ཡོངས་འཛིན་རིག་མཛོད། >སྒྱུ་རྩལ། >བཟོ་རྩལ། >བརྐོས་བྲིས།

ཀྲོན་བརྐོས།

དེ་ནི་ཡིག་གཟུགས་དང་བརྐོས་རིས་ཟུང་འབྲེལ་བྱས་ནས་རག་གམ་རྡོ་བའི་སྟེང་དུ་བཟོ་བའི་སྒྱུ་རྩལ་ཞིག་ཡིན།

རིགས་དབྱེ།  

བྲག་རིས།

བྲག་རིས་ལ་གཡའ་རིས་སམ་བྲག་བརྐོས་ཀྱང་ཟེར་བ་དང་། རྡོ་ཆས་དང་ལྕགས་ཆས་སམ་ཚོན་མདོག་གིས་བྲག་ངོས་སུ་བརྐོས་པའམ་བྱུགས་པའི་བརྙན་རིས་ལ་གོ

རིགས་དབྱེ།  

པར་བརྐོས་རི་མོ།

པར་ཤིང་དང་། རྡོ། རག་སོགས་རྒྱུ་ཆའི་སྟེང་དུ་བརྐོས་དཀྲོལ་བྱས་རྗེས་པར་དུ་བཏབ་པའི་རི་མོ་ལ་པར་བརྐོས་རི་མོ་ཟེར།

རིགས་དབྱེ།  

ཐལ་བྱང་བཟོ་བའི་ལག་ཤེས།

བོད་ཀྱི་ཡིག་བྲིས་སྦྱོང་བར་ཐོག་མར་ཐལ་བྱང་དུ་འབྲི་དགོས། དེ་ལ་རྒྱུ་མཚན་གཉིས་ཡོད་དེ། གཅིག་ནི་སྔོན་ཚེ་བོད་ཁུལ་དུ་བོད་ཤོག་བཟོ་བའི་ལག་རྩལ་ནི་ལག་བཟོ་ཁོ་ནར་བརྟེན་དགོས་པས། དེང་སང་ལྟ་བུའི་འཕྲུལ་ཆས་སྟབས་བདེ་བོ་དང་ཤོག་བུ་འབེལ་བོ་མེད་ལ། ཤོག་བུའི་རིན་གོང་ཆེ་བ། ཤོག་བུ་ཅུང་ཟད་ཀྱིས་ཡང་ཡང་སྦྱངས་པའི་འབྲི་གཞི་འདང་དཀའ་བ་སོགས་ཀྱིས་ཐོག་མར་ཐལ་བྱང་དུ་མི་སྦྱོང་ཀ་མེད་དང་། གཉིས་ནི་ཐལ་བྱང་དུ་ཡིག་གཟུགས་ལེགས་པོ་འབྲི་ཐུབ་དཀའ་ཞིང་། གལ་སྲིད་ཐལ་བྱང་དུ་ཡིག་གཟུགས་ཚད་དང་ལྡན་པ་ཞིག་ཐོན་ན། ཤོག་བུའི་ངོས་སུ་ཡིག་གཟུགས་ཤིན་ཏུ་ལེགས་པ་ཞིག་འོང་བར་ཐེ་ཚོམ་མེད་པས། དབུས་གཙང་གི་སློབ་ཆུང་དུ་དེང་དུས་ཀྱང་སློབ་ཕྲུག་ཚོ་སློབ་གྲྭར་འགྲོ་བར་རྒྱབ་ཏུ་ཤིང་བྱང་ཞིག་ཁུར་ནས་འགྲོ་བར་མཐོང་བ་དེ་ཡིན།

རིགས་དབྱེ།  

པར་ཤིང་བརྐོ་བའི་ལག་ཤེས།

ཇོ་དར་པར་ཤིང་གྱེན་དུ་བསླངས་ན་རྐོ་བའི་རིགས་ལ་རྐང་གདན་མེད་ལ་ཡི་གེའི་ལྟག་མགོ་ནས་བར་ལྷུ་ལེན་པ་དང་། ཚེག་མི་དགོས་པར་བཤད་པ་དང་། པར་ཤིང་རྐོ་སྐབས་རྐོ་མཁན་ལས་དྲང་བོར་འདུག་དགོས་ཏེ། ཡོ་འདུག་གིས་ལག་མགོ་འཇོག་སྟངས་ངན་པར་གོམས་ན་ཡི་གེ་ཡོ་འགྲོ་བས། འདུག་སྟངས་དང་ལག་མགོ་འཇོག་སྟངས་ཡང་དག་པས་ཡི་གེའི་ཆེ་བཅད་གྲུ་བཞིའི་དབྱིབས་སུ་བརྐོས་ནས། ཡི་གེ་ལ་ཡོ་འགྱིང་མེད་པ་རྒྱལ་བོ་ཁྲི་ལ་བཞུགས་པ་བཞིན་རང་ཚུགས་ཟིན་པ་ཞིག་དགོས་ཚུལ་དང་། ལྷ་རིས་ཀྱི་རི་མོ་ཕྲ་ཞིབ་དང་སྤྱན་སོགས་རྐོ་སྐབས། འུར་སྒྲ་དང་སེམས་འཁྲུགས་པ་མེད་པ། སྐར་ཁུང་ཁ་ལྷོར་བསྟན། ཤར་ཕྱེས་ཤིང་མདུན་རི་ལ་ནགས་ཚལ་ཡོད་པ། ནམ་མཁའ་གཡའ་དྭངས་ཤིང་སྤྲིན་དཀར་ཕྱུར་བའི་ཉིན་ཕྱེད་རྟའི་དུས་ལ་བརྐོས་ན། གསལ་ཆ་ཆེ། རིག་པ་དྭངས། རྣམ་གཡེང་སྤང་། ངལ་དུབ་མེད་པ་སོགས་ཀྱིས་རྐོས་ལེགས་པོ་འོང་བ་དང་། ཡི་གེ་རྐོ་བར། པར་རྩ་ལེགས་པ་རྣམས་དཀར་ཆ་དང་ནག་ཆ་མཉམ་པར་བརྐོ། བྲིས་ངན་དག་ནག་ཆ་ལས་དཀར་ཆ་ལྡབ་ཕྱེད་ཉིས་ཆེ་བར་བྱས་ཏེ་པར་རྐོ་མཁས་པས་གང་དགོས་ལྟར་སྨྱུག་ཁམ་སྤོ་སྣུར་གྱིས་ལེགས་པར་བཅོས་ཆོག་པ་སོགས་ནི་དཔར་རྐོ་མཁན་པོའི་ཞལ་རྒྱུན་ཡིན་ནོ། །

རིགས་དབྱེ།  

བཅད་པིར་བཟོ་བའི་ལག་ཤེས།

བཅད་པིར་བཟོ་བའི་རྒྱུ་ནི་སྲེ་མོང་ཤེད་བཟང་ཞིག་གི་པགས་པ་གྲ་མ་ཉམས་པའི་རྔ་མ་དང་སྒལ་བའི་སྤུ་རྩུབ་པོ་འོད་དང་ལྡན་པ་རྒྱ་ཁབ་དང་འདྲ་བ་དེ་ནི་པིར་གྱི་རྒྱུ་ཆས་ཀྱི་མཆོག་སྟེ། རྒྱ་བོད་ཀུན་ལ་དེ་ལས་ལྷག་པ་མེད་དོ། ། བཅད་པིར་ལེགས་པའི་ཚད་ནི། ཟླུམ་གོར་སོགས་ཀྱི་རི་མོ་ཇི་ལྟར་བྲིས་ཀྱང་ཉིས་རིས་མི་འབྱུང་ཞིང་། ཆུར་ཅི་ཙམ་སྦངས་ཀྱང་ཤེད་ཡོད་པ། བཅད་རིས་སྦོམ་ཕྲ་གང་འདོད་འབྱུང་བ་དེ་ཡིན་ཞིང་། པིར་བཟང་ངན་གྱིས་ལྷ་བཟོ་ལ་ཕན་གནོད་ཆེ་སྟེ། ཇི་སྐད་དུ། པིར་གྱི་མཚོན་ཆ་མི་བཟང་བའི། ། རི་མོར་གཟབ་པ་བཟོ་བོ་འཁྲུལ། ། ཞེས་དང་། ཡང་། ལྷ་བཟོའི་པིར་འགོ་བུ་ལས་གཅེས། ། ཅི་མ་ཡིན་ལ་མི་གཅེས་ཏེ། ། ལྷ་བཟོ་མགོ་ཐོན་པིར་གྱིས་བྱེད། ། སོགས་ཀྱི་ཁ་རྒྱུན་སྣང་བ་ལྟར། པིར་བཟོ་ལ་མཁས་གྱུར་ན་གང་འདོད་པའི་རི་མོའམ་ཡིད་བཞིན་དུ་འབྱུང་བ་ཡིན་ནོ། །

རིགས་དབྱེ།  

རྡོ་རྐོས་ཀྱི་ལག་ཤེས།

སྤྱིར་བོད་དུ་རྡོ་རྐོས་ཀྱི་ལག་རྩལ་དར་སྔ་ཞིང་། ལག་རྩལ་དེ་ལས་ལོ་རྒྱུས་དང་རིག་གནས་ཀྱི་རིན་ཐང་ལྡན་པའི་དངོས་པོ་མང་བོ་བྱུང་ཡོད་པ་ནི། སྟོད་མངའ་རིས་ཕྱོགས་ནས་མི་ལོ་ལྔ་སྟོང་ཡན་དུ་བརྐོས་པའི་བྲག་རྐོས་ཀྱི་རི་མོ་རྙེད་པ་དང་། བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་སྐབས་ཕོ་བྲང་ཡུམ་བུ་བརླ་སྒང་བརྩིགས་པ་དང་། ལྷ་ཐོ་ཐོ་རི་གཉན་བཙན་སྐབས་མཆོད་རྟེན་བང་རིམ་གསུམ་པ་རྡོ་ལ་བརྐོས་ཚུལ་འཁོད་པ་དང་། སྲོང་བཙན་གྱི་དུས་སུ་ཐུ་མིའི་ཕྱག་བྲིས་རྡོ་ལ་བརྐོས་པའི་ཀ་ཆེན་གྱི་ཡི་གེ་དྲུག་མ་དང་། འབིས་རྣམ་པར་སྣང་མཛད་ཀྱི་སྐུ་གཟུགས་དང་རྡོ་ལ་བརྐོས་པའི་མཚན་བྱང་བཅས་ད་ལྟའང་མཇལ་དུ་ཡོད་པ་དང་། ཁྲི་སྲོང་ལྡེ་བཙན་སྐབས་བསམ་ཡས་བཀའ་གཙིགས་ཀྱི་རྡོ་རིང་དང་། ངོ་མཚར་རྡོའི་མཆོད་རྟེན་རྣམ་པ་ལྔ་ལ་སོགས་བཟོ་དངོས་ཁྱད་དུ་འཕགས་པ་དང་། གྲུབ་ཆེན་ཐང་སྟོང་པ་སོགས་ཀྱིས་རྡོའི་རིན་ཆེན་རིགས་ལ་བརྐོས་པའི་མཁའ་འགྲོ་སྡེ་ལྔ་དང་། གཡུའི་སྒྲོལ་མ་དང་། དུང་གི་ཐུགས་རྗེ་ཆེན་པོ། བྱུ་རུའི་ཚེ་དཔག་མེད། པདྨ་ར་གའི་འོད་དཔག་མེད་སོགས་བྱིན་རླབས་ཀྱི་ཚན་ཁ་འབར་བ་རྣམས་དང་། ཕྱིས་སུ་བརྐོས་པའི་རྒྱ་ནག་མ་ཎི། དཔལ་སྤྲུལ་མ་ཎི། མི་ཉག་གསེར་རྒྱ་སྒོའི་རྡོ་འབུམ་ཆེན་པོ་སོགས་སྲིད་ན་འགྲན་ཟླ་དང་བྲལ་བ་མང་བོ་བཞུགས་ལ། ཁྱད་པར་དུ་ཡིག་དྲུག་དང་རྒྱལ་བའི་བཀའ་འགྱུར་སོགས་རྡོ་ལ་བརྐོས་པའི་རྡོ་འབུམ་འདི་འདྲ་བ་ནི་མི་རིགས་གཞན་དུའང་མཐོང་དཀའ་བ་ཡོད་དོ། །

རིགས་དབྱེ།  

རྡོ་བརྐོས།

རྡོ་བརྐོས་རི་མོ་ནི་དང་ཐོག་མེས་པོ་ཚོའི་འཚོ་བའི་རྣམ་པ་མཚོན་ཚུལ་ཞིག་ཡིན་པའི་ནང་དོན་གཙོ་བོ་ནི་གནའ་བོའི་མི་ཚོའི་ཐོན་སྐྱེད་འཚོ་བ་སྟེ། དམག་འཐབ་བྱེད་པ་དང་། རྔོན་རྒྱག་པ། འདས་མཆོད་སྒྲུབ་པ། སྐྱ་སྤོ་བྱེད་པ་སོགས་ཀྱི་རྣམ་པ་ཞིབ་ཕྲ་བརྐོས་ཡོད་པ་དང་ཕྱིས་སུ་གཏིང་ཇེ་ཟབ་དང་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ།

རིགས་དབྱེ།  

བར་མདོ་ལུང་བའི་བྲག་བརྐོས།

བར་མདོ་ལུང་བའི་བྲག་བརྐོས་ནི་ལོ་རྒྱུས་སྟེང་མིང་དུ་གྲགས་པའི་དར་གོས་ལྷོ་ལམ་གྱི་འགག་སྒོ་སྟེ་བར་མདོ་ལུང་བའི་ནང་གི་བྲག་ངོས་སུ་ལྷ་སྐུ་གཙོ་འཁོར་གསུམ་དང་བོད་ཡིག་གི་ཡིག་འབྲུ20བརྐོས་ཡོད་པའི་བྲག་བརྐོས་ལ་ཟེར་ཞིང་། མདོ་ལ་རྫོང་གི་ཤར་བྱང་ཕྱོགས་ཀྱི་སྤྱི་ལེ106གི་མཚམས་དང་། ཟི་ལིང་ནས་འབྲོང་ཡུལ་གཞུང་ལམ་གྱི་སྤྱི་ལེ245མཚམས་སུ་ཡོད།

རིགས་དབྱེ།  

ཡིག་རིག་ལུང་བའི་རྡོ་བརྐོས་ཐར་མདོ།

ཡིག་རིག་ལུང་བ་ནི་ཡེ་གེ་རིག་པའི་ལུང་བ་ཞེས་པའི་མིང་བསྡུས་པ་ཡིན་ལ།ལུང་བ་དེའི་ཐེམ་པ་ཞིག་གི་སྟེང་དུ་རྡོ་སྤུངས་ཤིག་ཡོད་ཅིང་། རྡོ་ངོས་སུ་ཐར་མདོ་ཆ་ཚང་ཅིག་བརྐོས་ཡོད་པས་ལུང་བའི་མིང་ལ་ཡིག་རིག་ལུང་བ་ཞེས་འབོད་ཅིང་། རྡོ་བརྐོས་ཐར་མདོ་ལ་ཡིག་རིག་ལུང་བའི་ཐར་མདོ་ཞེས་འབོད་པ་ཡིན།

རིགས་དབྱེ།  

ཀྲུང་གོའི་སྣག་ཚའི་རི་མོ།

ཀྲུང་གོའི་རི་མོར་རྒྱལ་རིས་ཀྱང་ཟེར་ལ། རི་མོའི་མཚོན་བྱ་གསལ་ཐོན་ཡོང་བ་གཙིགས་སུ་འཛིན་ཞིང་། ཁེངས་སེམས་སྐྱེས་ནས་རང་རང་ཚུགས་བརྗེད་པ་ཞིག་ཏུ་བསྙེགས། ཆིན་དང་ཧན་རྒྱལ་རབས་རྗེས་ཀྱི་རི་མོ་མཁན་རིམ་བྱོན་རྣམས་ཀྱིས་སྨྱུག་གུ་དང་སྣག་ཚ། གཏེར་ཚོན་སོགས་སྤྱད་དེ་ཤོག་བུ་དང་དར་སང་སོགས་ཀྱི་སྟེང་དུ་མི་སྣ་དང་། རི་ཀླུང་། མེ་ཏོག འདབ་ཆགས་བཅས་ཀྱི་རི་མོ་རིགས་མི་འདྲ་བ་དང་ཁྱད་ཆོས་མི་འདྲ་བའི་བརྩམས་ཆོས་འབོར་ཆེན་ཞིག་གསར་བཞེངས་བྱས་ཡོད།

རིགས་དབྱེ།  

སླེའུ་ཆུང་མ།

སླེའུ་ཆུང་མ་ཞེས་པ་ནི་སྤྲུལ་སྐུ་སླེའུ་ཆུང་བས་བཞེངས་པའི་སྐུ་འདྲ་དེ་ཡིན་ལ། བཟོ་བོ་ཁོང་ནི་དུས་རབས་བཅུ་བཞི་པའི་ནང་དུ་བྱུང་བའི་བྲིས་འབུར་གཉིས་ལ་མངའ་བརྙེས་པའི་ལྷ་བཟོ་མཁས་ཅན་ཞིག་ཡིན།

རིགས་དབྱེ།  

ཙིན་ཏ་མ་ཎིའི་བརྐོས་ཕོར།

གཉན་པོ་གསང་བའི་རྟེན་གྲས་ཙིན་ཏ་མ་ཎིའི་བརྐོས་ཕོར་ནི་ཕོར་བ་འདྲ་བའི་སྣོད་ཀོང་ཀོང་དུ་ཡོད་པའི་ནང་སྤྱན་རས་གཟིགས་ཀྱི་སྐུ་གཟིགས་སམ་གཟུང་སྔགས་ཀྱི་ཡི་གེ་བརྐོས་ཡོད་པ་ཞིག་སྟེ། དེང་དུས་ཚང་མས་རྒྱུས་མངའ་ཆེ་བའི་ཚ་ཚའི་དཔར་ཀོང་ཡིན་པ་དང་ཚ་ཚ་བཏབ་པའི་སྲོལ་དེ་དུས་སྔ་མོ་ནས་རྒྱ་གར་དུ་དར་ཡོད་པར་མ་ཟད་བོད་ཡུལ་དུའང་དུས་རབས་བཞི་པ་ཙམ་ནས་སླེབས་ཡོད་པ་ཡིན་ནོ། །

རིགས་དབྱེ།  

འབུར་གཟུགས།

འབུར་གཟུགས་ཞེས་པ་ནི་རི་མོའི་ངོས་ཀྱི་དངོས་པོ་དེར་གསལ་ཆ་དང་མུན་ཆ་གཉིས་སུ་དབྱེ་ཡོད་པས། དངོས་གཟུགས་ཧྲིལ་བོ་ཚུར་འབུར་དུ་དོད་པའི་ཚོར་སྣང་ཡོད་པ་དེར་གོ། །

རིགས་དབྱེ།  

ཕྱེད་འབུར་གཟུགས།

ཕྱེད་འབུར་གཟུགས་ཞེས་པ་ནི་གཟུགས་རིས་གང་རུང་རྡོ་གཡམ་དང་ཤིང་གི་སྤང་ལེབ་ལྟ་བུའི་ངོས་སྙོམས་སྟེང་དུ་འབུར་གྱི་རྣམ་པ་མངོན་པའི་ཐོག་ནས་བཀོད་པ་ལ་སྣང་ཆ་གཅིག་བསྡུས་ཀྱི་འཆར་སྣང་འགྲོ་ལུགས་གཞིགས་ཏེ་འབུར་མངོན་གྱི་རྣམ་པ་བཏོན་པའི་བཟོ་རྩལ་ཞིག་ལ་ཟེར་རོ། །

རིགས་དབྱེ།  

རྡོ་བརྐོས་སྒྱུ་རྩལ།

བྲག་རྡོ་སོགས་འབུར་དུ་བརྐོས་པའམ་དེའི་སྟེང་དུ་བརྐོས་དཀྲོལ་བཏང་བའི་རི་མོ། ཡང་ན་དེ་དག་རྒྱུ་ཆ་བྱས་ནས་བསྐྲུན་པའི་བརྩམས་ཆོས་ལ་རྡོ་བརྐོས་སྒྱུ་རྩལ་ཞེས་འབོད།

རིགས་དབྱེ།  

ཤིང་བརྐོས་སྒྱུ་རྩལ།

ཤིང་གི་སྟེང་དུ་བརྐོས་པའི་རི་མོ་སྣ་ཚོགས་ལས་གྲུབ་པའི་བརྩམས་ཆོས་དག་ལ་ཤིང་བརྐོས་སྒྱུ་རྩལ་ཟེར་ལ། ཁང་བའི་སྒོ་དང་སྒེའུ་ཁུང་གི་རྒྱན་རིས་སྣ་ཚོགས་དང་། དེའི་ཆ་ལག་ཏུ་གྱུར་བའི་མཆོད་སྒྲོམ་དང་མདུན་ཅོག བཞུགས་ཁྲི། ཕྱེ་མར་འབོག སྤོས་སྒམ་སོགས་ཏེ་བརྐོ་གཞི་གཙོ་བོ་ཤིང་སྦྱར་པ་དང་། མོ་འལ། གསོམ་དཀར། ཤུག་པ། སྟག་པ་སོགས་ལ་གཟུགས་བརྙན་བརྐོས་པ་ལྟ་བུའོ། །

རིགས་དབྱེ།  

གནས་བརྟན་བྲག་རི་མ།

གནས་བརྟན་བྲག་རི་མ་ནི་གནས་བཅུའི་བཀོད་པ་མི་འདྲ་བའི་མིང་ཡིན་ཏེ། གནས་བརྟན་ཆུ་འཇགས་མ་ཟེར་བ་ནི་གནས་བརྟན་དག་ཆུ་ཀླུང་དྲག་པོ་བརྒལ་ནས་རྒྱ་ནག་ཏུ་ཆོས་འཆད་པར་ཕེབས་བཞིན་པའི་རྣམ་པ་ཞིག་རི་མོའི་ལམ་དུ་འགོད་པར་བྱ་བའི་བརྗོད་དོན་དེར་འབོད་ཅིང་། དེ་ཡང་རྣམ་པ་འདི་ནི་ལྡེབས་རིས་དང་ཐང་གའི་ངོས་སུ་རི་མོར་འགོད་པ་ལས་འབུར་སྐུ་རུ་བཞེངས་པ་ཉུང་། ཡང་གནས་བརྟན་བཅུ་དྲུག་གི་སྐུ་བརྙན་བཞེངས་པའི་རྣམ་པ་གལ་ཆེ་ཤོས་ཤིག་ནི་རྒྱུན་དུ་རང་ཅག་གིས་འབོད་པའི་གནས་བརྟན་བྲག་རི་མ་ཟེར་བ་དེ་ཡིན།

རིགས་དབྱེ།