ཝ་གློ་ཉེར་ལྔ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདི་ནི་བོད་ཀྱི་གསོ་རིག་ལས་གློ་ནད་བཅོས་ཐབས་ཀྱི་སྨན་ཞིག་ཡིན་ཏེ། གི་ཝཾ། ཙནྡན་དཀར་པོ། ཅུ་གང་། གུར་ཀུམ། ཏིག་ཏ། བ་ཤ་ཀ ཧོང་ལེན། བོང་ང་དཀར་པོ་སོགས་སྨན་སྣ་ཉེར་ལྔ་ལས་གྲུབ་པ་དང་། གློ་ནད་ཆེན་པོ་བརྒྱད་ལ་ཕན་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
二十五味狐肺丸
ཕྱི་ཡིག་གི་མིང་།
Walho 25
1 སྨན་སྦྱོར།

གི་ཝཾ། ཙནྡན་དཀར་པོ། ཅུ་གང་། གུར་ཀུམ། ཏིག་ཏ། བ་ཤ་ཀ ཧོང་ལེན། བོང་ང་དཀར་པོ། ཨ་རུ། བ་རུ། སྐྱུ་རུ། མ་ནུ། སླེ་ཏྲེས། ཀཎྜ་ཀ་རི། སྒ་སྐྱ། སྟར་བུ། རྒུན་འབྲུམ། ཤིང་མངར། ལི་ག་དུར། སྤང་རྒྱན་དཀར་པོ། པ་ཡག་རྩ་བ། ཨ་ཀྲོང་། ཝ་ཡི་གློ་སྐམ། ཟི་ར་དཀར་པོ། བདུད་རྩི་ལོ་མ་སོགས་སྨན་སྣ་ཉེར་ལྔ་ལས་གྲུབ་པ་ཡིན།

2 ཕན་ནུས།

ཚད་པ་ཆེ་ཆུང་གློ་དང་རུས་ལ་ཞེན། །གློ་ཆེན་འགོགས་དཀའ་དབུགས་ཐུང་གྱེན་མི་ཕེར། །གློ་ཡིས་བརྒྱལ་ཞིང་འཚང་ནས་དབུགས་སྡུད་དཀའ། །འགུལ་ན་གློ་སྐྱུགས་བྱེད་ཅིང་ཉལ་མི་བདེ། །ལུད་པ་མང་དུ་ལུ་ཞིང་སྣ་ཆུ་འགག །རོ་སྟོད་ཚ་ཞིང་ལྕི་ལ་རྒྱངས་ཤིང་ཁེངས། །ཚད་གཟེར་ཚ་སུབས་གློ་བ་ཁྲག་རྒྱས་སོགས། །གློ་ནད་བརྒྱད་ལ་སྨན་འདི་སླེབས་པས་ཆོག །

3 བསྟེན་ཚུལ །

ཉིན་རེར་ཐེངས1དང་།   ཐེངས་རེར་རིལ་བུ1རེ་བསྟེན།

4 ངོ་བོ། 

རང་བཞིན་ཅུང་བསིལ་ལ་བཟི་ཅུང་ཙམ་ཡོད།

5 འཛེམ་བྱ།

འཛེམ་བྱ་ཆུང་།

6 རྣམ་པ།

རིལ་བུ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-23

གསར་སྤེལ་མཁན། :འབྲུག་རྩེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།