ལུག་གི་གློ་བའི་སྐུད་འབུའི་ནད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གློ་བའི་འབུ་སྐུད་པ་ཅན་ལ་རིགས་གཉིས་ཡོད་ཅིང་། གློ་བའི་སྐུད་འབུ་ཆེ་བ་དང་གློ་བའི་སྐུད་འབུ་ཆུང་བ་གཉིས་ཏེ། དེ་དག་ཚང་མ་ཨོལ་གྲོག་གི་ཡལ་ག་དང་གློ་བར་གནས་ཡོད་པ་རེད།
1 ནད་གཞི།

གློ་བའི་འབུ་སྐུད་པ་ཅན་ལ་རིགས་གཉིས་ཡོད་ཅིང་། གློ་བའི་སྐུད་འབུ་ཆེ་བ་དང་གློ་བའི་སྐུད་འབུ་ཆུང་བ་གཉིས་ཏེ། དེ་དག་ཚང་མ་ཨོལ་གྲོག་གི་ཡལ་ག་དང་གློ་བར་གནས་ཡོད་པ་རེད །

2 དབྱེ་བ། 

(1) གློ་བའི་སྐུད་འབུ་ཆེ་བ། ལུག་གི་ཨོལ་གྲོག་དང་ཨོལ་གྲོག་གི་ཡལ་གའི་ནང་དུ་སྒོ་ང་བཏང་བ། སྒོ་ངའི་ནང་ན་ཡར་སྐྱེས་ཟིན་པའི་འབུ་ཕྲུག་འདུས་ཡོད། ལུ་དུས་འབུ་སྒོང་ཁ་སྦུག་དུ་ཐོན་ཏེ་མང་ཤོས་ལུད་པ་དང་མཉམ་དུ་མིད་པ་རེད། ཕོ་བ་དང་རྒྱུ་མའི་འཇུ་ལག་ནང་དུ་འབུ་ཕྲུག་སྒོ་ང་དང་ཁ་བྲལ་ཏེ་བཤང་དངོས་དང་ལྷན་དུ་ཕྱིར་གཏོང་བ་རེད། ཆ་རྐྱེན་འོས་འཚམ་གྱི་འོག་ཉིན་དྲུག་ནས་བདུན་འགོར་རྗེས་འགོས་ཐུབ་པའི་འབུ་ཕྲུག་དུ་གྱུར། ལུག་གིས་རྩ་ཟ་བ་དང་ཆུ་འཐུང་སྐབས་འགོས་ཐུབ་པའི་འབུ་ཕྲུག་ཟོས་ནས་ནད་འདི་ཕོག་པ་རེད། འབུ་ཕྲུག་རྨེན་བུའི་རྩ་སྦུབས་དང་ཁྲག་རྩ་བརྒྱུད་ནས་སྙིང་ཁམས་ལ་སླེབས་པ་དང་། རྗེས་སུ་རིམ་བཞིན་གློ་བར་ཐོན་པ་རེད། ཟླ་གཅིག་ཡས་མས་འགོར་རྗེས་སྐྱེད་སྲིང་བྱུང་ནས་འབུ་ཆེ་བར་གྱུར་བ་རེད།

(2) གློ་བའི་སྐུད་འབུ་ཆུང་བ། འབུ་ཆེ་བས་ལུག་གི་གློ་བའི་ནང་དུ་སྒོ་ང་བཏང་བ་དང་། དེ་ལུག་གིས་མིད་རྗེས་འཇུ་ལམ་ནང་འབུ་ཕྲུག་རུམ་སྟེ། རྒྱུ་མ་བརྒྱུད་ནས་བཤང་དངོས་དང་ལྷན་དུ་ཕྱིར་གཏོང་བ་རེད། སྐྱེ་ལམ་དང་པོའི་འབུ་ཕྲུག་གི་རྟེན་བདག་བར་མ་སྟེ་ཆུ་འབུ་དུང་དཀར་གྱི་སྐོགས་ཤུན་གྱི་ནང་འཛུལ་བ་དང་། ཤུན་ལྤགས་ཐེངས་གཉིས་བརྗེས་རྗེས། འགོས་ཐུབ་པའི་འབུ་ཕྲུག་དུ་གྱུར་ཏེ། འགོས་ཐུབ་པའི་འབུ་ཕྲུག་དང་ཆུ་འབུ་དུང་དཀར་ཁ་བྲལ་རྗེས། གཟན་རྩྭའི་སྟེང་དུ་འགོ་བའམ་ཡང་ན་ཆུ་འབུ་དུང་དཀར་གྱི་སྐོགས་ཤུན་ནང་དུ་བསྡད་པ་རེད། ལུག་གིས་འགོས་ཐུབ་པའི་འབུ་ཕྲུག་ཟ་བའམ་འབུ་ཕྲུག་ཡོད་པའི་ཆུ་འབུ་དུང་དཀར་ཟོས་ནས་ནད་འདི་དྲངས་པ་རེད། འབུ་ཕྲུག་རྨེན་བུའི་རྩ་སྦུབས་ནང་ཁྲག་རྩ་བརྒྱུད་ནས་གློ་བུར་སྤོར་བ། ལུག་ལ་ནད་འདི་ཕོག་རྗེས་འབུ་ཕྲུག་སྐྱེ་སྲིང་གི་དུས་ཚོད་ནི་ཟླ་བ་གཉིས་ནས་གསུམ་དགོས་པ་རེད།

3 ནད་རྟགས།

ལུ་བ་དང་། དབུགས་གཏོང་ལེན་དཀའ་བ། མིག་ཆུ་དང་སྣབས་བཞུར་བ། ཁྲག་ཤེད་ཉམས་པ། མ་ཁའི་འོག་ཏུ་ཆུ་སྐྲང་བྱུང་པ། ལ་ལའི་ཐོང་ག་དང་རྐང་ལག་ལའང་ཆུ་སྐྲང་བྱུང་བ། འཁྲུ་བ་དང་ཚབས་བཤལ་སྐབས་ལུས་ཤུགས་མེད་པ་དང་། དབུགས་གཏོང་ལེན་ཁོལ་མོ་འཐེན་པ་ལྟ་བུ་ཡིན་ལ། འགུལ་སྐྱོད་ཡམ་ཡོམ་ཡིན་པ། སྤུ་རྩུབ་ཅིང་གཟེངས་པ། རིམ་བཞིན་རིད་ཞན་དུ་གྱུར་ནས་འཆི་བ་ཞིག་ཡིན། ཤི་རོ་བཤགས་ནས་བལྟས་ཚེ། གློ་བ་དང་ཨོལ་གྲོག་གི་ནང་དུ་གློ་བའི་སྐུད་འབུ་མཐོང་རྒྱུ་ཡོད།

4  སྨན་བཅོས།

(1) ཏེན་ཧྥེ་ཁེ་གཅིག་དང་། ཏེན་ཧྭ་ཅ་ཁེ15དང་རླངས་ཆུ་ཧའོ་ཧྲེང1500 བཅས་མཉམ་དུ་བསྲེས་ནས་ཏེན་གྱི་བཞུས་ཁུ་ཕབ་སྟེ། ལུག་ཆེན་པོར་ཧའོ་ཧྲེང15ནས20དང་། ལུ་གུར་ཧའོ་ཧྲེང5ནས10 སྐེ་མཇིང་གི་ཕྱོགས་གཉིས་ཨོལ་གྲོག་ཏུ་ཁབ་རྒྱག་དགོས།

(2) ལུག་གི་ལྗིད་ཚད་སྤྱི་རྒྱ་གང་རེར་ཆིན་ཡོན་ཞན་ཅིན་ཧའོ་ཁེ175ལྟར་བརྩིས་ནས་ལྡུད་ཐེངས་གཅིག་བྱེད་དགོས།

(3) ལུག་གི་ལྗིད་ཚད་སྤྱི་རྒྱ་གང་རེར་ཟི་སྨིས་ཙོ་ཧའོ་ཁེ10—15ལྟར་བརྩིས་ནས་བརྒྱ་ཆའི་ལྔ་ཅན་གྱི་བཞུས་ཁུ་བཟོས་ཏེ་ལྡུད་ཐེངས་གཅིག་བྱེད་དགོས།

(4) གློ་བའི་འབུ་སྐུད་ཆུང་བར་བརྒྱ་ཆའི་ལྔ་ཅན་གྱི་ཡན་ཟོན་ན་བཞུས་ཁུ་ལུག་ཆེ་རེ་ལ་ཧའོ་ཧྲེང20དང་། ལུ་གུ་རེ་ལ་ཧའོ་ཧྲེང10—15ལྟར་ཨོལ་གྲོག་ནང་དུ་རྒྱག་དགོས་སོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-05

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།