བོད་རུམ་ནི་བོད་མི་དམངས་ཀྱི་འཚོ་བའི་ཁྲོད་སྤྱོད་གོ་ཆེ་ཤོས་ཤིག་ཏུ་གྱུར་ཡོད། བོད་ཀྱི་འཁེལ་འཐག་ལག་རྩལ་གྱི་ལོ་རྒྱུས་ཧ་ཅང་རིང་མོའི་ནང་བོད་རུམ་དང་པང་གདན་ནི་མིང་གྲགས་ཆེ་ཤོས་རེད། བོད་རུམ་གྱི་རྒྱུ་ཆ་ནི་འབྲི་གཡག་གི་རྩིད་པ་དང་། ཁུ་ལུ། བལ་བཅས་ལ་ཚོས་བརྒྱབ་ནས་བཏགས་པ་ཞིག་ཡིན་པས་དྲོད་ཆེ་ལ་བཞའ་ཚན་འགོག་ཐུབ་པ་དང་སྤྱོད་ཤེད་ཆེ་བ་མ་ཟད། རི་མོ་མཛེས་ལ་ཚོས་གཞི་བཀྲག་མདངས་ཆེ་བས་སྤྱོད་གོ་ཆེ་ལ་མཛེས་འཆོས་ཀྱི་རིན་ཐང་ཆེན་པོ་ལྡན་པའི་བཟོ་རྩལ་ཐོན་ཟོག་ཅིག་ཡིན།
འཁལ་འཐག བརྡ་འགྲེལ 1 ཡོད། |