སྒོ་ཕྱུགས་ཀྱི་འགོས་ནད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྒོ་ཕྱུགས་ཀྱི་འགོས་ནད་ནི་ནད་གཞིའི་སྐྱེ་དངོས་ཕྲ་རབ་དེ་སྒོ་ཕྱུགས་ཀྱི་ལུས་པོ་ལ་ཕོག་ནས། རྒྱུན་ལྡན་གྱི་འགོག་སྲུང་ལ་གཏོར་བཤིག་བཏང་ནས་བྱུང་བ་ཞིག་ཡིན།
1 མཚམས་སྦྱོར། 

སྒོ་ཕྱུགས་ཀྱི་འགོས་ནད་ནི་ནད་གཞིའི་སྐྱེ་དངོས་ཕྲ་རབ་དེ་སྒོ་ཕྱུགས་ཀྱི་ལུས་པོ་ལ་ཕོག་ནས། རྒྱུན་ལྡན་གྱི་འགོག་སྲུང་ལ་གཏོར་བཤིག་བཏང་ནས་བྱུང་བ་ལ་ཟེར། ནད་དེ་ནི་ཕྱུག་ཟོག་གཅིག་ལ་ཕོག་རྗེས་གཞན་ལ་འགོས་པ་དང་། ས་ཁུལ་གཅིག་ནས་ས་ཁུལ་གཞན་དུ་འགོས་པ། དུས་ཚོད་གཅིག་གི་ནང་ཕྱུག་ཟོག་མང་པོར་ཕོག་པའམ་འཆི་བའི་ནད་ཅིག་ཡིན་པས། དེར་རིམས་ནད་ཡང་ཟེར། 

2 ངོ་བོ། 

འགོས་ནད་ཚང་མ་ནད་གཞིའི་སྐྱེ་དངོས་ཕྲ་རབ་ནས་བྱུང་པ་རེད། ནད་དེའི་ནད་འབུ་དང་ནད་དུག་ཧ་ཅང་ཆུང་བས། ཕྲ་མཐོང་ཆེ་ཤེལ་གྱིས་མ་གཏོགས་མིག་གིས་མཐོང་མི་ཐུབ། ཕྲ་མཐོང་ཆེ་ཤེལ་དང་གློག་རྡུལ་ཕྲ་མཐོང་ཆེ་ཤེལ་ནང་རྒྱ་བསྐྱེད་ལྡབ་ཁྲི་སྟོང་མང་པོ་བྱས་རྗེས་གཞི་ནས་མཐོང་ཐུབ་སྟེ། དེར་གཟུགས་དབྱིབས་འདྲ་མིན་སྣ་ཚོགས་ཡོད་པ་རེད། 

3 འབྱུང་རྐྱེན། 

ནད་ཀྱི་འབྱུང་རྩ་ནི་བཙོག་པ་བཟོ་བའི་ལྷས་ར་དང་གཟན་ཆས། ས་དང་ཆུ། མཁའ་རླུང་བཅས་ཀྱི་ནང་གནས་པ་རེད། སྒོ་ཕྱུགས་ལ་ནད་དེ་བྱུང་མིན་ནི་ནད་ཀྱི་འབྱུང་རྩའི་དུག་ཆེ་ཆུང་དང་། སྒོ་ཕྱུགས་ཀྱི་གཟུགས་པོ་བདེ་ཐང་ཡིན་མིན། ཁོར་ཡུག་གི་ཆ་རྐྱེན་བཅས་དང་འབྲེལ་བ་དམ་པོ་ཡོད་པ་རེད། དེར་བརྟེན། ཕྱུགས་འཚོ་བའི་དོ་དམ་དང་སྒོ་ཕྱུགས་ཀྱི་ནད་འགོས་པའི་ནུས་བ་ཇེ་ཆེར་གཏོང་བ་བཅས་བྱས་ན། འགོས་ནད་སྔོན་འགོག་བྱེད་རྒྱུ་ལ་ཕན་ཐོག་ཆེན་པོ་ཡོད་པ་རེད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-05

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།