ཡོངས་འཛིན་རིག་མཛོད། >ཚན་རིག >གསོ་རིག >སྨན་བཅོས་བདེ་སྲུང་།

ཕྱུགས་སྨན།

བོད་ཀྱི་ཕྱུགས་ནད་སྨན་རྫས་ནི་མཚོ་བོད་མཐོ་སྒང་དུ་ཐོན་པ་དང་ཁྱད་དུ་ཐོན་པའི་བོད་ཀྱི་ཕྱུགས་ནད་སྨན་བཅོས་བྱེད་པའི་སྨན་རྫས་རེད། བོད་ཀྱི་ཕྱུགས་ནད་སྨན་པས་ཀྲུང་དབྱི་ཕྱུགས་སྨན་གྱི་རྒྱུན་དུ་སྤྱོད་པའི་ཀྲུང་སྨན་སྤྱོད་མོད། འོན་ཀྱང་དེ་དག་གི་རང་བཞིན་དང་བྲོ་བ། ཕན་ནུས་སོགས་མི་འདྲ་བའི་ལྟ་ཚུལ་ཡོད། མཚམས་སྦྱོར།  བོད་ཀྱི་ཕྱུགས་ནད་སྨན་རྫས་ནི་མཚོ་བོད་མཐོ་སྒང་དུ་ཐོན་པ་དང་ཁྱད་དུ་ཐོན་པའི་བོད་ཀྱི་ཕྱུགས་ནད་སྨན་བཅོས་བྱེད་པའི་སྨན་རྫས་རེད། བོད་ཀྱི་ཕྱུགས་ནད་སྨན་པས་སྒོ་ཕྱུགས་ཀྱི་ནད་རིགས་འགོག་བཅོས་བྱེད་པའི་སྨན་རྫས་ཕལ་ཆེར་ནི་རང་ས་ནས་ལེན་པ་པ་དང་། རང་ཉིད་ཀྱིས་འཚོལ་སྡུད།

རིགས་དབྱེ།   ཚན་རིགགསོ་རིག

མཆིན་འབུའི་ནད།

མཆིན་འབུ་དེ་མཆིན་པ་བརྒྱུད་ནས་འཁྲིས་སྦུབས་སུ་གནས་ཡོད་པ་དང་། མཆིན་འབུའི་ནད་ནི། གཟུགས་དབྱིབས་ལྕང་ལོ་དང་འདྲ་བ། ཁ་མདོག་སེར་སྐྱ་ཡིན། ནད་གཞི། མཆིན་འབུ་དེ་མཆིན་པ་བརྒྱུད་ནས་འཁྲིས་སྦུབས་སུ་གནས་ཡོད་པ་དང་། མཆིན་འབུའི་ནད་ནི། གཟུགས་དབྱིབས་ལྕང་ལོ་དང་འདྲ་བ། ཁ་མདོག་སེར་སྐྱ་ཡིན། མཆིན་འབུས་རྒྱུན་དུ་སྒོ་ང་འབོར་ཆེན་བཏང་སྟེ་འབུ་སྒོང་དང་མཁྲིས་ཁུ་ལྷན་དུ་རྒྱུ་ལམ་ནང་དུ་བཞུར་ནས་སླར་ཡང་བཤང་དངོས་དང་མཉམ་དུ་ཕྱི་རོལ་དུ་བཏང་རྗེས། ན་ཐང་དང་ཆུ་གཏིང་མི་ཟབ་སར་ལྷུང་ནས་སྲིན་བུ་སྤུ་ཅན་ཕྲུ་གུ་རུམ་ནས། ཆུ་འབུ་དུང་དཀར་གྱི་ལུས་ཕུང་ནང་དུ་ཡར་སྐྱེས་ནས་སྲིན་འབུ་མཇུག་མ་ཅན་ཕྲུ་གུར་གྱུར་བ་དང་། དེ་རྗེས་རིམ་བཞིན་ཆུ་འབུ་དུང་དཀར་གྱི་ལུས་ཕུང་ནས་ཕྱིར་འབུད་པ་དང་། དེ་ནས་སླར་ཡང་ཆུ་དང་རྩྭའི་ཐོག་ཏུ་འབྱར་ནས་སྲིན་བུ་

རིགས་དབྱེ།   ཚན་རིགགསོ་རིག

གློ་འབྲས།

གློ་འབྲས་ལ་གདོད་བྱུང་རང་བཞིན་གྱི་གློ་ཡུའི་ཡན་ལག་གི་གློ་འབྲས་ཀྱང་ཟེར། ཆེས་རྒྱུན་མཐོང་གི་གདོད་བྱུང་རང་བཞིན་གྱི་སྐྲན་ནག་ཅིག་ཡིན། སྤྱིར་བཏང་དུ་དུས་ཡུན་རིང་བོར་ཐ་མག་མང་དུ་འཐེན་པ་སྟེ། ཉིན་གཅིག་ལ་རྐང་གྲངས20དང་བསྟུད་མར་ལོ10ཡན་འཐེན་པ་ལ་འབྱུང་སླ། རྒྱ་ཡིག་གི་མིང་། 肺癌 རིགས་དབྱེ། གློ་ནད་ཀྱི་རིགས། རྒྱུ་རྐྱེན། གློ་འབྲས་ལ་གདོད་བྱུང་རང་བཞིན་གྱི་གློ་ཡུའི་ཡན་ལག་གི་གློ་འབྲས་ཀྱང་ཟེར། ཆེས་རྒྱུན་མཐོང་གི་གདོད་བྱུང་རང་བཞིན་གྱི་སྐྲན་ནག་ཅིག་ཡིན། སྤྱིར་བཏང་དུ་དུས་ཡུན་རིང་བོར་ཐ་མག་མང་དུ་འཐེན་པ་སྟེ། ཉིན་གཅིག་ལ་རྐང་གྲངས20དང་བསྟུད་མར་ལོ10ཡན་འཐེན་པ་ལ་འབྱུང་སླ།

རིགས་དབྱེ།   ཚན་རིགགསོ་རིག

གློ་བའི་ཁྲག་འཆག

གློ་བའི་ཁྲག་འཆག་ནི་སྙིང་ནད་སྣ་ཚོགས་ཀྱི་དབང་གིས་གློ་ཁྲག་སྙིང་དུ་ལོག་པར་འགོག་ཤུགས་ཐེབས་པའི་རྐྱེན་གྱིས་གློ་བའི་སྡོད་རྩའི་གནོན་ཤུགས་ཇེ་མཐོར་སོང་བ་དང་བསྟུན་ནས་རབ་དང་རིམ་པའི་ནད་རྟགས་བྱུང་བ་དང་། ཆེས་མཐོང་བ་ནི་སྙིང་འདབ་རྩེ་གཉིས་དོག་འགགས་སུ་གྱུར་པ་དེ་ཡིན། རྒྱ་ཡིག་གི་མིང་། 肺淤血 རིགས་དབྱེ། གློ་ནད་ཀྱི་རིགས། རྒྱུ་རྐྱེན། གློ་བའི་ཁྲག་འཆག་ནི་སྙིང་ནད་སྣ་ཚོགས་ཀྱི་དབང་གིས་གློ་ཁྲག་སྙིང་དུ་ལོག་པར་འགོག་ཤུགས་ཐེབས་པའི་རྐྱེན་གྱིས་གློ་བའི་སྡོད་རྩའི་གནོན་ཤུགས་ཇེ་མཐོར་སོང་བ་དང་བསྟུན་ནས་རབ་དང་རིམ་པའི་ནད་རྟགས་བྱུང་བ་དང་། ཆེས་མཐོང་བ་ནི་སྙིང་འདབ་རྩེ་གཉིས་དོག་འགགས་སུ་གྱུར་པ་དེ་ཡིན།

རིགས་དབྱེ།   ཚན་རིགགསོ་རིག

བྲང་སྐྱིའི་གཉན་ཚད།

བྲང་སྐྱིའི་གཉན་ཚད་ནི་བྲང་ཁོག་ནང་གཉན་ཚད་རྒྱས་ཏེ་ཆུ་སེར་དང་རྣག་བསགས་པའི་ནད་ཅིག་ཡིན་ལ། ནད་རིགས་མང་པོས་བསྐྱེད་པ་ཡིན་ཏེ། སྤྱིར་བཏང་གློ་ཚད་དང་གློ་བ་ཁེགས་ཤི། འབྲས་ནད། གློ་གཅོང་། རླུང་རླན་རང་བཞིན་གྱི་ཚིགས་གནད། གཤེར་རྨེན་ཚ་ནད། རྨས་སྐྱོན། དབུགས་ལམ་དང་ཡང་ན་གནས་གཞན་ནས་བྲང་སྐྱི་ལ་སླེབས་པའི་ཕོག་ཐུག་ཅན་གྱི་དངོས་པོ། སྨན་གྱི་ཞོར་སྐྱོན། དེ་བཞིན་ཟས་སྤྱོད་མི་འཚམ་པ་དང་ལུས་ཁམས་ཀྱི་ནད་འགོག་ནུས་ཤུགས་ཇེ་ཆུང་དུ་ཕྱིན་པ་སོགས་ཀྱིས་སློང་བ་ཡིན། རྒྱ་ཡིག་གི་མིང་།

རིགས་དབྱེ།   ཚན་རིགགསོ་རིག

སྙིང་ཆུའི་ནད།

སྙིང་ཆུའི་ནད་ནི་སྙིང་ཁམས་ལ་ཆུ་སེར་ཞུགས་ནས་དེའི་གྲུབ་ཆུའི་ཆ་ཤས་ལ་ནད་འགྱུར་བྱུང་བའི་ནད་ཅིག་ཡིན་ལ། སྤྱིར་བཏང་ཆམ་པ་སོགས་ཚ་བའི་ནད་སྙིང་ལ་ཞུགས་ཏེ་རིམ་བཞིན་ཆུ་སེར་བསགས་པ་ཡིན། རྒྱ་ཡིག་གི་མིང་། 心积水 རིགས་དབྱེ། སྙིང་རྩའི་ནད་རིགས། རྒྱུ་རྐྱེན། སྙིང་ཆུའི་ནད་ནི་སྙིང་ཁམས་ལ་ཆུ་སེར་ཞུགས་ནས་དེའི་གྲུབ་ཆུའི་ཆ་ཤས་ལ་ནད་འགྱུར་བྱུང་བའི་ནད་ཅིག་ཡིན་ལ། སྤྱིར་བཏང་ཆམ་པ་སོགས་ཚ་བའི་ནད་སྙིང་ལ་ཞུགས་ཏེ་རིམ་བཞིན་ཆུ་སེར་བསགས་པ་ཡིན། ནད་རྟགས། ནད་འདི་ཐོག་མར་ཞུགས་པའི་སྐབས་སུ་སྣ་སྦུབས་དང་གྲེ་བ་ཚ་ཞིང་ན་བ་དང་། གྲང་ཤུམ་བྱེད་པ།

རིགས་དབྱེ།   ཚན་རིགགསོ་རིག

པྲོག་རྩའི་སྙིང་ནད།

པྲོག་རྩའི་སྙིང་ནད་ལ་རྒྱུ་རྐྱེན་སྣ་ཚོགས་ཡོད་དེ། དཔེར་ན། ཁྲག་ཤེད་མཐོ་བ། ཚོ་ཆེ་བ། ཁྲག་ཞག་མཐོ་བ། གཅིན་སྙི་ཟ་ཁུ་སོགས་དང་། འཚོ་བ་རོལ་སྟངས་མི་ལེགས་པ་སྟེ་དུ་ཆང་ལ་རྒྱུན་དུ་རོལ་བ། སྣུམ་ཚིལ་དང་བཅུད་ཅན་གྱི་ཟས་སྐོམ་ཚུལ་མིན་དུ་བསྟེན་པ། འགུལ་སྐྱོད་དང་སྦྱོང་བརྡར་མི་བྱེད་པ། ཆང་བག་མེད་དུ་འཐུང་བ་དང་། གཞན་ཡང་རྟེན་ཕོ་མོ་དང་ན་ཚོད་ཆེ་ཆུང་། ཁྱིམ་རྒྱུད་སོགས་ལ་ཡང་འབྲེལ་བ་ཟབ་མོ་ཡོད། རྒྱ་ཡིག་གི་མིང་། 冠心病 རིགས་དབྱེ། སྙིང་རྩའི་ནད་རིགས། རྒྱུ་རྐྱེན།

རིགས་དབྱེ།   ཚན་རིགགསོ་རིག

ཀླད་ཁྲག་ཤོར་བ།

ཀླད་ཁྲག་ཤོར་བ་ནི་ཀླད་པར་ཁྲག་ཤོར་བ་དང་། ཀླད་ཟམ་དུ་ཁྲག་ཤོར་བ། ཀླད་སྙིང་དུ་ཁྲག་ཤོར་བ་བཅས་ལ་ཟེར་ཏེ། ནད་དེ་མང་ཆེ་བ་ལོ་ན་ལྔ་བཅུ་ཡན་ལ་སོན་པའི་ཁྲག་གི་གནོན་ཤུགས་མཐོ་བའི་ནད་པར་ཕོག་པ་ཡིན། ཁྲག་གི་གནོན་ཤུགས་མཐོ་ཞིང་འཕར་རྩ་མཁྲེགས་པོར་གྱུར་པའི་ཁར། གློ་བུར་དུ་ཁྲག་གི་གནོན་ཤུགས་འཕར་ཏེ་འཕར་རྩའི་སྦུབས་ལྡེབས་ཀྱིས་བཟོད་མི་ནུས་པའི་ཚད་གཞིར་སླེབས་སྐབས། འཕར་རྩ་གས་རྡོལ་བྱུང་ནས་ཁྲག་དེ་ཀླད་པའི་ནང་ཤོར་བ་ཡིན། རྒྱ་ཡིག་གི་མིང་། 脑溢血 རིགས་དབྱེ། ཀླད་པ་དང་དབང་རྩའི་ནད་རིགས། རྒྱུ་རྐྱེན། ཀླད་ཁྲག་ཤོར་བ་ནི་ཀླད་པར་ཁྲག་ཤོར་བ་དང་། ཀླད་ཟམ་དུ་ཁྲག་ཤོར་བ། ཀླད་སྙིང་དུ་ཁྲག་ཤོར་བ་བཅས་ལ་ཟེར་ཏེ། ནད་དེ་མང་ཆེ་བ་ལོ་ན་ལྔ་བཅུ་ཡན་ལ་སོན་པའི་ཁྲག་གི་གནོན་ཤུགས་མཐོ་བའི་ནད་པར་ཕོག་པ་ཡིན། ཁྲག་གི་གནོན་ཤུགས་མཐོ་ཞིང་འཕར་རྩ་མཁྲེགས་པོར་གྱུར་པའི་ཁར། གློ་བུར་དུ་ཁྲག་གི་གནོན་ཤུགས་འཕར་ཏེ་འཕར་རྩའི་སྦུབས་ལྡེབས་ཀྱིས་བཟོད་མི་ནུས་པའི་ཚད་གཞིར་སླེབས་སྐབས། འཕར་རྩ་གས་རྡོལ་

རིགས་དབྱེ།   ཚན་རིགགསོ་རིག

མིག་ནད་ལིང་ཏོག

ལིང་ཏོག་ཟེར་བ་ནི་མིག་གི་སྤྱིན་སྐྱིའི་སྟེང་དུ་རྔ་ངན་སྐྱ་ཐིག་ཅན་དོན་ནས་གཉན་ཁ་རྒྱས་པའི་ནད་ཅིག་ཡིན། དེའི་རྒྱུ་རྐྱེན་ནི་མིག་ཆུ་དང་མཆི་མའི་སྣོད་ཚད་ཀྱི་ནད་ཕོག་པ། དེ་མིན་མིག་ལ་རྨས་སྐྱོན་ཕོག་པའི་སྐབས་སུ་དུས་ཐོག་ཏུ་སྨན་བཅོས་མ་བྱུང་བ་དང་། ཟས་སྤྱོད་མི་འཚམ་སོགས་ཀྱིས་སློང་བ་ཡིན། རྒྱ་ཡིག་གི་མིང་། 白翳 རིགས་དབྱེ། དབང་པོའི་ནད་རིགས། རྒྱུ་རྐྱེན། ལིང་ཏོག་ཟེར་བ་ནི་མིག་གི་སྤྱིན་སྐྱིའི་སྟེང་དུ་རྔ་ངན་སྐྱ་ཐིག་ཅན་དོན་ནས་གཉན་ཁ་རྒྱས་པའི་ནད་ཅིག་ཡིན། དེའི་རྒྱུ་རྐྱེན་ནི་མིག་ཆུ་དང་མཆི་མའི་སྣོད་ཚད་ཀྱི་ནད་ཕོག་པ།

རིགས་དབྱེ།   ཚན་རིགགསོ་རིག

ཀླད་སྐྱོན་གྱིས་མགོ་ན་བ།

ཀླད་སྐྱོན་གྱིས་མགོ་ན་བ་ནི་ཀླད་པར་རྣག་སྐྲན་དང་ཁྲག་སྐྲན། སྲིན་སྲན། ཆུ་སྐྲན། འབྲས་ནད་སོགས་བྱུང་བའི་སྐྱོན་གྱིས་མགོ་ན་བ་ཞིག་ཡིན། རིགས་དབྱེ། ཀླད་པ་དང་དབང་རྩའི་ནད་རིགས། རྒྱུ་རྐྱེན། ཀླད་སྐྱོན་གྱིས་མགོ་ན་བ་ནི་ཀླད་པར་རྣག་སྐྲན་དང་ཁྲག་སྐྲན། སྲིན་སྲན། ཆུ་སྐྲན། འབྲས་ནད་སོགས་བྱུང་བའི་སྐྱོན་གྱིས་མགོ་ན་བ་ཞིག་ཡིན། ནད་རྟགས། མགོ་བོར་རྒྱུན་མཐུད་ནས་ན་ཟུག་ཛ་དྲག་པོ་གཏོང་བ་དང་། གློ་ལུ་དང་མགོ་བོ་སྒུར་བ། སྦྲིད་པ་རྒྱག་པ་སོགས་ཀྱི་སྐབས་སུ་དེ་བས་ན་ཟུག་གཏོང་བ།

རིགས་དབྱེ།   ཚན་རིགགསོ་རིག

དྲི་ཆུར་ཁྲག་འདྲེས་པ།

དྲི་ཆུར་ཁྲག་འདྲེས་པ་ནི་ཆུའི་ནང་དུ་ཕྲ་ཕུང་དམར་པོ་ཕྱིར་འབུད་ཚད་མང་དུ་བྱུང་བ་ལ་ཟེར་བ་དང་། སྤྱིར་བཏང་དུ་མིག་མཐོང་ཆུ་ཁྲག་དང་ཤེལ་འོག་ཆུ་ཁྲག་གཉིས་སུ་དབྱེ་ཡོད། མིག་མཐོང་ཆུ་ཁྲག་ནི་སྤྱིར་བཏང་དུ་ཤ་བཀྲུས་པའི་ཆུ་འདྲ་བ་དང་། སྐབས་རེར་ཁྲག་རྡོག་འདྲེས་པ་ཡིན། ཤེལ་འོག་ཆུ་ཁྲག་ནི་དྲི་ཆུ་ལ་ཕྱི་ངོས་ནས་བལྟས་ཚེ་རྒྱུན་ལྡན་ཡིན་ཡང་། ཕྲ་མཐོང་མེ་ཤེལ་འོག་ཏུ་ཕྲ་ཕུང་དམར་པོ་མཐོང་ཐུབ་པ་ལ་ཟེར་བ་ཡིན། རྒྱ་ཡིག་གི་མིང་། 小便带血 རིགས་དབྱེ། མཁལ་མའི་ནད་རིགས། རྒྱུ་རྐྱེན། དྲི་ཆུར་ཁྲག་འདྲེས་པ་ནི་ཆུའི་ནང་དུ་ཕྲ་ཕུང་དམར་པོ་ཕྱིར་འབུད་ཚད་མང་དུ་བྱུང་བ་ལ་ཟེར་བ་དང་། སྤྱིར་བཏང་དུ་མིག་མཐོང་ཆུ་ཁྲག་དང་ཤེལ་འོག་ཆུ་ཁྲག་གཉིས་སུ་དབྱེ་ཡོད།

རིགས་དབྱེ།   ཚན་རིགགསོ་རིག

མཁྲིས་སྣོད་ཚ་ནད།

མཁྲིས་སྣོད་ཚ་ནད་ཟེར་བ་ནི་མཁྲིས་ཁུ་བཞུར་སའི་རྩའི་བུ་ག་སྲིན་བུ་དང་རྡེའུ་སྐྲན་སོགས་ཀྱིས་འགགས་ནས་མཁྲིས་པ་རྒྱུན་ལྡན་ལྟར་ཟགས་ཐོན་བྱེད་པར་འགོག་རྐྱེན་ཐེབས་ཏེ་ཚ་བ་ཞུགས་ནས་གཉན་ཁ་རྒྱས་པའི་ནད་ཅིག་ཡིན་ལ། སྤྱིར་བཏང་སྣུམ་བཅུད་ཆེ་བའི་ཟས་སྐོམ་དང་ཚ་སྐྱུར་གྱི་རིགས་བསྟེན་དྲགས་པ་དང་། སྤྱོད་ལམ་མི་འཚམ་པ། ལུས་ཁམས་འཁྲུགས་པ་སོགས་ཀྱིས་ཀྱང་སློང་བ་ཡིན། རྒྱ་ཡིག་གི་མིང་། 胆囊炎 རིགས་དབྱེ། མཆིན་མཁྲིས་ཀྱི་ནད་རིགས། རྒྱུ་རྐྱེན། མཁྲིས་སྣོད་ཚ་ནད་ཟེར་བ་ནི་མཁྲིས་ཁུ་བཞུར་སའི་རྩའི་བུ་ག་སྲིན་བུ་དང་རྡེའུ་སྐྲན་སོགས་ཀྱིས་འགགས་ནས་མཁྲིས་པ་རྒྱུན་ལྡན་ལྟར་ཟགས་ཐོན་བྱེད་པར་འགོག་རྐྱེན་ཐེབས་ཏེ་ཚ་བ་ཞུགས་ནས་གཉན་ཁ་རྒྱས་པའི་ནད་ཅིག་ཡིན་ལ།

རིགས་དབྱེ།   ཚན་རིགགསོ་རིག

མྱུར་གཤིས་མཁལ་ཕོར་མཁལ་ཚད།

མཁལ་ཕོར་མཁལ་ཚད་ནི་གཅིན་ལམ་རེད་པའི་ཆེས་རྒྱུན་མཐོང་གི་ནད་ཅིག་ཡིན། གཅིག་ལམ་རེད་པ་ལ་གཅིན་ལམ་གོང་མ་རེད་པ་དང་གཅིན་ལམ་འོག་མ་རེད་པ་གཉིས་ཡོད། གཅིན་ལམ་འོག་མ་རེད་པ་ནི་ཁེར་རྐྱང་དུ་འབྱུང་ལ། གཅིན་ལམ་གོང་མ་རེད་པ་ནི་གཅིན་ལམ་འོག་མ་རེད་པ་དང་མཉམ་དུ་འབྱུང་བ་ཡིན། ནད་འདི་བུད་མེད་ལོ་ཉི་ཤུ་ནས་བཞི་བཅུ་མཚམས་སུ་འབྱུང་བ་ཡིན། ནད་ཀྱི་འཇུག་ལམ་ནི་ཐོག་མར་གཅིན་ཁ་ནས་ལྒང་བའི་ནང་དུ་འཇུག་སྟེ་ལྒང་བའི་ཚ་ནད་བསྐྱེད་པ་དང་། དེ་ནས་གྱེན་དུ་གཅིན་འདྲེན་སྦུ་གུ་ནས་མཁལ་མར་བྱེར་ཏེ། མཁལ་ཕོར་མཁལ་ཚད་བསྐྱེད་པ་ཡིན། རྒྱ་ཡིག་གི་མིང་།

རིགས་དབྱེ།   ཚན་རིགགསོ་རིག

གློ་བ་རེང་འགགས།

གློ་བ་རེང་འགགས་ནི་གློ་སྙིང་གི་རྩ་ནད་ཁྲོད་མཐོང་རྒྱུ་མང་བའི་མྱུར་ནད་ཅིག་ཡིན། སྡོད་རྩའམ་གཡས་ཕྱོགས་སྙིང་ཁོག་ནང་གི་ཁྲག་འཆག་ལྷུང་སྟེ་གློ་བའི་འཕར་རྩའི་ནང་བཞུར་ཏེ་བྱུང་བ་ཡིན། ཁྲག་འཆག་ཕལ་ཆེར་རྐང་པའི་སྡོད་རྩ་དང་ཚང་ཁོག་གི་སྡོད་རྩ་ལས་བྱུང་བ་དང་། ཡང་ན་སྙིང་ཁང་འདར་འགུལ་གྱི་ནད་པར་བྱུང་བ་མང་། ནད་པ་མང་ཆེ་བ་ཡུན་རིང་མལ་སར་ཉལ་བ་དང་ཡང་ན་གཤག་བཅོས་ཀྱི་རྗེས་སུ་གཅིན་སྙིའི་ནད་དང་སྡོད་རྩ་འཁྱོག་རྒྱས་བྱུང་བའི་ལོ་རྒྱུས་ཡོད། རྒྱ་ཡིག་གི་མིང་། 肺栓塞 རིགས་དབྱེ། གློ་ནད་ཀྱི་རིགས། རྒྱུ་རྐྱེན། གློ་བ་རེང་འགགས་ནི་གློ་སྙིང་གི་རྩ་ནད་ཁྲོད་མཐོང་རྒྱུ་མང་བའི་མྱུར་ནད་ཅིག་ཡིན། སྡོད་རྩའམ་གཡས་ཕྱོགས་སྙིང་ཁོག་ནང་གི་ཁྲག་འཆག་ལྷུང་སྟེ་གློ་བའི་འཕར་རྩའི་ནང་བཞུར་ཏེ་བྱུང་བ་ཡིན།

རིགས་དབྱེ།   ཚན་རིགགསོ་རིག

དལ་གཤིས་གློ་ཡུའི་ཡན་ལག་ཧར་འཚང་གློ་བུར་དུ་ལྡང་བ།

གློ་ཡུའི་ཡན་ལག་ཧར་འཚང་ལ་ཧར་ཚང་ཞེས་ཀྱང་ཟེར། དེ་ནི་དབུགས་ལམ་གྱི་དལ་གཤིས་འབྱུང་འགྱུར་རང་བཞིན་གྱི་ཚ་བའི་ནད་ཅིག་ཡིན། ནད་རྟགས་སུ་ཡང་ཡང་དུ་གློ་ལུ་བ་དང་། རོ་སྟོད་བརྒྱངས་པ་དང་དབུགས་འཚང་བ་ཡིན། གསོ་བཅོས་བྱེད་ན་དྲག་པའམ་ཡང་ན་རང་བཞིན་གྱིས་ཞི་ཞིང་བདེ་བར་འགྲོ་བ་ཡིན། རིགས་དབྱེ། གློ་ནད་ཀྱི་རིགས། རྒྱུ་རྐྱེན། གློ་ཡུའི་ཡན་ལག་ཧར་འཚང་ལ་ཧར་ཚང་ཞེས་ཀྱང་ཟེར། དེ་ནི་དབུགས་ལམ་གྱི་དལ་གཤིས་འབྱུང་འགྱུར་རང་བཞིན་གྱི་ཚ་བའི་ནད་ཅིག་ཡིན། ནད་རྟགས་སུ་ཡང་ཡང་དུ་གློ་ལུ་བ་དང་། རོ་སྟོད་བརྒྱངས་པ་དང་དབུགས་འཚང་བ་ཡིན།

རིགས་དབྱེ།   ཚན་རིགགསོ་རིག

ཁོག་པ་བཤལ་བ།

ཁོག་པ་བཤལ་བ་ནི་ཆེས་རྒྱུན་མཐོང་གི་ནད་རྟགས་ཤིག་ཡིན་ལ། ན་ཡུན་ཟླ་བ་གཉིས་ཡན་ནམ། ཡང་ན་མཚམས་ཆད་དེ་བདུན་གཉིས་ནས་བཞིའི་ནང་ཡང་ཡང་དུ་ཁོག་པ་བཤལ་ན། དེ་ལ་དལ་གཤིས་རང་བཞིན་གྱི་ཁོག་པ་བཤལ་བ་ཟེར། ནད་ཀྱི་རྒྱུ་རྐྱེན་མི་འདྲ་བར་བརྟེན་ནས་ནད་རྟགས་ཀྱང་མི་འདྲ་བ་སྣ་ཚོགས་སྟོན་ལ། བཅོས་ཐབས་ཀྱང་མི་འདྲ་བ་རེ་རེ་ཡོད། གཙོ་བོ་གཅིན་སྙི་ཟ་ཁུའི་ནད་དང་ཨོལ་རྨེན་གྱི་ནུས་པ་ཚད་བརྒལ། དལ་གཤིས་རང་བཞིན་གྱི་མཁལ་མའི་ནུས་པ་ཞན་པ། མཆིན་མཁྲིས་དང་གཤེར་རྨེན་གྱི་ནད་རིགས་དཔེར་ན་མཆིན་ཚད་དང་མཆིན་པ་སྲ་འགྱུར། མཆིན་འབྲས། གཤེར་རྨེན་ཚ་ནད་དང་གཤེར་རྨེན་འབྲས་ནད།

རིགས་དབྱེ།   ཚན་རིགགསོ་རིག

རྒྱུ་འབུའི་ནད།

ནད་འདི་ཟས་སྐོམ་སོགས་ལ་ནད་འགོས་པའམ་བཙོག་པ་ཐེབས་པའི་རིགས་བསྟེན་པ་ལས་བྱུང་བའི་སྲིན་ནད་ཅིག་ཡིན་པ་སྟེ། རྒྱུ་འབུའི་ནད་འདི་ཅུང་རྒྱུན་མཐོང་ཡིན། རྒྱུ་འབུ་ལ་རིགས་མང་ཡང་གཙོ་བོ་གྲོལ་འབུ་དང་བཤང་འབུ་གཉིས་རྒྱུན་མཐོང་ཡིན། རྒྱ་ཡིག་གི་མིང་། 肠虫 རིགས་དབྱེ། འཇུ་བྱེད་མ་ལག་གི་ནད་རིགས། རྒྱུ་རྐྱེན། ནད་འདི་ཟས་སྐོམ་སོགས་ལ་ནད་འགོས་པའམ་བཙོག་པ་ཐེབས་པའི་རིགས་བསྟེན་པ་ལས་བྱུང་བའི་སྲིན་ནད་ཅིག་ཡིན་པ་སྟེ། རྒྱུ་འབུའི་ནད་འདི་ཅུང་རྒྱུན་མཐོང་ཡིན། རྒྱུ་འབུ་ལ་རིགས་མང་ཡང་གཙོ་བོ་གྲོལ་འབུ་དང་བཤང་འབུ་གཉིས་རྒྱུན་མཐོང་ཡིན། ནད་རྟགས།

རིགས་དབྱེ།   ཚན་རིགགསོ་རིག

ལོང་ནད་ཚ་བ།

ནད་འདི་ནི་རྒྱུ་རྐྱེན་མི་གསལ་བའི་གཞང་དང་ལོང་གའི་དལ་གཤིས་ཀྱི་གཉན་ཚད་ཅིག་ཡིན། མིག་སྔར་སྤྱིར་བཏང་དུ་ནད་འདིའི་བྱུང་ཚུལ་དང་རིམས་ཐར་རྒྱུན་ལྡན་མིན་པ་ལ་འབྲེལ་བ་ཡོད་པ་དང་། རང་ལུས་ཀྱི་རིམས་ཐར་རང་བཞིན་གྱི་ནད་རིགས་ཤིག་ཡིན་པར་འདོད་ཀྱིན་ཡོད། ཡང་ན་འགྱུར་རྣམ་འགྱུར་བྱུང་དང་རྒྱུད་འདེད་ཀྱི་རྒྱུ་ཆ་དང་འབྲེལ་བ་ཡོད། ནད་འདི་ན་ཚོད་གང་དུ་ཡང་འབྱུང་བ་དང་ཕལ་ཆེར་དར་མ་ལ་འབྱུང་བ་ཡིན། རྒྱ་ཡིག་གི་མིང་། 大肠炎 རིགས་དབྱེ། འཇུ་བྱེད་མ་ལག་གི་ནད་རིགས། རྒྱུ་རྐྱེན། ནད་འདི་ནི་རྒྱུ་རྐྱེན་མི་གསལ་བའི་གཞང་དང་ལོང་གའི་དལ་གཤིས་ཀྱི་གཉན་ཚད་ཅིག་ཡིན། མིག་སྔར་སྤྱིར་བཏང་དུ་ནད་འདིའི་བྱུང་ཚུལ་དང་རིམས་ཐར་རྒྱུན་ལྡན་མིན་པ་ལ་འབྲེལ་བ་ཡོད་པ་དང་། རང་ལུས་ཀྱི་རིམས་ཐར་རང་བཞིན་གྱི་ནད་རིགས་ཤིག་ཡིན་པར་

རིགས་དབྱེ།   ཚན་རིགགསོ་རིག

ལོང་འབྲས།

ལོང་འབྲས་ནི་རྒྱུན་མཐོང་གི་སྡུག་ཅན་སྐྲངས་འབྲས་ཤིག་ཡིན། དེའི་རྒྱུ་རྐྱེན་གསལ་བོ་མི་ཤེས། ཕལ་ཆེར་རྒྱུ་རྐྱེན་འདི་དག་ལ་འབྲེལ་བ་ཡོད་པ་སྟེ། གཅིག་ནི་ཟས་སྐོམ་མི་འཚམ་པ་ཟོས་པ་དང་། ཚི་སྣའི་ཟས་སྐོམ་ཟོས་ཉུང་བ་དང་། ཞག་ཚིལ་གྱི་རིགས་ཟོས་མང་བ་སོགས་དང་། གཉིས་པ་ནི་ལོང་ཀར་ཤ་མཛེར་སྐྱེས་པའི་ལོ་རྒྱུས་ཡོད་པ། གསུམ་ནི་དལ་གཤིས་ལོང་ཀའི་ཚ་ནད་འབྲས་ནད་དུ་འགྱུར་བ། བཞི་ནི་འབྲས་སྐྱེད་དངོས་པོ། ཟེ་ཨེན་ཕལ་བའི་རིགས་ཀྱི་འདྲེས་སྦྱོར་དངོས་རྫས་གཙོ་བྱས་པ་སོགས་ཡིན། རིགས་དབྱེ། འཇུ་བྱེད་མ་ལག་གི་ནད་རིགས། རྒྱུ་རྐྱེན། ལོང་འབྲས་ནི་རྒྱུན་མཐོང་གི་སྡུག་ཅན་སྐྲངས་འབྲས་ཤིག་ཡིན། དེའི་རྒྱུ་རྐྱེན་གསལ་བོ་མི་ཤེས།

རིགས་དབྱེ།   ཚན་རིགགསོ་རིག

སོ་ནད།

སོ་ནད་ཅེས་པ་ནི་རྒྱུན་མཐོང་གི་ནད་ཅིག་ཡིན་ལ། དེར་སོ་སྲིན་གྱི་ནད་དང་སོ་རྐང་གི་ནད། སོ་རྙིལ་གྱི་ནད་བཅས་ཡོད་ལ། སོ་སྲིན་ནི་ཟས་རོ་མངར་བ་དང་སྐྱུར་བའི་རིགས་བསྟེན་དྲགས་པའམ་གཙང་སྦྲ་བཟང་བོ་མ་བྱས་པའི་རྐྱེན་གྱིས་སོ་རུལ་ནས་གས་ཆག་ཏུ་གྱུར་པ་དང་། སོ་རྐང་གི་ནད་ནི་སོའི་ནང་དཀྱིལ་གྱི་རྐང་ལ་གཉན་ཁ་རྒྱས་པ་ཡིན། རིགས་དབྱེ། དབང་པོའི་ནད་རིགས། རྒྱུ་རྐྱེན། སོ་ནད་ཅེས་པ་ནི་རྒྱུན་མཐོང་གི་ནད་ཅིག་ཡིན་ལ། དེར་སོ་སྲིན་གྱི་ནད་དང་སོ་རྐང་གི་ནད། སོ་རྙིལ་གྱི་ནད་བཅས་ཡོད་ལ། སོ་སྲིན་ནི་ཟས་རོ་མངར་བ་དང་སྐྱུར་བའི་རིགས་བསྟེན་དྲགས་པའམ་གཙང་སྦྲ་བཟང་བོ་མ་བྱས་པའི་རྐྱེན་གྱིས་སོ་རུལ་ནས་གས་ཆག་ཏུ་གྱུར་པ་དང་། སོ་རྐང་གི་ནད་ནི་སོའི་ནང་དཀྱིལ་གྱི་རྐང་ལ་གཉན་ཁ་རྒྱས་པ་ཡིན། ནད་རྟགས།

རིགས་དབྱེ།   ཚན་རིགགསོ་རིག

རྣ་བར་གཉན་ཁ་རྒྱས་པ།

རྣ་བར་གཉན་ཁ་རྒྱས་པ་ནི་རྣ་བའི་བར་རྣར་གཉན་ཁ་རྒྱས་པའི་ནད་ཅིག་ཡིན། དེའི་རྒྱུ་རྐྱེན་ནི་ལུག་ཤ་དང་ཆང་རག་སོགས་ཟས་སྐོམ་ཚ་སྐྱུར་རིགས་བསྟེན་དྲགས་པ་དང་། རྣ་བར་བཙོག་པ་ཤོར་བ། ལྷག་ཏུ་ཆམ་པ་དང་རིམས་ཚད་སོགས་ཀྱི་ནད་དུག་རྣ་གྲེ་དང་སྣའི་བུ་ག་བརྒྱུད་དེ་བར་རྣར་ཁྱབ་རྗེས་སློང་བ་ཡིན། རིགས་དབྱེ། དབང་པོའི་ནད་རིགས། རྒྱུ་རྐྱེན། རྣ་བར་གཉན་ཁ་རྒྱས་པ་ནི་རྣ་བའི་བར་རྣར་གཉན་ཁ་རྒྱས་པའི་ནད་ཅིག་ཡིན། དེའི་རྒྱུ་རྐྱེན་ནི་ལུག་ཤ་དང་ཆང་རག་སོགས་ཟས་སྐོམ་ཚ་སྐྱུར་རིགས་བསྟེན་དྲགས་པ་དང་། རྣ་བར་བཙོག་པ་ཤོར་བ།

རིགས་དབྱེ།   ཚན་རིགགསོ་རིག

མིག་ཆུའི་ནད།

མིག་ཆུའི་ནད་ནི་མིག་ལྕིབས་ནང་ངོས་ཀྱི་འབྲེལ་སྐྱིའི་ཐོག་ཏུ་འབྲུམ་ཐོར་དོན་ནས་གཉན་ཁ་རྒྱས་པའི་ནད་ཅིག་ཡིན་ལ། སློང་རྐྱེན་གཙོ་བོ་ནི་མིག་ཆུའི་ནད་པ་དང་འབྲེལ་འདྲིས་བྱས་པ་དང་། འབུ་ཕྲ་འགོས་ཁྱབ་བྱུང་བ། ཟས་སྐོམ་ཚ་སྐྱུར་གྱི་རིགས་བསྟེན་དྲགས་པ་ལས་བསླངས་པ་ཡིན། རྒྱ་ཡིག་གི་མིང་། 沙眼 མིང་གཞན། མིག་རིམས། རིགས་དབྱེ། དབང་པོའི་ནད་རིགས། རྒྱུ་རྐྱེན། མིག་ཆུའི་ནད་ནི་མིག་ལྕིབས་ནང་ངོས་ཀྱི་འབྲེལ་སྐྱིའི་ཐོག་ཏུ་འབྲུམ་ཐོར་དོན་ནས་གཉན་ཁ་རྒྱས་པའི་ནད་ཅིག་ཡིན་ལ། སློང་རྐྱེན་གཙོ་བོ་ནི་མིག་ཆུའི་ནད་པ་དང་འབྲེལ་འདྲིས་བྱས་པ་དང་། འབུ་ཕྲ་འགོས་ཁྱབ་བྱུང་བ།

རིགས་དབྱེ།   ཚན་རིགགསོ་རིག

མིག་ཚག་གི་ནད།

མིག་ཚག་གི་ནད་ནི་མིག་གི་འབྲེལ་སྐྱིར་གཉན་ཁ་རྒྱས་ནས་དམར་པོར་ཆགས་པའི་ནད་ཅིག་ཡིན་ལ། ནད་དེ་གཙོ་བོ་ནད་དུག་དང་འབུ་ཕྲ་སོགས་ཀྱིས་གནོད་པ་དང་། ལུག་ཤ་དང་ཆང་རག་སོགས་ཟས་སྐོམ་ཚ་སྐྱུར་གྱི་རིགས་བསྟེན་དྲགས་པ། མེ་ཉིར་བསྲོས་དྲགས་པ་སོགས་ཀྱིས་སློང་བ་ཡིན། རྒྱ་ཡིག་གི་མིང་། 火眼 མིང་གཞན། དམར་ཚག རིགས་དབྱེ། དབང་པོའི་ནད་རིགས། རྒྱུ་རྐྱེན། མིག་ཚག་གི་ནད་ནི་མིག་གི་འབྲེལ་སྐྱིར་གཉན་ཁ་རྒྱས་ནས་དམར་པོར་ཆགས་པའི་ནད་ཅིག་ཡིན་ལ། ནད་དེ་གཙོ་བོ་ནད་དུག་དང་འབུ་ཕྲ་སོགས་ཀྱིས་གནོད་པ་དང་། ལུག་ཤ་དང་ཆང་རག་སོགས་ཟས་སྐོམ་ཚ་སྐྱུར་གྱི་རིགས་བསྟེན་དྲགས་པ།

རིགས་དབྱེ།   ཚན་རིགགསོ་རིག

གཞང་འབྲས།

གཞང་འབྲས་ནི་འཇུ་བྱེད་ལམ་དུ་བྱུང་བའི་རྒྱུན་མཐོང་གི་སྡུག་ཅན་སྐྲངས་འབྲས་ཤིག་ཡིན། བརྒྱ་ཆའི་བདུན་ཅུ་ནི་གཞང་སྟོད་ཀྱི་སུམ་ཆའི་གཅིག་དང་། གཞང་དང་གཉེ་མའི་འབྲེལ་མཚམས་ཀྱི་ཁ་འཁོར་དུ་བྱུང་བ་དང་། མང་ཆེ་བ་ནི་ལོ་སུམ་བཅུ་ནས་བདུན་བཅུ་ལ་འབྱུང་བ་ཡིན། རིགས་དབྱེ། འཇུ་བྱེད་མ་ལག་གི་ནད་རིགས། རྒྱུ་རྐྱེན། གཞང་འབྲས་ནི་འཇུ་བྱེད་ལམ་དུ་བྱུང་བའི་རྒྱུན་མཐོང་གི་སྡུག་ཅན་སྐྲངས་འབྲས་ཤིག་ཡིན། བརྒྱ་ཆའི་བདུན་ཅུ་ནི་གཞང་སྟོད་ཀྱི་སུམ་ཆའི་གཅིག་དང་། གཞང་དང་གཉེ་མའི་འབྲེལ་མཚམས་ཀྱི་ཁ་འཁོར་དུ་བྱུང་བ་དང་། མང་ཆེ་བ་ནི་ལོ་སུམ་བཅུ་ནས་བདུན་བཅུ་ལ་འབྱུང་བ་ཡིན།

རིགས་དབྱེ།   ཚན་རིགགསོ་རིག

གསུས་སྐྱིའི་གཉན་ཚད།

དར་ཤའམ་གསུས་སྐྱིའི་གཉན་ཚད་ནི་གསུས་པའི་སྐྱི་ཁོག་ལ་ཚ་བ་ཞུགས་ནས་གཉན་ཁ་རྒྱས་ཏེ་ཆུ་སེར་བསགས་པའི་ནད་ཅིག་ཡིན། རྒྱ་ཡིག་གི་མིང་། 腹膜炎 རིགས་དབྱེ། འཇུ་བྱེད་མ་ལག་གི་ནད་རིགས། རྒྱུ་རྐྱེན། དར་ཤའམ་གསུས་སྐྱིའི་གཉན་ཚད་ནི་གསུས་པའི་སྐྱི་ཁོག་ལ་ཚ་བ་ཞུགས་ནས་གཉན་ཁ་རྒྱས་ཏེ་ཆུ་སེར་བསགས་པའི་ནད་ཅིག་ཡིན། ནད་རྟགས། གསུས་པའི་ཁྱོན་ཡོངས་ལ་ན་ཟུག་གཏོང་བ་དང་། གནོན་ཟུག་དང་གློད་ཟུག་གཉིས་ཀ་ཡོད་པ། ཁོག་པ་སྦོས་པ། སྐབས་འགར་ཁོག་པ་བཤལ་བ་དང་། སྐབས་འགར་བཤང་བ་འགགས་པ། རྟག་པར་ཚ་བ་རྒྱག་པ་དང་། མཚན་མོར་མལ་སའི་ནང་རྔུལ་ནག་འབྱུང་བ། ནད་ཡུན་རིང་བ། ཤ་སྐམ་པ་དང་གདོང་མདངས་ཉམས་པ།

རིགས་དབྱེ།   ཚན་རིགགསོ་རིག

མིད་པའི་འབྲས་ནད།

མིད་པའི་འབྲས་ནད་ནི་མིད་པ་དང་ཕོ་བའི་མཚམས་སུ་འབྲས་ནད་བྱུང་སྟེ་མཐར་ཟས་སྐོམ་གང་ཡང་མིད་མི་ཐུབ་པའི་ནད་ཅིག་ཡིན་ལ། ནད་འདིའི་རྒྱུ་རྐྱེན་མིག་སྔར་གསལ་བོར་ཤེས་མེད་ཅིང་། ཕལ་ཆེར་ཟས་གྱོང་པོ་དང་མཁྲེགས་པོ། ཚ་བོ་སོགས་ཀྱིས་མིད་པ་རྨས་པ་དང་། ཆང་རྒན་སྐྱུར་པོ་དང་རྗེན་པ་སོགས་ཀྱིས་མིད་པར་གནོད་པ་སོགས་ཀྱིས་སློང་བ་ཡིན། རྒྱ་ཡིག་གི་མིང་། 噎嗝 རིགས་དབྱེ། འཇུ་བྱེད་མ་ལག་གི་ནད་རིགས། རྒྱུ་རྐྱེན། མིད་པའི་འབྲས་ནད་ནི་མིད་པ་དང་ཕོ་བའི་མཚམས་སུ་འབྲས་ནད་བྱུང་སྟེ་མཐར་ཟས་སྐོམ་གང་ཡང་མིད་མི་ཐུབ་པའི་ནད་ཅིག་ཡིན་ལ། ནད་འདིའི་རྒྱུ་རྐྱེན་མིག་སྔར་གསལ་བོར་ཤེས་མེད་ཅིང་། ཕལ་ཆེར་ཟས་གྱོང་པོ་དང་མཁྲེགས་པོ།

རིགས་དབྱེ།   ཚན་རིགགསོ་རིག

ཕྱིད་རྨ།

གྲང་ངར་ཆེ་བའི་ཁོར་ཡུག་ཁྲོད་དུ། མི་རྣམས་ཀྱིས་གལ་ཏེ་དགོས་ངེས་ཀྱི་གྲང་ངར་འགོག་པའི་ཐབས་ཤེས་མ་སྤྱད་ཚེ། འཁྱགས་པས་ཕྱིད་འགྲོ་བ་ཡིན། ཕྱིད་རྨ་ནི་ལུས་པོ་ཡོངས་ལ་འབྱུང་ཡང་སྲིད། མང་ཆེ་བ་ནི་བསམ་ཡིད་ལས་འདས་པའི་དོན་རྐྱེན་ལས་འབྱུང་བ་ཡིན། དཔེར་ན། ཆང་གིས་བཟི་བ། བཀྲེས་སྐོམ་བྱུང་བ། མགོ་འཐོམས་པ། ངལ་དུབ་བྱུང་བ། ཐོལ་བྱུང་གི་རྨ་ནད་སོགས་ཡོད། ཡིན་ཡང་རྒྱུན་མཐོང་གི་ཕྱིད་རྨ་ནི་ལག་མཛུབ་དང་། རྐང་མཛུབ། ལག་རྒྱབ། རྐང་རྒྱབ། རྣ་མཆོག སྣ་རྩེ་སོགས་ལ་འབྱུང་བ་དང་། གནས་འདི་དག་ནི་ཡན་ལག་གི་མཇུག་སྣེ་རུ་གནས་པ་དང་། ཁྲག་གི་རྒྱུ་བ་དལ་བ་དང་། གྱོན་པའི་ཕྱིར་བུད་པ་རྣམས་དྲོད་ཡལ་སླ་བ་དང་། གྲང་ངར་གྱིས་བདས་སླ་བས་ཕུང་གྲུབ་ལ་དམས་སྐྱོན་བྱུང་བ་ཡིན།

རིགས་དབྱེ།   ཚན་རིགགསོ་རིག

གཉིད་འགུག་སྨན་གྱི་དུག་ཕོག་པ།

ལྷིང་འཇགས་གཉིད་འགུག་སྨན་དང་ལྷིང་འཇགས་སྨན་རྫས་རིགས་ཤིན་ཏུ་མང་ལ། གལ་ཏེ་གཉིད་འགུག་སྨན་རྒྱུན་ལྡན་གྱི་ཚད་ལས་ལྡབ་ལྔ་ནས་དྲུག་ལྷག་པ་འཐུང་ན་དུག་ཕོག་པ་ཡིན། རྒྱ་ཡིག་གི་མིང་། 催眠药中毒 རིགས་དབྱེ། དུག་ཕོག་པ། རྒྱུ་རྐྱེན། ལྷིང་འཇགས་གཉིད་འགུག་སྨན་དང་ལྷིང་འཇགས་སྨན་རྫས་རིགས་ཤིན་ཏུ་མང་། གཙོ་བོ་ནི་པར་པེ་ཐོན་རིགས(དཔེར་ན། ཧྥེ་ནོ་པར་པི་ཐལ)དང་། གཉིད་འགུག་སྨན(གཉིད་འགུག་ཐོང)དང་ལི་མིན་ནེན། ལྷིང་འཇགས། ཁིལ་ག་ཇིན་སོགས། གལ་ཏེ་གཉིད་འགུག་སྨན་རྒྱུན་ལྡན་གྱི་ཚད་ལས་ལྡབ་ལྔ་ནས་དྲུག་ལྷག་པ་འཐུང་ན་དུག་ཕོག་པ་ཡིན། དཔེར་ན། ལྡབ་བཅོ་ལྔ་ལས་ལྷག་ན་ཤི་བ་ཡིན།

རིགས་དབྱེ།   ཚན་རིགགསོ་རིག

སྐྱེ་ལྡན་ལིན་ཞིང་སྨན་གྱི་དུག་ཕོག་པ།

སྐྱེ་ལྡན་ལིན་ནི་མིག་སྔར་བཀོལ་རྒྱ་ཆེ་བའི་ཞིང་སྨན་ཞིག་ཡིན། སྐྱེ་ལྡན་ལིན་འབུ་གསོད་རྫས་དཔེར་ན། ཏི་ཏི་ཝེ་དང་འབུ་བརྒྱ་གསོད་སྨན་སོགས་ཞིང་གྲོང་དུ་རྒྱུན་ལྡན་དུ་བཀོལ་བའི་འབུ་གསོད་སྨན་རྫས་ཕལ་ཆེར་ནི་སྐྱེ་ལྡན་ལིན་གྱིས་བཟོས་པ་ཡིན། སྐྱེ་ལྡན་ལིན་ནི་འཇུ་བྱེད་ལམ་དང་། དབུགས་ལམ། པགས་པ་སོགས་ལས་མིའི་ལུས་སྟེང་དུ་སོང་ནས་དུག་ཕོག་པ་ཡིན་ལ། རྒྱུན་ལྡན་དུ་པགས་པ་ལས་ཞུགས་ན་དུས་ཚོད་གཉིས་ནས་དྲུག་གི་ནང་དུ་ནད་འབྱུང་བ་དང་། ཁ་ལས་འཐུང་ན་སྐར་མ་བཅུ་ནས་བརྒྱ་དང་ཉི་ཤུ་རུ་དུག་ཕོག་པའི་ནད་རྟགས་འབྱུང་བ་ཡིན།

རིགས་དབྱེ།   ཚན་རིགགསོ་རིག

ཨོལ་རྨེན་ནུས་པ་ཚད་བརྒལ།

ནད་འདི་ནི་ཕ་མ་སོགས་ཀྱི་རྒྱུད་དེད་པ་ལས་བྱུང་བ་དང་། ཁོར་ཡུག་གི་རྐྱེན་གྱིས་བྱུང་བ་དང་། རིམས་འགོག་གི་ནུས་པར་གནོད་པ་ཐེབས་པ་སོགས་ཀྱིས་བསྐྱེད་པ་ཡིན་ལ། ལུས་ལ་ཤེད་ཤུགས་མེད་པར་ཐང་ཆད་པ་དང་ཟས་ཟ་ཚད་ཇེ་མང་དུ་འགྲོ་བ། ལུས་རིད་པ། ཚ་བར་སྐྲག་པ། རྔུལ་ཆུ་མང་བ། སེམས་འཚབ་པ་དང་། ཁོང་ཁྲོ་ལངས་སླ་བ། བཤང་བའི་གཏོང་གྲངས་ཇེ་མང་དུ་འགྲོ་བ་སོགས་ཀྱི་ནད་རྟགས་འབྱུང་བ་ཡིན། རིགས་དབྱེ། ནང་གི་ཟགས་ཐོན་ནད་རིགས། རྒྱུ་རྐྱེན།

རིགས་དབྱེ།   ཚན་རིགགསོ་རིག