ལུག་གི་འཇུ་ལམ་འབུ་སྐུད་ཀྱི་ནད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལུག་གི་འཇུ་ལམ་གྱི་འབུ་སྐུད་རིགས་མང་པོ་གནས་ཡོད་པའི་རྐྱེན་གྱིས་ནད་འདི་བྱུང་པ་རེད། འབུ་སྐུད་པ་གཙོ་བོ་ནི་རྒྱུ་ཤའི་ནང་དུ་གནས་ཡོད་པའི་སྨུག་པོ་ཅན་དང་གཅུས་གཟེར་ཅན། རྒྱུ་ནག་ནང་གི་རྡོག་པོ་ཅན། སྐེ་ཕྲ་ཅན། ཀྱོ་བ་ཅན། རྒྱུ་དཀར་ནང་གི་རྟ་ལྕགས་ན་དང་ཚིགས་མདུད་ཅན། ཁ་ཆེ་ཅན་སོགས་ཡིན་པ་དང་། འབུ་སྐུད་པ་འདི་དག་ཚང་མས་སྒོ་ང་གཏོང་ཐུབ། སྒོ་ང་ལུག་གི་རུལ་མ་དང་ལྷན་དུ་བཏང་ནས་ལུག་ར་དང་རྩ་སར་འགོས་ཐུབ་པའི་འབུ་ཕྲུག་ཏུ་གྱུར་ཏེ། ལུག་གི་རྩྭ་ཟ་བ་དང་ཆུ་འཐུང་བའི་སྐབས་སུ་འབུ་ཕྲུག་ལུག་གི་ཁ་ནང་དུ་སོང་ནས་ནད་འདི་འགོས་པ་ཞིག་ཡིན།
1 ནད་རྟགས།

རང་བྱུང་གི་ཆ་རྐྱེན་འོག་འཇུ་ལམ་འབུ་སྐུད་པའི་ནད་དེ་ནི་ཕལ་ཆེར་དལ་བའི་རང་བཞིན་ཞན་དུ་འགྱུར་བ། མགོ་གཟེར་ནས་རྩྭ་མི་ཟ་བ། ལུག་ཁྱུ་ལ་མི་འདྲེས་པར་རྗེས་སུ་ལུས་པ། ཚབས་ཆེན་གྱུར་ན་ཐང་དུ་ཉལ་ནས་མི་ལངས་པ་དང་བཤལ་བ། ཁྲག་ཤེད་ཉམས་པ། མིག་ནང་གི་སྐྱི་མོའི་མདོག་དཀར་སྐྱར་འགྱུར་བ། མ་མཁལ་འོག་ཏུ་ཆུ་སྐྲང་འབྱུང་པ། དབུགས་གཏོང་ལེན་དང་རྩ་འཕར་ཚུལ་ཇེ་མགྱོགས་སུ་འགྲོ་བ། ཤི་རོ་གཤགས་ནས་ལྟ་དུས། འཇུ་ལམ་གྱི་ནང་དུ་འབུ་སྐུད་པ་རིགས་མི་འདྲ་བ་མང་པོ་མཐོང་ཐུབ་པ་དང་། རྒྱུ་མ་ཇེ་མཐུག་ཏུ་གྱུར་བ་དང་ཁྲག་གི་ཐིགས་ཐོན་ཡོད་པ་རེད།

2 སྨན་བཅོས་བྱེད་ཐབས།

(1) ལོ་རེའི་དཔྱིད་ཀ་དང་སྟོན་ཁར་ཏེས་པེ་ཁྲུང་ཐེངས་གཉིས་ལ་ལྡུད་དགོས་པ་དང་། ཐེངས་རེར་ལུག་གི་ལྗིད་ཚད་སྤྱི་རྒྱ་གང་རེར་ཁེ0.1ནས0.12ལྟར་བརྩིས་ནས་བརྒྱ་ཆའི་བཅུ་ཅན་གྱི་བཞུས་ཁའམ་བརྒྱ་ཆའི་ཉི་ཤུ་ཅན་གྱི་བཞུས་ཁུར་བཟོས་རྗེས་ལྡུད་དགོས། ཡིན་ན་ཡང་ཏེས་པེ་ཁྲུང་དང་བུལ་ཏོག་རང་བཞིན་གྱི་དངོས་པོ་དང་ཐུག་ཚེ་མི་དང་ཕྱགས་ཟོག་ལ་དུག་ཤིན་ཏུ་ཆེ་བའི་དངོས་པོར་འགྱུར་སླ་བས། བུལ་ཏོག་དང་རྡོ་ཐལ། འདག་རྫས་ཀྱི་ཆུ་སོགས་སྨན་ཁུའི་ནང་དུ་གཏན་ནས་བསྲེ་མི་ཉན། བཞུས་ཁུ་བཟོ་དུས་ཀྱང་ངེས་པར་དུ་ཆུ་ཁོལ་གཙང་མ་དགོས་པ་དང་། ཉིན་དེར་ཕབ་པའི་བཞུས་ཁུ་ཉིན་དེར་བོལ་ཚར་དགོས། ལུག་ལ་སྨན་དུག་ཕོགས་ན་བརྒྱ་ཆའི་གཅིག་ཅན་གྱི་ལིའུ་ཟོན་ཨ་ཐོ་ཕིན་ཧའོ་ཧྲེང0.5—ཧའོ་ཧྲེང1སྐྱི་ལྤགས་འོག་ཏུ་རྒྱག་དགོས། དེ་མིན་ཏེན་ཆི་ཏིན་ཧའོ་ཧྲེང5བླུད་ཀྱང་ཆོག་པ་ཡིན།

(2) ལུག་གི་ལྗིད་ཚད་སྤྱི་རྒྱ་གང་རེ་ལ་ལིའུ་ཧྭ་ཅེར་པེན་ཨན་ཁེ1ལྟར་བརྩིས་ནས་ཆུ་དང་བག་ཕྱེ་བསྣན་རྗེས་ལྡུད་དགོས། ཕབ་ཚུལ་ནི་སྨན་ཕྱེ100དང་བག་ཕྱེ་ཁེ20དང་། ཆུ་ཧའོ་ཧྲེང1000བཅས་མཉམ་དུ་བསྲེས་ནས་ཕབ་དགོས།

(3) ཟི་རྨིས་ཙོ་མིད་ནི་ད་སྐབས་ཁོག་འབུ་སྦྱོང་སྨན་ཅུང་བཟང་བོ་ཞིག་ཡིན་པ་དང་། ལུག་གི་ལྗིད་ཚད་སྤྱི་རྒྱ་གང་རེར་ཧའོ་ཁེ10—15ལྟར་བརྩིས་ནས་བརྒྱ་ཆའི་གཅིག་ནས་ལྔ་ཅན་གྱི་བཞུས་ཁུར་བཟོས་རྗེས་ལྡུད་དགོས།

(4) ལུགས་དང་མཐུན་པའི་སྒོ་ནས་རྩྭ་ས་བཀོད་སྒྲིག་བྱས་ནས་རྩྭ་ས་ཁག་སོ་སོར་བགོས་ཏེ་རེས་མོས་ལྟར་འཚོས་ན་རྒྱུ་ལམ་གྱི་འབུ་སྐུད་པ་འགོ་བའི་གོ་སྐབས་ཇེ་ཉུང་དུ་གཏོང་ཐུབ་པ་ཡིན་ནོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-05

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།