རྡོ་བརྐོས་སྒྱུ་རྩལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྡོ་བརྐོས་སྒྱུ་རྩལ།
བྲག་རྡོ་སོགས་འབུར་དུ་བརྐོས་པའམ་དེའི་སྟེང་དུ་བརྐོས་དཀྲོལ་བཏང་བའི་རི་མོ། ཡང་ན་དེ་དག་རྒྱུ་ཆ་བྱས་ནས་བསྐྲུན་པའི་བརྩམས་ཆོས་ལ་རྡོ་བརྐོས་སྒྱུ་རྩལ་ཞེས་འབོད།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
སྒྱུ་རྩལ།
1 ​ངོ་སྤྲོད་མདོར་བསྡུས། 

བྲག་རྡོ་སོགས་འབུར་དུ་བརྐོས་པའམ་དེའི་སྟེང་དུ་བརྐོས་དཀྲོལ་བཏང་བའི་རི་མོ། ཡང་ན་དེ་དག་རྒྱུ་ཆ་བྱས་ནས་བསྐྲུན་པའི་བརྩམས་ཆོས་ལ་རྡོ་བརྐོས་སྒྱུ་རྩལ་ཞེས་འབོད། བོད་ཀྱི་རྡོ་བརྐོས་སྒྱུ་རྩལ་ལ་ལོ་རྒྱུས་ཧ་ཅང་རིང་པོ་ཡོད་དེ། གདོད་མའི་དུས་སུ་བྲག་བརྐོས་རི་མོ་བྱུང་བ་དང་བཙན་པོ་རྣམས་ཀྱི་སྐུ་རིང་ལ་རྡོ་རིང་གི་ཡི་གེ་བྱུང་ཞིང་། རྗེས་སུ་རྡོ་བརྐོས་སྒྱུ་རྩལ་གྱི་གཟུགས་རིས་སྣ་ཚོགས་བྱུང་སྟེ། ལྷ་སའི་ལྕགས་པོ་རི་དང་འབྲས་སྤུངས། སེ་ར། དགའ་ལྡན་རྣམས་དང་། མངའ་རིས་ཀྱི་གུ་གེ་རྒྱལ་བོའི་ཕོ་བྲང་། ལྷོ་ཁའི་བསམ་ཡས་དགོན་པ། ཆབ་མདོའི་ལྡན་མ་བྲག་ལྷུན་གྲུབ་སོགས་དང་། བར་ཁམས་ཀྱི་སེར་ཤུལ་དང་མགོ་ལོག་སོགས་སུ་ས་ཁྱབ་རྡོ་ཁྱབ་ཏུ་སོང་ཡོད། རྡོ་བརྐོས་ཀྱི་གསུང་རབ་དང་སྐུ་བརྙན་ལས་གཞན་ཡང་བྲག་བརྐོས་རི་མོ་དང་། རྡོ་མཁར། རྡོ་བརྩིགས་ཀྱི་ཐོག་ཁང་དང་སྡོད་ཁང་སོགས་རྡོའི་རིག་གནས་ངོ་མཚར་ཞིང་ཕུན་སུམ་ཚོགས་པ་དེས་མདོ་དབུས་མཐོ་སྒང་གི་རིག་གནས་སྣང་ཚུལ་ཁྱད་པར་བ་ཞིག་གྲུབ་ཡོད་པ་དང་། དེ་ནི་མི་རིགས་འདིའི་རིག་གནས་ཀྱི་མཚོན་ཐབས་ཐུན་མོང་མ་ཡིན་པ་ཞིག་ཡིན་ལ། རྒྱུན་མ་ཉམས་པར་ད་ལྟའི་བར་དར་རྒྱས་བྱུང་སྟེ། བོད་མིའི་འཚོ་བ་དང་སྤྱི་ཚོགས་ཀྱི་ཆ་ཤས་ཤིག་ཏུ་གྱུར་ཡོད་པ་མ་ཟད། སློབ་གསོ་དང་མཛེས་དཔྱོད་ཀྱི་ནུས་པ་མི་དམན་པ་ཞིག་ལྡན་ནོ། ། 

བརྡ་འགྲེལ་གདོང་འཛར།

རྡོ་བརྐོས། སློབ་གསོ། འབྲས་སྤུངས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-12-12

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།