཕྲོད་བསྟེན་དུག་ལུགས་རིག་པ།

འཕྲོད་བསྟེན་དུག་ལུགས་རིག་པ་ནི་སྤྱི་པའི་འཕྲོད་བསྟེན་བྱ་བ་དང་ཐད་ཀར་འབྲེལ་བ་ཡོད་པའི་དུག་ལུགས་རིག་པའི་ཡན་ལག་ཅིག་ཡིན། དེ་ནི་ཁོར་ཡུག་དུག་ལུགས་རིག་པ་དང་། བཟོ་ལས་དུག་ལུགས་རིག་པ། ཟས་རིགས་དུག་ལུགས་རིག་པ། ཞིང་སྨན་དུག་ལུགས་རིག་པ། འགྱེད་འཕྲོའི་དུག་ལུགས་རིག་པ་སོགས་ཀྱི་རྨང་གཞི་དང་སྤྱི་མིང་ཡིན།

རིགས་དབྱེ།  

དམག་དོན་སྔོན་འགོག་གསོ་རིག

དམག་དོན་སྔོན་འགོག་གསོ་རིག་ནི་ཉེར་སྤྱོད་རང་བཞིན་ཤིན་ཏུ་ཆེ་བའི་རིག་ཚན་ཞིག་ཡིན། དམག་དོན་སྔོན་འགོག་གསོ་རིག་ནི་རིག་ཚན་གསར་བ་ཞིག་ཡིན་པའི་ཆ་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་བསླབ་གནས་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་སློབ་གསོ་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་བཙུགས་པ་དང་། བཙུགས་ནས་ལོ3ལྷག་ཙམ་སོང་ཡོད། རིག་ཚན་གྱི་གོ་དོན་དང་། ལས་འགན། ནང་དོན་བཅས་ཀྱི་མ་ལག་ཅིག་ཡིན་པ་སྟེ། དམིགས་བསལ་གྱི་མཚོན་ཆའི་གནོད་འཚེ་དང་དེའི་གསོ་རིག་འགོག་སྲུང་དང་། དམིགས་བསལ་གྱི་ཁོར་ཡུག་གིས་བདེ་ཐང་ལ་ཤུགས་རྐྱེན་ཐེབས་པའི་ཤུགས་རྐྱེན་དང་འཕྲོད་བསྟེན་འགོག་སྲུང་། དམིགས་བསལ་གྱི་དམག་དོན་ལས་སྒྲུབ་ཀྱིས་བདེ་ཐང་ལ་ཤུགས་རྐྱེན་ཐེབས་པའི་ཤུགས་རྐྱེན་དང་འཕྲོད་བསྟེན་འགོག་སྲུང་། དམག་དཔུང་གི་དམག་འཁྲུག་སྐབས་ཀྱི་འཚོ་བཅུད་དང་ཟས་རིགས་འཕྲོད་བསྟེན། དམག་དཔུང་གི་དམག་འཁྲུག་སྐབས་ཀྱི་ནད་རིགས་དང་གནོད་འཚེ་ཚབས་ཆེན་སྔོན་འགོག་བཅས་ཡིན།

རིགས་དབྱེ།  

སྨན་ཐོ་རིག་པ།

སྨན་ཐོ་རིག་པའི་སློབ་ཚན་ནི་ལི་ཅི་ཡིས་སློབ་ཚན་གྱི་འགན་འཁུར་བ་དང་། ཧེ་ལུང་ཅང་ཀྲུང་ལུགས་གསོ་རིག་སློབ་ཆེན་འཛུགས་སྐྲུན་ཚན་པ་གཙོ་བོ་བྱས་པའི་རྒྱལ་ཁབ་རིམ་པའི་དངོས་གཞིའི་ཚན་ཁག་གི་སློབ་ཚན་རྩེ་གྲས་ཤིག་ཡིན།

རིགས་དབྱེ།  

སྒ་ཆུང་གསེར་མགོ

སྒ་ཆུང་གསེར་མགོ་ལ་སྒ་ཆུང་བ་དང་། མིག་སྨན་སེར་པོ། སྔོ་སྒ་ཆུང་བ། སེར་པོ་འོད་ལྡན་སོགས་ཟེར།

རིགས་དབྱེ།  

ནད་སྲིན།

ནད་སྲིན་ནི་མིའི་རིགས་ཀྱི་ནད་སློང་བའི་འབུ་ཕྲ་དང་ནད་དུག་ལ་ཟེར་ཞིང་། སྤྱི་མིང་ལ་ནད་རྒྱུའི་སྲིན་ནམ་ནད་སྐྱེད་སྲིན་ཟེར་བ་ཡིན། ཕྲ་སྲིན་དེ་མིའི་ལུས་པོའི་ནང་སྐྱེས་པ་དང་། སྐྱེ་འཕེལ་བྱུང་བར་མ་ཟད། ནད་རིགས་བསྐྱེད་པའི་རིགས་དེ་ལ་ཕྲ་སྲིན་གྱི་འབུ་ཕྲའི་ནད་སྐྱེད་རང་བཞིན་ནམ་ཡང་ན་ནད་རྐྱེན་རང་བཞིན་ཟེར། ནད་སྐྱེད་རང་བཞིན་ནི་འབུ་ཕྲའི་རིགས་ཀྱི་ཁྱད་ཆོས་ཤིག་ཡིན། དཔེར་ན་བྱི་རིམས་ཕྲ་སྲིན་གྱིས་བྱི་རིམས་བསླངས་པ་དང་། འདུས་འདྲིལ་ནར་སྲིན་གྱིས་འདུས་འདྲིལ་ནད་སློང་བ་ལྟ་བུ་རེད། ནད་སྐྱེད་རང་བཞིན་གྱི་དྲག་ཞན་ནི་དུག་ཤུགས་ཀྱིས་མཚོན་པ་དང་། དེ་ནི་གྲངས་ཚད་ཀྱི་དོན་སྤྱི་ཡིན།

རིགས་དབྱེ།  

མཆེད་ནད་དང་འཕྲོད་བསྟེན་སྡོམ་རྩིས་རིག་པ།

མཆེད་ནད་དང་འཕྲོད་བསྟེན་སྡོམ་རྩིས་རིག་པ་ནི་སྤྱི་པའི་འཕྲོད་བསྟེན་དང་སྔོན་འགོག་གསོ་རིག་གི་རིམ་པ་གཉིས་པའི་རིག་ཚན་ཞིག་ཡིན་པ་དང་། ཆེད་ལས་དེ་མིག་སྔར་ཡན་ལག་མང་པོ་ཡོད་པའི་ཞིབ་འཇུག་གི་ཁ་ཕྱོགས་ཤིག་ཏུ་གྱུར་ཡོད། ཆ་རྡུལ་གྱི་མཆེད་ནད་རིག་པ་ནི་སྲོལ་རྒྱུན་གྱི་མཆེད་ནད་རིག་པ་དང་ཆ་རྡུལ་སྐྱེ་དངོས་རིག་པའི་སྣོལ་སྡེབ་ཀྱི་རིག་ཚན་གསར་པ་ཞིག་ཡིན་ལ། དེས་མཆེད་ནད་རིག་པ་འཕེལ་རྒྱས་ཀྱི་ཁ་ཕྱོགས་གལ་ཆེན་ཞིག་མཚོན་ཡོད། དེས་མཆེད་ནད་རིག་པའི་དུས་རིམ་གྱི་འཕེལ་རྒྱས་དང་ནད་རིགས་འགོག་བཅོས་ལ་དོན་སྙིང་གལ་ཆེན་ལྡན།

རིགས་དབྱེ།  

ངལ་རྩོལ་འཕྲོད་བསྟེན་དང་ཁོར་ཡུག་འཕྲོད་བསྟེན་རིག་པ།

ངལ་རྩོལ་འཕྲོད་བསྟེན་དང་ཁོར་ཡུག་འཕྲོད་བསྟེན་རིག་པ་ནི་སྤྱི་པའི་འཕྲོད་བསྟེན་དང་སྔོན་འགོག་གསོ་རིག་གི་ཡན་ལག་རིག་ཚན་གལ་ཆེན་ཞིག་ཡིན། དེ་ནི་ངལ་རྩོལ་གྱི་ཆ་རྐྱེན་དང་། རང་བྱུང་ཁོར་ཡུག འཚོ་བའི་ཁོར་ཡུག་བཅས་དང་མི་ཚོགས་ཀྱི་བདེ་ཐང་བར་གྱི་འབྲེལ་བར་ཞིབ་འཇུག་བྱས་ཏེ། ཁོར་ཡུག་གི་རྒྱུ་རྐྱེན་དང་ལས་རིགས་རང་བཞིན་གྱི་གནོད་ལྡན་རྒྱུ་རྐྱེན་གྱིས་མི་ཚོགས་ཀྱི་བདེ་ཐང་ལ་ཤུགས་རྐྱེན་ཐེབས་ཚུལ་དང་འཕེལ་རྒྱས་ཀྱི་ཆོས་ཉིད་གསལ་སྟོན་བྱེད་པ་དང་། ཁོར་ཡུག་ལ་ཕན་པའི་རྒྱུ་རྐྱེན་ཞིབ་འཇུག་དང་བེད་སྤྱོད་བྱས་ནས་ཁོར་ཡུག་ལ་གནོད་པའི་རྒྱུ་རྐྱེན་དང་ལས་རིགས་ཀྱི་གནོད་པའི་རྒྱུ་རྐྱེན་ཚོད་འཛིན་བྱེད་པའི་ཐབས་ཇུས་དང་། ལས་རིགས་ཀྱི་ནད་དང་ཁོར་ཡུག་དང་འབྲེལ་བ་ཡོད་པའི་ནད་རིགས་སྔོན་འགོག་བྱས་ཏེ་མི་ཚོགས་ཀྱི་བདེ་ཐང་ལ་འགན་སྲུང་བྱེད་པའི་ཚན་རིག་ཅིག་ཡིན།

རིགས་དབྱེ།  

སྨན་རྫས་རྫས་འགྱུར།

སྨན་རྫས་རྫས་འགྱུར་ཞེས་པ་ནི་རྫས་འགྱུར་གྱི་བྱེད་ཐབས་བེད་སྤྱད་ནས་སྨན་རྫས་གསར་སྤེལ་བྱེད་པ་དང་། ཆ་རྡུལ་གྱི་ཆུ་ཚད་ཐོག་ནས་སྨན་རྫས་ཀྱི་ལུས་པོའི་ནང་གི་ནུས་སྟངས་དང་ནུས་པའི་རྐྱེན་རྩར་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་ཡིན། སྨན་རྫས་རྫས་འགྱུར་ནི་རྫས་འགྱུར་དང་སྐྱེ་དངོས་རིག་པའི་རྨང་གཞིའི་ཐོག་ཏུ་བཙུགས་པ་དང་། སྨན་རྫས་ཀྱི་གྲུབ་ཚུལ་དང་གྲུང་གཤིས་ལ་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་ཡིན། ཞིབ་འཇུག་གི་ནང་དོན་ནི་གསར་རྙེད་དང་། ལེགས་གཏོང་སྔོན་ཁྲིད་འདྲེས་འགྱུར་རྫས་བཅས་དང་འབྲེལ་བ་ཡོད་པ་དང་། ཆ་རྡུལ་གྱི་ཆུ་ཚད་ཐོག་ནས་སྨན་རྫས་དང་ལུས་ཁམས་ཀྱི་གྲུང་གཤིས་དངོས་རྫས་ཀྱི་ནུས་པའི་རྐྱེན་རྩ་དང་། སྨན་རྫས་དང་ལུས་ཁམས་ཀྱི་གྲུང་གཤིས་དངོས་རྫས་ཀྱི་རྙིང་ཚབ་གསར་བྱེད་ཀྱི་བརྒྱུད་རིམ་བཅས་གསལ་སྟོན་བྱས་ཡོད།

རིགས་དབྱེ།  

སྐྱེ་དངོས་སྨན་རྫས་རིག་པ།

སྐྱེ་དངོས་སྨན་རྫས་རིག་པ་ནི་སྐྱེ་དངོས་སྨན་རྫས་ཞིབ་འཇུག་བྱ་ཡུལ་གཙོ་བོ་བྱས་ནས་སྨན་རིགས་ཀྱི་མིང་དང་། འབྱུང་ཁུངས། ཐོན་སྐྱེད། འཚོལ་བསྡུ། གསལ་འབྱེད། རྫས་འགྱུར་གྲུབ་ཆ། སྨན་བཅོས་ནུས་པ། གསོ་སྐྱོང་། ཐོན་ཁུངས་གསར་འབྱེད་དང་བེད་སྤྱོད། སྨན་རིགས་གསར་བཟོ་སོགས་ཀྱི་ཤེས་བྱ་ལ་ཟེར། ཚིག་གཞན་ཞིག་གི་ཐོག་ནས་བཤད་ན། སྐྱེ་དངོས་སྨན་རྫས་རིག་པ་ནི་རྩྭའི་རིག་པ་དང་། རྩི་ཤིང་རིག་པ། སྲོག་ཆགས་རིག་པ། རྫས་འགྱུར་རིག་པ། སྨན་ལུགས་རིག་པ། གསོ་བ་རིག་པ། ཆ་རྡུལ་སྐྱེ་དངོས་རིག་པ་སོགས་ཀྱི་ཤེས་བྱར་བརྟེན་ནས་རང་བྱུང་སྨན་རྫས་ལ་ཞིབ་འཇུག་བྱེད་པའི་རིག་པའི་གནས་ཤིག་ཡིན།

རིགས་དབྱེ།  

སྐྱེ་དངོས་ཕྲ་རབ་དང་སྐྱེ་དངོས་རྫས་འགྱུར་རིག་པ།

རིག་ཚན་འདི་ནི་སྔོན་ཐོན་གྱི་ཆ་རྡུལ་སྐྱེ་དངོས་རིག་པའི་ལག་རྩལ་ཏེ་དཔེར་ནDNAབསྐྱར་སྒྲིག་ལག་རྩལ་དང་། ཆ་རྡུལ་རྒྱུད་བཤུས་ལག་རྩལ། སྐྱེ་དངོས་རྫས་འགྱུར་ལག་རྩལ་ལ་བརྟེན་ནས་སྐྱེ་དངོས་སྨན་རྫས་ལ་ཞིབ་འཇུག་བྱེད་པའི་རིག་ཚན་གསར་བ་ཞིག་ཡིན། དེ་ནི་སྨན་རྫས་རིག་པ་དང་། སྨན་རྫས་བཟོ་སྐྲུན། སྐྱེ་དངོས་བཟོ་སྐྲུན། སྐྱེ་དངོས་ལག་རྩལ་བཅས་ཀྱི་རྨང་གཞིའི་ཐོག་འཕེལ་རྒྱས་བྱུང་བ་ཞིག་ཡིན། རིག་ཚན་འདིར་ནང་དོན་གཉིས་ཡོད་དེ། གཅིག་ནི་སྐྱེ་དངོས་ཕྲ་རབ་ཀྱི་སྨན་རྫས་རིག་པ་དང་། གཉིས་ནི་སྐྱེ་དངོས་རྫས་འགྱུར་རིག་པ་ཡིན།

རིགས་དབྱེ།  

སྨན་ལུགས་རིག་པ།

སྨན་ལུགས་རིག་པ་ནི་སྨན་རྫས་དང་ལུས་ཁམས་བར་གྱི་ཕན་ཚུན་བྱེད་ནུས་ཐོན་པའི་ཆོས་ཉིད་དང་དེའི་སྨན་རྫས་ནུས་པའི་ནང་རྐྱེན་ལ་ཞིབ་འཇུག་བྱེད་པའི་ཚན་རིག་ཅིག་ཡིན། སྔོན་མ་ནི་སྨན་གྱིས་ལུས་ཕུང་ལ་བཏོན་པའི་ནུས་པ་དང་བྱེད་ནུས་གསལ་བཤད་བྱེད་པའི་རྩ་བའི་རིགས་པ་ཡིན་ལ། ཕྱི་མས་སྨན་ལུས་ཕུང་ནང་དུ་བསྡུ་ལེན་དང་ཁྱབ་པ། སྐྱེ་དངོས་སུ་བསྒྱུར་བ། ཕྱིར་ཕུད་པ་སོགས་ཀྱི་གོ་རིམ་་གསལ་བཤད་བྱེད་པ་རེད།

རིགས་དབྱེ།  

ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་གྱི་རྨང་གཞི།

“ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་གྱི་རྨང་གཞིའི”རིག་ཚན་གྱིས་ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་བྱས་ནས་ཀླད་སྙིང་ཁྲག་རྩའི་ནད་དང་དབང་པོ་ཚི་སྣ་ཅན་དུ་འགྱུར་བ་འགོག་པའི་རྩ་བའི་རིགས་པར་ཞིབ་འཇུག་དང་། དེང་རབས་ཀྱི་སྐྱེ་དངོས་རིག་པའི་རྨང་གཞིའི་ཞིབ་འཇུག་སོགས་ཀྱི་ཐད་རིག་ཚན་ཞིབ་འཇུག་གི་ཁྱད་ཆོས་གྲུབ་ཡོད།

རིགས་དབྱེ།  

ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་གྱི་ནད་ཐོག་སྨན་བཅོས།

ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་གྱི་ནད་ཐོག་སྨན་བཅོས་ནི་རྒྱལ་ཁབ་ཀྱི་གཙོ་གནད་རིག་ཚན་ཞིག་ཡིན་པ་དང་། དེ་ནང་རིག་ཚན་མང་པོ་ཞིག་གི་བཀོལ་སྤྱོད་དང་འབྲེལ་ཡོད།

རིགས་དབྱེ།  

རྨང་གཞིའི་གསོ་བ་རིག་པ།

རྨང་གཞིའི་གསོ་བ་རིག་པ་ནི་རྨང་གཞིའི་རིག་ཚན་ལ་གཏོགས་ཤིང་དེང་རབས་གསོ་རིག་གི་རྨང་གཞི་ཡིན། རྨང་གཞིའི་གསོ་བ་རིག་པ་ནི་མིའི་ཚེ་སྲོག་དང་ནད་གཞིའི་སྣང་ཚུལ་གྱི་ངོ་བོ་དང་དེའི་ཆོས་ཉིད་ལ་ཞིབ་འཇུག་བྱེད་པའི་རང་བྱུང་ཚན་རིག་ཅིག་ཡིན། དེས་ཞིབ་འཇུག་བྱས་པའི་མིའི་ལུས་ཕུང་གི་བདེ་ཐང་དང་ནད་རིགས་ཀྱི་ངོ་བོ་དང་ཆོས་ཉིད་ལ་ཉེར་སྤྱོད་གསོ་རིག་གཞན་དག་ཚང་མས་བརྩི་སྲུང་བྱེད་དགོས།

རིགས་དབྱེ།  

སྐྱེ་དངོས་གསོ་རིག

སྐྱེ་དངོས་གསོ་རིག་ནི་ཕྱོགས་བསྡུས་གསོ་རིག་དང་། ཚེ་སྲོག་ཚན་རིག སྐྱེ་དངོས་རིག་པ་བཅས་ཀྱི་རིགས་པའི་གཞུང་ལུགས་དང་ཐབས་ཤེས་ལ་བརྟེན་ནས་འཕེལ་རྒྱས་བྱུང་བའི་རིག་ཚན་སྔོན་ཐོན་ཤིག་ཡིན་ཞིང་། དེའི་གཞི་རྩའི་ལས་འགན་ནི་སྐྱེ་དངོས་རིག་པ་དང་བཟོ་སྐྲུན་ལག་རྩལ་གྱི་ཐབས་ཤེས་ལ་བརྟེན་ནས་ཚེ་སྲོག་ཚན་རིག་སྤྱི་དང་། ལྷག་པར་དུ་གསོ་རིག་ཁྲོད་ཀྱི་འབྲེལ་ཡོད་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད་བྱ་རྒྱུ་དེ་ཡིན།

རིགས་དབྱེ།