ཞི་ཧན་ཁྲང་ཞིན་ཕོ་བྲང་གི་སྒྲོན་མེ་ནི་ཀྲུང་གོའི་ཧན་རྒྱལ་རབས་སྐབས་ཀྱི་ཟངས་ཆས་ཤིག་ཡིན་ལ། སྤྱི་ལོ1968ལོར་ཧུ་པེ་ཞིང་ཆེན་མན་ཁྲེང་རྫོང་གི་ཀྲུང་ཧྲན་ཅིན་ཝང་གི་ཆུང་མ་ཏོའུ་ཝན་གྱི་བང་སོའི་ཁྲོད་ནས་བྱུང་།
རྟ་འོག་ཁུག་རྟ་ནི་ཀན་སུའུ་ཞིང་ཆེན་གྱི་ཝུའུ་ཝེ(ལང་ཀྲུ)ས་ཁུལ་གྱི་ཧན་རྒྱལ་རབས་ཤར་མའི་བང་སོ་རུ་ཐོན་པའི་ལོ་བཟོས་ལག་ཤེས་བཟོས་རྫས་ཤིག་ཡིན།
འབུར་བཟོ་སྒྱུ་རྩལ་ནི་བརྐོས་རིས་ཀྱི་རིགས་ཤིག་ཡིན་ལ། དེ་བརྐོ་མཁན་གྱིས་ངོས་ལེབ་སྟེང་དུ་བཟོ་འདོད་པའི་རི་མོའི་རྣམ་པ་དེ་འབུར་བརྐོ་བྱས་ཏེ་སྣང་བརྙན་མཚོན་པར་བྱེད་པ་ཞིག་ཡིན། དེ་ངོས་ལེབ་ཀྱི་རྒྱུ་ཆ་ལས་བརྒལ་ནས་འབུར་བཟོ་བྱས་པ་ལ་ཟེར།
ཐང་གི་སུམ་ཚོན་ནི་རྒྱ་རིགས་ཀྱི་གནའ་བོའི་རྫ་མ་བསྲེགས་ནས་བཟོས་པའི་བཟོ་རྩལ་གྱི་གཅེས་ནོར་ཞིག་ཡིན།
ལག་ཤེས་བཟོ་རྩལ་ནི་ལག་པའི་ངལ་རྩོལ་ལ་བརྟེན་ནས་བཟོས་པའི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་ཉམས་འགྱུར་ལྡན་པའི་བཟོ་རྩལ་མཛེས་རྩལ་ཞིག་ཡིན།
སྒྱུ་རྩལ་མཛད་ཆོས་རྩོད་འཚོང་ནི་སྒྱུ་རྩལ་མཛད་ཆོས་དེ་འགྲན་ཉོ་བྱས་ནས། རིན་གོང་མཐོན་པོ་སྟེར་མཁན་དེར་འཚོང་བའི་ཉོ་འཚོང་བྱེད་སྟངས་ཤིག་ཡིན།
དུས་རབས16པར་ཅོ་ནེའི་དགོན་ཆེན་དུ་དཔར་ཁང་བཙུགས་པ་ནས་བཟུང་ནང་བསྟན་གྱི་བསྟན་བཅོས་ཁྲི་མ་འབུམ་བརྐོས་ཤིང་དཔར་ཏེ་སྐབས་དེའི་མདོ་སྨད་ཀྱི་དཔར་བརྐོ་དང་དཔེ་སྐྲུན་ལས་རིགས་ཀྱི་ལྟེ་བ་དང་རིག་གནས་དར་སྤེལ་གྱི་ལྟེ་བ་རུ་གྱུར།
བླ་བྲང་དགོན་པའི་དཔར་ཁང་ནི་སྤྱི་ལོ1761ལོར་ཀུན་མཁྱེན་འཇམ་དབྱངས་བཞད་པ་དཀོན་མཆོག་འཇིགས་མེད་དབང་པོས་བཞེངས་པ་ཡིན། དུས་རབས་བཅོ་བརྒྱད་པའི་དུས་མཇུག་ཏུ་དཔར་ཁང་གི་གཞི་ཁྱོན་ཅུང་ཆེན་པོར་ཆགས་པ་དང་། དཔར་བརྐོ་དང་པར་སྐྲུན་གྱི་ལས་རིགས་ཆ་ཚང་ཡང་ཆགས། འཇམ་དབྱངས་བཞད་པ་སྐུ་ཕྲེང་རིམ་བྱོན་གྱིས་དཔར་བརྐོའི་ལས་ཀ་རྩ་འཛུགས་བྱས་ཏེ། སྤྱི་ལོ1958ལོའི་བར་དུ་དཔར་ཤིང་ཁྲི7ལྷག་ཡོད།
ར་རྒྱ་དགོན་པའི་དཔར་ཁང་ནི་སྤྱི་ལོ1811ལོར་ཤིང་བཟའ་བློ་བཟང་དར་རྒྱས་རྒྱ་མཚོ་ཉིད་ཀྱིས་བཞེངས་པ་ཡིན། བཀའ་བསྟན་སྡེ་དགེའི་དཔར་མ་གཞིར་བཟུང་སྟེ་དགོན་པ་ཕྱི་ནང་གི་ཡིག་གཟུགས་ལ་མཁས་པ75དང། ཞུ་དག་པ10གདན་དྲངས་ཏེ། བཀའ་བསྟན་གསེར་བྲིས་མ་བཞེངས།
ལྷ་སའི་ཞོལ་དཔར་ཁང་གསར་པ་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་བའི་སྐུ་རིང་དུ་ཕོ་བྲང་པོ་ཏ་ལའི་ཞོལ་གྱི་ཤར་ངོས་སུ་བཞེངས་ཤིང་མཚན་ལ་དགའ་ལྡན་ཕུན་ཚོགས་གླིང་གསོལ། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་སྐབས་སུ་དཔར་ཁང་འདིར་ཡང་བསྐྱར་ཞིག་གསོ་བྱས་མྱོང་།
སྐུ་འབུམ་དགོན་པའི་དཔར་ཁང་ནི་ཡེ་ཤེས་ཐུབ་བསྟན་རྒྱ་མཚོ་མཆོག་གིས་སྤྱི་ལོ1827ལོར་བཞེངས། དེའི་རྗེས་སུ་མུ་མཐུད་དུ་རྒྱ་བསྐྱེད་དང་འཕེལ་རྒྱས་སོང་ནས་དཔར་བརྐོ་ཁང་དང་དཔར་ཁང་། དཔར་ཤིང་ཁང་། ཤོག་ཉར་ཁང་། དཔར་ཤིང་བཀྲུ་ས།དཔེ་ཁང་བཅས་ཀྱི་གཞི་ཁྱོན་ཆགས། སྐུ་འབུམ་དགོན་པའི་དཔར་ཤིང་ནི་མཁྲེག་ཅིང་ཞིབ་པའི་ཤིང་སྟག་པར་ལས་སྣོན་བྱས་ཏེ་བྱུང་པ་དང་དཔར་ཤིང་གི་དབྱིབས་ཡུལ་གཞན་དག་དང་འདྲ།
སྡེ་དགེའི་དཔར་ཁང་ནི་སྡེ་དགེ་རྒྱལ་རབས་བཅུ་གཉིས་པ་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་སྤྱི་ལོ1729ལོར་བཞེངས་པ་དང་། སྡེ་དགེ་དགོན་ཆེན་གྱི་ཁོངས་སུ་གཏོགས་པ་དང་བོད་ཀྱི་དཔར་ཁང་ཆེན་མོ་གསུམ་གྱི་གྲས་སུ་གཏོགས།
ཆིང་རབས་ཀྱི་གོང་མ་ཁང་ཞི་ཡི་དུས་སུ་ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་སྐུ་དངོས་ནས་བཀའ་བཀོད་གནང་སྟེ་སྣར་ཐང་དཔར་ཁང་ནས་བཀའ་འགྱུར་གྱི་དཔར་བཞེངས།
བཟོ་རིག་པ་ནི་འབྲེལ་ཡོད་ལག་རྩལ་དང་བཟོ་བཀོད། རོལ་དབྱངས་དང་མཛེས་རྩལ། སྔགས་རྩལ་སོགས་སྒྱུ་རྩལ་གྱི་ནུས་པ་བགྲོད་ཐུབ། དེ་མིན་རིག་གནས་ཆེན་པོ་ལྔའི་ཡ་གྱལ་ཡང་ཡིན།
སྤོས་ནི་རྩི་ཤིང་དྲི་ཞིམ་ཅན་དང་རྫས་དྲི་ཞིམ་ཅན་གྱིས་བཏགས་པའི་ཕྱེ་མའམ་ཕྱེ་མས་བཟོས་པའི་རེང་བུའི་མིང་སྟེ། གནའ་དུས་སུ་གསོམ་ཤུག་གི་ཐང་ཆུ་ས་འོག་གཏིང་ཟབ་སར་སོང་ནས་རིམ་གྱིས་རྡོར་གྱུར་པ་ཡིན་ཞིང་། རྒྱན་ཆ་དང་དྲི་ཞིམ་གྱི་རྫས་བྱེད་ཆོག་ལ་སྨན་ཡང་བྱེད་ཆོག སྤོས་ནི་བོད་མི་རིགས་ཀྱི་འཚོ་བའི་ཁྲོད་དུ་མེད་མི་རུང་དངོས་རྫས་ཤིག་ཏུ་གྱུར་ཡོད་པ་དང་། མཆོད་ཀང་ནང་དང་། གདོན་བགེགས་འགོག་པ། ཁང་བའི་ནང་གི་མཁའ་དབུགས་གཙང་སེལ་བྱེད་པ་སོགས་གང་ཡིན་རུང་སྤོས་ནི་མེད་དུ་མི་རུང་ངོ་།།
སྐུ་འདྲ་ལུགས་འབེབས་པའི་ལི་མ་བྱེད་ན། རྒྱ་གར་གྱི་ལི་བརྫུས་འདྲ་ཅོག་བྱེད་ན། ཟངས་དམར་སྲང་བརྒྱད་ལ་ཏི་ཚ་སྲང་གང་། སྟོད་གཤའ་ཞོ་གང་བྱས་པས་འགྲུབ། ལི་དཀར་ཟངས་འོལ་བྱེད་ན། དེ་སྟེང་དངུལ་ཞོ་གང་། དོ་དང་། ཕྱེད་གསུམ། གསུམ་རྣམས་རིམ་པས་འདྲ་མིན་རེ་རེ་འབྱུང་། ལི་སེར་བྱེད་ན། ལི་སེར་བྱེད་ན། གསེར་སྐར་ལྔ། སྐར་བདུན།ཞོ་གང་། ཏི་ཚ་ཞོ་གསུམ། ལྔ། བདུན། དགུ་རྣམས་བསྣན་པའི་རིམ་པས་འདྲ་མིན་རེ་རེ་འབྱུང་། ལི་དམར་བྱེད་ན། ཟངས་ཞོ་ལྔ། སྲང་གང་། ཞི་བཅོ་ལྔ་བསྣན་པས་ཁྱད་པར་རེ་རེ་འབྱུང་ངོ་།།
ཤོག་བུ་བཟོ་བའི་རྒྱུ་ལ་རབ་འབྲིང་ཐ་གསུམ་ཡོད་པ་ལས་རབ་ནི། ཤོག་ལྡུམ་དུང་ལོ་མ་དེ་ཡིན་ཞིང་། དེ་ཡང་ས་ནག་དང་ཤུག་ཁྲོད་སོགས་རྫ་དང་བྲག་མེད་པའི་སར་སྐྱེས་པ་དེ་བཟང་སྟེ། བྱེ་མ་དང་ས་དམར་གཡམ་པའི་ནང་དུ་སྐྱེས་པ་ནི་རྒྱུ་སྲ་ཞིང་ཚོས་དཀའ་བ་ཁ་དོག་སེར་བ་ཡིན་པས་འབྲིང་བོ་དང་། ཤུན་པ་མཐུག་ཅིང་འབུ་ཡོད་པ་ནི་དམན་པར་བཤད་དོ། །
རི་མོའི་ས་བཅད་འཇོག་པའི་ཤེས་བྱ་དང་ལྡེབས་རིས་ཀྱི་ཤེས་བྱ་སྐོར་ནས་མདོ་ཙམ་ངོ་སྤྲོད་བྱའོ།།
བོད་ཡུལ་དུ་རྡོའི་རིགས་དང་རྡོ་གཏེར་གྱི་འབྱུང་ཁུངས་ཕུན་སུམ་ཚོགས་པ་ཞིག་ཡོད་དེ། རྡོ་ཀ་མ་རུ་དང་། གཡང་ཊི་དང་། ཆུ་ཤེལ་གྱི་རྡོ་དང་། སྐར་རྡོ་དང་། གསེར་དངུལ་ཟངས་ལྕགས་སོགས་བཞུ་ཆོག་པའི་རིན་པོ་ཆེ་རིགས་ཀྱི་གཏེར་རྡོ་དང་། དེང་སེང་གནས་ཁང་བཟོ་སྐྲུན་ལ་སྤྱོད་པ་རྒྱ་ཆེ་བའི་འདྲེད་རྡོ་དཀར་པོ་དང་། ནག་པོ་དང་། ཁྲ་བོ་དང་། དམར་པོ་དང་། རྨ་བྱ་སྒྲོ་མདངས་སུ་གྲགས་པའི་གཞི་ལྗང་གུ་ལ་རི་མོ་དང་ཐིག་ལེ་སྣ་ཚོགས་ཅན། ཡིག་དྲུག་དང་རྒྱལ་བའི་བཀའ་འགྱུར་སོགས་ཀྱི་བརྐོ་གཞི་གསོབ་རྡོའི་རིགས་དང་། རྡོ་གཡོམ་དང་། བརྡར་རྡོའི་རིགས་དང་། རྡོ་དཀར་རྡོ་ནག་སོགས་ཕུན་སུམ་ཚོགས་པ་ཞིག་ཡོད།
བོད་ཀྱི་ཤིང་བཟོའི་ལག་ཆ་ལ། ངར་ལྕགས་ཤིང་གི་རིགས་ལ་ཤིན་ཏུ་རྣོ་བའི་རིགས་ཀྱིས་མགར་ལ་རྣོ་མཉེན་ངར་གསུམ་དང་ལྡན་པ་ནི། གཅོད་བྱེད་ཀྱི་རིགས་སྤྱི་དང་འདྲ་ལ། ཤིང་བཟོའི་ལག་ཆ་འབུར་ལེན། སོག་ལེན། གསེར་ལོ། གསོར་སོགས་སྣ་འཛོམས་པའི་ཐོག གཞོག་གྲི་སེན་གཟུགས་མ། ཤིང་གི་ཡུ་བ་འཛིན་བདེ་ཅན་ཆེ་འབྲིང་ཆུང་གསུམ། གཟོང་ཁ་རྒྱ་ཆེ་ཆུང་ལྔ་དྲུག་ཙམ་སོགས་རྐོ་བྱེད་དང་། གཤོང་བྱེད། གཅོད་བྱེད། འབིག་བྱེད་ཆ་ཚང་ཞིག་མེད་དུ་མི་རུང་བ་ཞིག་ཡིན། ཤིང་བཟོའི་ལག་རྩལ་གཙོ་བོ། ཤིང་ལེབ་དང་། བཞི་ལིངས་བཟོ་བ་དང་། དྲ་བ་དང་། འབུར་ལེན་དང་། གསེང་ལམ་གཤོང་བ། ཕྱག་རྒྱ་སྤྲད་པ་བཅས་ཏེ། ཕལ་ཆེར་བང་ཁང་བཟོ་བའི་ཤེས་བྱ་ལས་ཤེས་པར་བྱའོ། །
དེང་གི་སྣག་ཚ་ལ། ཤེལ་དམ་དུ་བླུགས་པའི་རྒྱུ་སྣག་གི་ཆུའི་རིགས་དང་། སོལ་རྒྱུའི་སྣག་ཆུ་ཞེས་རྒྱུ་སོལ་བ་ལ་ས་བསྒྲུབས་པའི་ཁ་དོག་སྣག་དང་ཉེ་བ་དང་། ཚོན་གྱི་རིགས་ལས་བྱུང་བའི་སྣག་སྐམ་རློན་སྦྱར་མ་སྣ་ཚོགས་པ་དང་། རིན་གོང་ཆུང་ཞིང་ཐུན་མོང་དུ་སྤྱོད་པའི་སྣག་ཚ་གྲུ་བཞི་ནར་མོ་སྒྲོན་ཤིང་གི་འོད་ལ་སོགས་པར་འབོད་པའི་སྣག་གི་རིགས་མང་ཡང་། དེ་ཐམས་ཅད་ནི་ཤིང་དང་ལྡུམ་བུ་གཏེར་རྡོ་སོགས་ལས་བླངས་པ་དང་། སོལ་བ་ལས་བྱས་པ་དང་། ཡང་ན་ཤིང་སྣ་ཚོགས་ཀྱི་པགས་པ་དང་། འབྲི་སྣུམ་དང་ཚིལ་གྱི་སྙིགས་མ། གསོམ་ཤིང་དང་རྡོ་སྣུམ་གྱི་སྙིགས་མའི་དུད་དྲེག་སོགས་ལས་བཟོས་པ་ཡིན་པས་གླེགས་བམ་འབྲི་བར་མི་འོས་ལ། དེང་གི་སྣག་ཚ་ཚད་དང་ལྡན་པ་ནི་ཀྲུང་གོའི་རི་མོ་ཞེས་སྣག་ཆུའི་རི་མོར་སྤྱོད་པའི་མདོག་གནག་སྣུམ་ཅན། དྲི་བཟང་བོ། ཤོག་བསེ་དང་གོས་ཀྱི་ཤུབས་དང་བཅས་པའི་སྟེང་དུ་རི་མོ་དང་གསེར་ཡིག་བཀོད་ལེགས་རིན་ཐང་ཆེ་བ་དེ་ཡིན་ལ། རྒྱུ་བོད་དང་མཚུངས་པའི་རབ་སྣུམ་དྲེག་དང་། འབྲིང་སྒྲོན་ཤིང་གཉིས་ལས་ལྷག་པ་མེད། དེ་ཉོ་བར་འདོད་ན་རྒྱ་ནག་གི་གྲོང་ཁྱེར་ཆེན་པོའི་གྲས་ཀྱི་ཀྲུང་གོའི་རི་མོའི་སྤྱོད་ཆས་ཀྱི་ཚོང་ཁང་དུ་ཉོ་བར་བྱ་ལ། སྤྱིར་བཏང་གི་ཚོང་ཁང་དུ་རྙེད་པ་མ་ཡིན་ནོ། །
དེང་དུས་ཀྱི་ལྕགས་སྨྱུག་སྣ་ཚོགས་དང་། རང་འབབ་ཆུའི་སྨྱུ་གུ་དང་། བོད་ཀྱི་ཡི་གེ་འབྲི་བ་ལའང་སྤྱོད་བདེ་བའི་མི་རིགས་ཀྱི་སྨྱུ་གུ་ལ་སོགས་སྨྱུག་གསར་རྣམ་གྲངས་མང་བོ་ཡོད་པ་ཡིན་ཡང་། བོད་ཀྱི་ཡིག་གཟུགས་ཚད་དང་ལྡན་པ་ཞིག་འབྲི་བར་འདོད་ན་སྨྱུག་མའི་སྨྱུ་གུ་ལས་ལྷག་པ་མེད་དོ། །
བོད་ཀྱི་འབག་བཟོ་བ་ལ་སྲོལ་རྒྱུན་གྱི་འདམ་པ་དང་ལྕི་བས་བཟོ་བཞིན་ཡོད། དེ་མ་ཟད་ད་དུང་ཅུ་གང་དང་ལྕགས་རིགས་ཀྱིས་ཀྱང་བཟོ་བཞིན་ཡོད། སྲོལ་རྒྱུན་གྱི་འདམ་བཟོས་འབག་ལ་སྲུབས་ཀ་གས་ཀྱི་མེད། འདམ་པས་བཟོས་པའི་འབག་གི་ལུགས་དང་བསྡུར་ན་ཅུ་གང་གིས་བཟོས་པའི་འབག་ནི་བཟོ་བའི་དུས་ཡུན་ཉིན་ལྔ་ནས་བདུན་གྱིས་ཇེ་ཐུང་དུ་འགྲོ་ཐུབ།
ང་ཚོས་བོད་ཀྱི་ས་ཕྱོགས་གང་འདྲ་ཞིག་ཏུ་སོང་རུང་རིང་ཐུང་སྣ་ཚོགས་དང་བཟོ་རྩལ་འདྲ་མིན། མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པ་བཅས་ཀྱི་གྲི་བེད་སྤྱོད་རྒྱ་ཆེར་བྱེད་པ་མཐོང་རྒྱུ་ཡོད། དེ་ནི་ལོ་ངོ་སྟོང་ཕྲག་རིང་ས་མཐོའི་མི་རྣམས་ཀྱི་ཐོན་སྐྱེད་འཚོ་བའི་ཁྲོད་ནས་ཐོན་པའི་གྲིའི་རིག་གནས་ཀྱི་ཁྱབ་ཚུལ་ཞིག་ཡིན་ལ། གྲི་ནི་དང་ཐོག་གདོད་མའི་མི་ཚོས་དབྱུག་པ་སོགས་ཀྱིས་ལག་ཆ་བྱེད་པའི་བློ་ཐབས་རྙེད་པ་དང་རྣོ་འདོན་སྟངས་ཤེས་རྗེས་རིམ་བཞིན་རྡོའི་གྲི་དང་། རུས་པའི་གྲི། ལྕགས་ཀྱི་གྲི་བཅས་གསར་གཏོད་བྱས་པ་རེད།
གྲུའི་ནང་ཆུ་ལུད་ན་གྲུ་ཆུང་བྱིང་ཉེན་ཆེ་བས་ཤིན་ཏུ་གཟབ་དགོས་ལ། གཟིངས་ནི་དེ་ལས་ལྡོག་སྟེ། དབྱིབས་ལེབ་མོ་བར་གསེང་ཅན་ཏེ། ཤིང་སྡོང་བཅིངས་མཚམས་ཀྱི་བར་གསེང་ནས་སྟེང་དུ་ཆུ་བཞུར་ཀྱང་རང་སར་མར་འགྲོ་བའི་ཉེན་ཁ་མེད་ལ། མི་འགའ་ཞིག་ལས་མི་ཤོང་ཞིང་འགྲུལ་པ་ཀུན་ལངས་ནས་འགྲོ་དགོས་པ་ཞིག་གོ །
ཕྱིང་བ་འཇོག་བྱེད་ལ་རྒྱུ་དང་། གྲ་སྒྲིག རྒྱ་གྲངས། འཇོག་སའི་ས་ཆ། ཆེ་ཆུང་གི་ཚད། སྲབ་མཐུག གཟུགས་དབྱིབས། བརླིང་ལུགས། སྤྱོད་སྒོ་སོགས་བཤད་པ་དང་དགུ་ཡོད།
མགར་གྱི་ལག་ཆ་ལ། རྡུང་མགར་དང་ལུགས་མགར་གྱི་ལག་ཆ་གཉིས་ལས། ཐོ་བ་དང་། སྐམ་པ། ཁོལ་མོ། མས་གཞི། མས་རྡོ(མས་ཐོ)ལྕགས་ངར། མགོ་བསྐོན། གཅོད་གཟོང་། འབིགས་གཟོང་། དྲས་གཟོང་། བརྐོས་གཟོང་། མགར་འབུག མགར་གསོར། སག་བརྡར། འཇུར་མིག །ཐོ་སྤར། སྒྲིལ་སྤར། སྤར་གཟོང་། ཚ་འཁེམ། ཚ་སྤུར།ལིང་ཕོར་སོགས་ཡིན་ཞིང་། དེ་ཚོའི་ནང་གི་ཉུང་ཤས་ཕུད།དེ་མིན་རྣམས་རེ་རེ་ལའང་ཆེ་ཆུང་དང་། ལྗིད་ཡང་། བཟོ་ཁྱད་བཅས་ཀྱི་དབྱེ་བས་མི་འདྲ་བ་མང་དུ་དགོས།
བོད་སྤོས་བཟོ་བར་བཟོ་བྱེད་ཀྱི་ལག་ཆས་དང་སྤོས་ཀྱི་རྫས། བཟོ་ཐབས་བཅས་གསུམ་ལས། ལག་ཆས་སྤོས་རྫས་རྡུང་བྱེད་ཀྱི་འཇའ་ཤིང་བཙིར་དབྱུག་ཆ་འགྲིག སྤོས་ཐུར་སྐམ་སྣོད་ཀྱི་ཤིང་ཁྲི་རྩེག་རིམ་ཅན་དང་ཤིང་ལེབ། སྤོས་ཐུར་འདྲ་བྱེད་ཀྱི་ལེབ་གྲི་དང་རིང་ཐུང་མི་ཤོར་བའི་ཚད་ཤིང་བཅས་སོ། །
བོད་ཀྱི་རྡུང་མགར་དང་ལུགས་མགར་གྱི་རྒྱུ་ལ་གསེར་དངུལ་ཟངས་ལྕགས་སོགས་བཞུ་བཏུལ་བྱས་ཏེ་རྡུང་བའམ་མ་དཔེ་ལྟར་ལུགས་དཔར་རྒྱག་པ་ལ་གོ རྒྱུ་ཆ་དེ་དག་རེ་རེར་བསྲེག་བཅད་བརྡར་གསུམ་བྱས་ནས་རབ་འབྲིང་གི་རིགས་དགར་ཐབས་དང་། རྒྱུ་སྤུས་བརྟག་ཐབས་དང་། བསྲེས་སྦྱོར་བྱ་ཐབས་དང་ལྷད་འདོན་བྱ་ཐབས་སོགས་ཡོད་པ་ཡིན།
སོལ་བ་ནི་ཤིང་སྡོང་སོགས་མེ་ལ་བསྲེགས་པའི་ཚིག་རོ་ནག་པོ་དེར་ཟེར། མི་ཚང་མས་ཤེས་ལ་ཤིང་ལ་མེ་སྦར་བ་ནི་ཧ་ཅང་གི་ལས་སླ་ཤོས་དང་སྟབས་བདེ་ཤོས་ཡིན་པས་དེར་མི་ཤེས་པ་གང་ཡང་མེད་པ་ལྟ་བུར་སྙམ་ལས་ཆེ། འོན་ཀྱང་ལག་ལེན་དངོས་ཀྱི་ཐོག་ནས་ཉམས་མྱོང་ཡོད་མེད་དང་ལག་རྩལ་མཁས་མིན་བར་ཧེ་བག་ཧ་ཅང་ཆེ་སྟེ། ཤིང་གི་སྤུས་ཚད་དང་མང་ཉུང་སོགས་རྒྱུ་ཆ་གཅིག་མཚུངས་ཡིན་པའི་ཆ་རྐྱེན་འོག བསྲེག་སྟངས་མཁན་མིན་གྱི་ཁྱད་པར་ལས་སོལ་བའི་སྤུས་ཚད་མི་འདྲ།
གཞན་དག བརྡ་འགྲེལ 116 ཡོད། |