ཡོངས་འཛིན་རིག་མཛོད། >སྒྱུ་རྩལ། >བཟོ་རྩལ། >རྫ་ཆས།

དཀར་ཡོལ།

དཀར་ཡོལ་ནི་དཀར་རྩིའམ་ས་དཀར་རྒྱུ་ཆ་བྱས་ཏེ་རྫས་སྦྱོར་བ་དང་། སོན་བཟོ་བ། སྐེམ་པ། སྲེག་པ་སོགས་ཀྱི་བཟོ་ཐབས་ལས་རིམ་བརྒྱུད་དེ་བཟོས་པའི་ཉེར་སྤྱད་ལ་ཟེར་བ་དང་། དེ་ལ་རྒྱུ་གཞི་ཞིབ་ཅིང་སྲ་བ་དང་། ཕྱོ་ངོས་བཀྲག་མདངས་ལྡན་པ། ཆུ་སིམ་པའི་ཤས་ཆུང་བའམ་ཆུ་མི་སིམ་པ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད།

རིགས་དབྱེ།  

ཚོན་རྫ།

ཚོན་རྫ་ཞེས་པ་ནི་ཚོན་མདོག་ཅན་གྱི་རྫ་ཆས་ལ་ཟེར།དེ་ནི་མཚལ་དམར་དང་དབྱང་འགྱུར་མེང་ཚོན་རྫས་བྱས་ཏེ། སྨྱུ་གུས་རྫ་སོན་སྟེང་དུ་རི་མོ་འགོད་པ་དང་། དེ་ནས་དྲོད་ཚད900-1050°cཅན་གྱི་ཚ་ཐབ་ནང་དུ་བསྲེགས་པས་ཚོས་གཞི་ཁམ་པའི་ངོས་སུ་ཚོན་མདོག་སྣ་ལྔའི་རི་མོ་ཤར་ནས་བྱུང་བ་དེ་རེད།

རིགས་དབྱེ།  

རྫ་བཟོ།

བོད་ཀྱི་རྫ་བཟོའི་ལག་ཤེས་ལ་ལོ་ངོ5000གི་ལོ་རྒྱུས་ལྡན་ཡོད་པ་དང་མི་རྣམས་ཀྱིས་ལྕུག་ཕྲན་བསླས་ཏེ་གཟུགས་དབྱིབས་བཟོས་ནས་དེའི་ཐོག་འདམ་བག་བྱུགས་ནས་མེར་སོ་གཏོང་བའམ་ཡང་ན་འདམ་བག་བརྫིས་ནས་རང་ཉིད་ཀྱིས་བསམ་པའི་ཆུ་ཚད་དང་མཐུན་པའི་གཟུགས་དབྱིབས་སྣ་ཚོགས་བཟོས་ཏེ་སོ་གཏོང་གི་ཡོད། དེ་ལྟར་རྫ་ཆས་རེ་རེ་བཞིན་གྲུབ་ནས་མིའི་རིགས་ཀྱི་འཚོ་གནས་ཁོར་ཡུག་ལ་འགྱུར་ལྡོག་བྱུང་ཡོད།

རིགས་དབྱེ།  

བོད་ཀྱི་རྫ་བཟོའི་སྒྱུ་རྩལ།

བོད་ཀྱི་རྫ་ཆས་སྒྱུ་རྩལ་ནི་ལོ་རྒྱུས་རིང་ལ་རྣམ་གྲངས་དང་བཟོ་དབྱིབས་ཕུན་ཚོགས་ཤིང་། དེ་ནི་བོད་ཀྱི་དུས་རབས་སོ་སོའི་རིག་གནས་ལག་རྩལ་གྱི་སྙིང་བཅུད་ཡིན།

རིགས་དབྱེ།  

བོད་ཀྱི་དཀར་ཡོལ་དང་འབྲེལ་བའི་ཤེས་བྱ་ངོ་སྤྲོད།

དཀར་ཡོལ་ནི་དཀར་རྩིའམ་ས་དཀར་མ་བཅོས་རྒྱུ་ཆ་བྱས་ཏེ་རྒྱུ་ཆ་འབྲེལ་སྦྱོར་དང༌། བཟོ་ལྟ་ཐོན་སྐབས་སྐམ་པོར་མེ་ལ་སྲེག་པ་སོགས་ཀྱི་བཟོ་ཐབས་ལས་རིམ་བརྒྱུད་དེ་བཟོས་པའི་སྣོད་སྤྱད་ལ་གོ་ཞིང་། དེ་ལ་རྒྱུ་གཞི་ཞིབ་ཅིང་སྲ་བ་དང་། བཀྲག་མདངས་ལྡན་པ། ཆུ་སིམ་པའི་ཤས་ཆུང་བའམ་ཆུ་མི་སིམ་པ་བཅས་ཀྱི་ཁྱད་ཆོས་ལྡན། སྤྱིར་བོད་ཀྱི་དཀར་ཡོལ་ནི་ལོ་རྒྱུས་རིང་ལ་སྣ་ཁ་དང་བཟོ་དབྱིབས་ཕུན་སུམ་ཚོགས་ཤིང་། ཁ་ཞེང་ཆེ་ཆུང་དང་ས་གནས་ཁག་གི་མིང་འདོགས་ཚུལ་ཡང་མི་འདྲ་བས། དེ་ནི་བོད་ཀྱི་དུས་རབས་སོ་སོའི་རིག་གནས་ལག་རྩལ་གྱི་ཉིང་བཅུད་ཡིན་མོད། འོན་ཀྱང་དུས་ད་ལྟ་དཀར་ཡོལ་གྱི་ལག་རྩལ་ཆ་ཚང་རྒྱུད་འཛིན་ཐུབ་མཁན་ཧ་ཅང་དཀོན་པས། ས་གནས་མང་པོ་རུ་དེའི་བཟོ་རྩལ་ཕལ་ཆེར་ཉམས་ཟིན་པ་རེད།

རིགས་དབྱེ།  

རྫ་བཟོ་ལག་རྩལ།

དམིགས་གསལ་གྱི་རྫ་ས་ལས་བཟོས་པའི་འཚོ་བའི་མཁོ་ཆས་རིགས་དྲོད་ཚད་ངེས་གཏན་གྱི་སོ་བཏང་སྟེ་མཁྲེགས་པོ་ཡོང་བ་བྱེད་པའི་བཟོ་རྩལ་ཞིག་ཡིན་ལ། སྤྱིར་ང་ཚོའི་འཚོ་བའི་ཁྲོད་བེད་སྤྱོད་ཆེ་བའི་ཆང་སྣོད་སྣ་ཚོགས་དང་ཇ་སྣོད་ཁོག་ལྡིར། དེ་བཞིན་ཁོག་མ་ལྟ་བུའི་སྣོད་ཆས་སྣ་ཚོགས་བཟོ་བའི་ལག་རྩལ་ཞིག་ལ་ཟེར།

རིགས་དབྱེ།