གུར་ཀུམ་མཆོག་བདུན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གུར་ཀུམ་མཆོག་བདུན།
འདི་ནི་བོད་ཀྱི་གསོ་རིག་ལས་མཆིན་ནད་བཅོས་ཐབས་ཀྱི་སྨན་ཞིག་ཡིན་ཏེ།གུར་ཀུམ། ཅུ་གང་། ཨུཏྤལ་སྔོན་པོ། བ་ལེ་ཀ ཏིག་ཏ་སོགས་སྨན་སྣ་བདུན་ལས་གྲུབ་པ་དང་།མཆིན་པའི་ནད་རིགས་གསར་རྙིང་མ་ལུས་དང་མཆིན་པ་བསྣད་འགྲམས།ཁྲག་རྒྱས་པ་དང་མིག་སེར་བ་ལ་ཕན་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
七味红花殊胜丸
རྣམ་པ།
རིལ་བུ།
1 སྨན་སྦྱོར།

གུར་ཀུམ། ཅུ་གང་། ཨུཏྤལ་སྔོན་པོ། བ་ལེ་ཀ ཏིག་ཏ། ཨ་རུ། མཚེ་ལྡུམ་སོགས་སྨན་སྣ་བདུན་ལས་གྲུབ་པ་ཡིན།

2 ཕན་ནུས།

གུར་ཀུམ་མཆོག་བདུན་མཆིན་ནད་གསར་རྙིང་དང་། །མཆིན་པ་བསྣད་འགྲམས་ཁྲག་རྒྱས་མིག་སེར་སེལ། །

3 བསྟེན་ཚུལ།

ཉིན་རེར་ཐེངས1དང་།   ཐེངས་རེར་རིལ་བུ1རེ་བསྟེན།

4 ངོ་བོ།

རང་བཞིན་བསིལ་ལ་བཟི་མེད།

5 འཛེམ་བྱ།

བད་རླུང་གྲང་བར་ཅུང་གནོད།

6 རྣམ་པ།

རིལ་བུ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-26

གསར་སྤེལ་མཁན། :འབྲུག་རྩེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།